ཐོག་མའི་ཕྱག་འཇུ།
ཀན་ལྷོའི་ཡིག་མཁན་མཐུན་ཚོགས་དང་རྔ་གཡང་ཕྱུག་མོའི་བར་གྱི་ལས་འབྲེལ་ཤིས་བཟང་མའི་བརྗེད་ཐོ།
དེའང་། ལེགས་ཚོགས་ཐམས་ཅད་རྣམ་པར་གྲོལ་ཞིང་དགེ་དཔལ་ཐ་དག་ལྷུག་པར་བཞེད་པའི་ཕུན་ཚོགས་ཤིས་བཟང་གི་ཉིན་མོ་སྟེ། རབ་གནས་མེ་མོ་བྱ་ལོའི་རྒྱལ་ཟླ་དཀར་ཕྱོགས་སྟོང་པ་དང་པོའི་ཉིན། ངེད་ཀན་ལྷོའི་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མི་རེ་འགའ་མདོ་སྨད་གཙོས་གྲོང་ནས་ལམ་ལ་ཆས་ཏེ་རྔ་གཡང་ཕྱུག་མོར་ཐོག་མའི་ལག་འཇུ་ལ་ཆས་པ།
ལམ་ལ་ཆས་མ་ཐག་བསྒྲོན་པའི་མཉམ་པར།
ལམ་བར་ནས། བརྩེ་བའི་བདག་ཉིད་ཡིག་མཁན་དམ་པ་རྒན་པད་དཀར་འབངས་སམ་ལྕགས་མོ་ཕུན་ཚོགས་ཐུབ་ཆེན་ལགས་ཀྱི་མཐུན་རྐྱེན་འོག་རྔ་ཡུལ་སྒོ་མང་དགོན་པའི་ཕོ་བྲང་ཡིད་དགའ་ཆོས་འཛིན་གཙོ་བྱས་པའི་སྐུ་གསུང་ཐུགས་རྟེན་མང་པོར་མཆོད་མཇལ་ཡིད་ཚིམ་པ་བྱས་ཤིང་། ཁོང་གི་གཟིམ་ཕྱག་རིག་པའི་དགའ་ཚལ་ནས་རྒན་ཆོས་འཁོར་བསྟན་འཛིན་ལགས་ཀྱི་གསེར་བྲིས་ཡིག་གཟུགས་བརྩམས་ཆོས་དང་ཁོང་གི་ཕྱག་བྲིས་ལེགས་སྐྱེས་སོགས་ཕན་ཚུན་ལ་ཕུལ་ཞིང་བོད་ཀྱི་ཡིག་གཟུགས་སྐོར་ལ་བགྲོ་གླེང་གང་མང་བྱས།
རྔ་ཡུལ་སྒོ་མང་དགོན་པའི་བཀོད་པ།
རྒན་པད་དཀར་འབངས་པའི་བཀའ་དྲིན་འོག་ཕོ་བྲང་ཡིད་དགའ་ཆོས་འཛིན་ལ་མཇལ་བའི་མཉམ་པར།
ཀན་ལྷོའི་བྲིས་པའི་སྐུ་ཚབ་རྒན་ཆོས་འཁོར་བསྟན་འཛིན་ལགས་ནས་རྒན་པད་དཀར་འབངས་ལགས་ལ་ལེགས་སྐྱེས་འབུལ་བ།
རྒན་པད་དཀར་འབངས་ལགས་ཀྱིས་ཀན་ལྷོའི་བྲིས་པ་རྣམས་ལ་བཀྲ་ཤིས་བདེ་ལེགས་ཀྱི་སྨོན་འདུན་མཚོན་པའི་ལེགས་སྐྱེས་འབུལ་བཞིན་པ།
རྒན་པད་དཀར་འབངས་ལགས་ཀྱིས་རྔ་ཡུལ་སྒོ་མང་དགོན་པའི་རིག་གནས་སློབ་གྲྭའི་གནས་ཚུལ་མཚམས་སྦྱོར་གནང་བཞིན་པ།
རྔ་ཡུལ་ཀིརྟི་དགོན་པའི་མཇལ་སྐོར་མཉམ་པར།
ཉིན་གཉིས་པ་སྟེ། ཟླ་འདིའི་རྫོགས་པ་དང་པོའི་ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་ཡས་མས་ལ་ས་གནས་དེ་ག་མ་ཟད་བོད་ཁམས་སྤྱིའི་ཆ་ལ་ཕན་དགེའི་སྦྱོར་བ་སྣ་ཚོགས་ཚོགས་ཤིག་སྐྲུན་དང་བསྐྲུན་མུས་སུ་མཆིས་པའི་བོད་བཙན་རིག་གནས་ཐོན་ལས་ཚད་ཡོད་སྤྱི་གཉེར་ཁང་ལ་ལྟ་སྐོར་དུ་སོང་ནས་ཁོང་ཚོའི་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི་དང་ལྷན་དུ་བྲིས་མཆོད་ཀྱི་མཛད་སྒོའང་རྒྱ་ཆེར་སྤེལ།
