གསར་འགྱུར། 新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་མ་ཕྱི། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

ཡིག་གཟུགས་གོས་གདན་འགྲེམ་སྤེལ་གནང་སྦྱིན་གྱི་མཛད་སྒོ།

2018-01-29 14:49来源:བོད་ཀྱི་ཡིག་གཟུགས་དྲ་བ།作者:འདི་ག་རྩོམ་སྒྲིག་པས།浏览数:493 

ཡིག་གཟུགས་གོས་གདན་འགྲེམ་སྤེལ་གནང་སྦྱིན་གྱི་མཛད་སྒོ།



     དྲ་ཚིགས་གསར་འགོད་པས་གནས་ཚུལ་བཀོད་པ་ལྟར་ན་༢༠༡༨ལོའི་ཟླ༡ཚེས་༥ཉིན་གྱི་སྔ་དྲོ་དགེ་རྒན་གནམ་ཐར་འབུམ་གྱིས་ཇུས་འགོད་དང་གསར་བཟོ་བྱས་པའི་བོད་ཡིག་ཡིག་གཟུགས་གོས་གདན་ལེགས་འགྲུབ་དང་འགྲེམ་སྤེལ་གནང་སྦྱིན་གྱི་མཛད་སྒོ་དེ་ཞིན་ཧེ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གི་ཏང་ཡོན་བྱ་འགུལ་ཁང་དུ་སྤེལ

     སློབ་གྲྭའི་སློབ་སྟོན་ཁང་གི་ཀྲུའུ་རིན་ཧྥན་ཧྲང་ཅོན་དང་བོད་ཡིག་ཁྲིད་དཔྱོད་ཁང་གི་འགོ་གཙོ་རྟ་མགྲིན་རྒྱལ་སོགས་བོད་ཡིག་དགེ་རྒན་བཞི་བཅུ་ལྷག་ཞུགས་ནས་དགེ་རྒན་ཁོང་ལ་བཀྲ་ཤིས་རྟེན་འབྲེལ་ཞུས་པ་དང་། ཚོགས་ཐོག་ཏུ་དགེ་རྒན་རྣམ་ཐར་འབུམ་གྱིས་རང་ཉིད་ཀྱིས་གསར་བཟོ་གནང་བའི་བོད་ཡིག་ཡིག་གཟུགས་གོས་གདན་འདི་འདྲ་ཞིག་གསར་བཟོ་གནང་བའི་དམིགས་འདུན་དང་དེའི་ཁྱད་ཆོས་སོགས་ངོ་སྤྲོད་བྱས་པ་དང་། མ་འོངས་བོད་ཀྱི་ཡིག་གཟུགས་རིག་གནས་འཕེལ་རྒྱས་སོགས་ཀྱི་ཆ་ནས་གཏམ་བཤད་གལ་ཆེན་གནང་། གཞན་ཚོགས་ཞུགས་བོད་ཡིག་དགེ་རྒན་རྣམས་ཀྱིས་བོད་ཀྱི་ཡིག་གཟུགས་འབྲི་སྦྱོང་ཡོ་བྱད་དམ་བོད་ཀྱི་ཡིག་མཁས་གཅེས་ནོར་གསར་བ་འདིའི་དགེ་མཚན་དང་ཕན་ཡོན། བེད་སྤྱོད་ཀྱི་རིན་ཐང་སོགས་ཀྱི་ཐད་ལ་ཚང་མས་ལྷན་གཅིག་ཏུ་བསམ་ཚུལ་བརྗེ་རེས་གནང་པ་དང་བཅས་བཀྲ་ཤིས་པའི་རྟེན་འབྲེལ་དང་བཅས་བྱ་འགུལ་མཇུག་བསྡུས་སོ།།



དགེ་རྒན་གནམ་ཐར་འབུམ་གྱིས་ཡིག་གཟུགས་གོས་གདན་ངོ་སྤྲོད་གནང་བཞིན་པ།



བོད་ཡིག་ཁྲིད་དཔྱོད་ཁང་གི་འགོ་གཙོ་རྟ་མགྲིན་རྒྱལ་གསུང་བཤད་གནང་བཞིན་པ།



སློབ་སྟོན་ཁང་གི་འགོ་གཙོ་རྒན་ཧྥན་ཧྲང་ཅོན་གྱིས་གསུང་བཤད་གནང་བཞིན་པ།



ཡིག་གཟུགས་གོས་གདན་གསར་བཟོ་གནང་མཁན་རྒན་རྣམ་ཐར་འབུམ་ལ་ཁ་བཏགས་འབུལ་བཞིན་པ།






会员登录
登录
我的资料
留言
回到顶部