བསོད་ནམས་བསྟན་འཛིན།
2018-02-01 07:55来源:བོད་ཀྱི་ཡིག་གཟུགས་དྲ་བ།作者:བསོད་ནམས་བསྟན་འཛིན།འདི་གའི་རྩོམ་སྒྲིག་པ།浏览数:1078 
文章附图

བསོད་ནམས་བསྟན་འཛིན།

བསོད་ནམས་བསྟན་འཛིན་ནམ་ཤག་ལྷོ་བ་ནི་བོད་ལྗོངས་ལྷོ་ཁ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་དགེ་རྒན་ཡིན་ལ། ཁོ་རང་ཆུང་དུས་ནས་ཡིག་གཟུགས་ལ་དགའ་ཞིང་ཡིག་གཟུགས་འབྲི་སྦྱོང་གི་ལས་མཚམས་བཞག་མ་མྱོང།

ད་ཆ་ཁོང་ནི་བོད་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི་དང་ལྷོ་ཁ་གྲོང་ཁྱེར་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི།༼འགན་འཁུར་བ་༽བོད་ལྗོངས་དམངས་ཁྲོད་རིག་རྩལ་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི།ཀྲུང་གོའི་དམངས་ཁྲོད་རིག་རྩལ་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན།

 ༢༠༡༥ལོ་ནས་བཟུང་སྔ་ཕྱིར་ལྗོངས་ཡོངས་ཀྱི་ལས་བཟོའི་ཡིག་གཟུགས་འགྲན་བསྡུར་ཆེན་མོར་བྱ་དགའ་ཨང་གསུམ་པ་ཐོབ་པ་དང་། ༢༠༡༦ལོར་ལྗོངས་ཡོངས་ཀྱི་ཐོན་མིའི་ཕྱག་རྒྱུན་ཡིག་གཟུགས་འགྲན་བསྡུར་ཆེན་མོར་བྱ་དགའ་རིམ་པ་དང་པོ་ཐོབ།  གཞན་ད་དུང་༢༠༡༥ལོར་ཀྲུང་གོའི་ཕུགས་འདུན་གྱི་སྔོན་ཐོན་བརྩམས་བྱར་འདེམས་ཐོན་བྱུང་ཞིང་། ༢༠༡༦ལོར་བོད་ཡིག་ཡིག་གཟུགས་ལ་སྐབས་དང་པོའི་ཡར་ཀླུང་རྩོམ་རིག་གི་བྱ་ཐོབ་པ། ༢༠༡༧ལོར་ཡར་ཀླུང་རིག་གནས་དུས་ཆེན་ཧུའུ་ནན་དུ་བསྐྱོད་པ་ཅེས་པར་ཡིག་གཟུགས་བརྩམས་བྱ་འདེམས་ཐོན་བྱུང་བ་དང་ཆབས་ཅིག་ལས་ཡུལ་དངོས་ལ་བཞུགས། ༢༠༡༧ལོར་ལྷོ་ཁའི་དེང་རབས་ཀྱི་བོད་ཡིག་ཡིག་གཟུགས་ལེགས་བཏུས་ཅེས་པའི་ཐོག་ཡིག་གཟུགས་བརྩམས་བྱ་འདོན་གནང་ཡོད་པ་བཅས་སོ།



















































会员登录
登录
我的资料
留言
回到顶部