རྒན་པད་དཀར་འབངས་ལགས་ཀྱིས་རྔ་ཡུལ་བྲིས་པའི་ཚབ་བྱས་ནས་ཀན་ལྷོའི་བྲིས་པར་དགའ་བསུ་ཞུ་བྱེད་དུ་བྲིས་ཀྱི་མཆོད་པ་འབུལ་བཞིན་པ།
རྒན་པད་དཀར་འབངས་པའི་ཕྱག་བྲིས་ཡུལ་དངོས་ཀྱི་ཕྱག་བསྟར་མ་དང་མཉམ་དུ་བསྒྲོན་པའི་མཉམ་པར།
ཀན་ལྷོའི་བྲིས་པའི་སྐུ་ཚབ་པས་རྔ་ཡུལ་བོད་བཙན་རིག་གནས་སྤྱི་གཉེར་ཁང་ལ་ལེགས་སྐྱེས་འབུལ་བཞིན་པ།
ཡུལ་ཕྱོགས་གཉིས་ཀའི་བྲིས་པ་ཚོས་ཡུན་རིང་གི་མཛའ་འབྲེལ་ཟམ་པ་འཛུགས་བཞིན་པ།
ཆོས་འཁོར་བསྟན་འཛིན་ལགས་ཀྱིས་ཡིག་བྲིས་ཀྱི་མཆོད་པ་འབུལ་བཞིན་པ།
ས་སྒང་འཇམ་དབྱངས་ལགས་ཀྱིས་ཡིག་བྲིས་ཀྱི་མཆོད་པ་འབུལ་བཞིན་པ།
དགེ་ལེགས་རྒྱ་མཚོ་ལགས་ཀྱིས་ཡིག་བྲིས་ཀྱི་མཆོད་པ་འབུལ་བཞིན་པ།
བློན་ཚང་བསྟན་ཁོ་ལགས་ཀྱིས་ཡིག་བྲིས་ཀྱི་མཆོད་པ་འབུལ་བཞིན་པ།
རྒན་བསོད་ནམས་ཚེ་རིང་ལགས་ཀྱིས་ཡིག་བྲིས་ཀྱི་མཆོད་པ་འབུལ་བཞིན་པ།
རྒན་རྟ་མགྲིན་མགོན་པོ་ལགས་ཀྱིས་ཡིག་བྲིས་ཀྱི་མཆོད་པ་འབུལ་བཞིན་པ།
སྐལ་བཟང་ཚེ་བརྟན་ལགས་ཀྱིས་ཡིག་བྲིས་ཀྱི་མཆོད་པ་འབུལ་བཞིན་པ།
མགོན་པོ་སྐྱབས་ལགས་ཀྱིས་ཡིག་བྲིས་ཀྱི་མཆོད་པ་འབུལ་བཞིན་པ།
སྐལ་བཟང་དོན་འགྲུབ་ལགས་ཀྱིས་ཡིག་བྲིས་ཀྱི་མཆོད་པ་འབུལ་བཞིན་པ།
འཇམ་དཔལ་ཚེ་ལོས་ཡིག་བྲིས་ཀྱི་མཆོད་པ་འབུལ་བཞིན་པ།
རྒན་པད་དཀར་འབངས་ལགས་དང་མཉམ་དུ་ཡིག་གཟུགས་ཀྱི་བྲིས་རྒྱུན་སྐོར་ལ་བསམ་བློ་བརྗེས་རེས་གནང་བཞིན་པ།
རྔ་གཡང་ཕྱུག་མོའི་བྲིས་གྲོགས་རྣམ་པས་ངེད་མཐུན་ཚོགས་ཀྱིས་བཟོས་པའི་ས་ཁྱི་ལོའི་ལི་ཐོ་ལ་གཟིགས་བཞིན་པ།
མཇུག་མཐར། སྤྱི་གཉེར་ཁང་གང་དེས་ཕྱོགས་འདུས་ཀྱི་ཡིག་བྲིས་པ་ཚོར་གུང་ཚིགས་གྱ་ནོམ་པ་བཤམས་ཏེ་ཡིད་མཐུན་གྱི་ཞལ་མོལ་གང་མང་མང་གནང་བཞིན་ཀུན་ཀྱང་དགའ་བའི་དཔལ་གྱིས་མྱོས་ཏེ་ཕན་ཚུན་གྱི་སེམས་པ་དྲོད་དུ་འཁྱིལ་བའི་དགའ་བདེ་ཕུན་ཚོགས་ཀྱི་ཉིན་གཉིས། དགེའོ། །
ཕྱོགས་ཡོང་གི་བྲིས་པ་རྣམ་པས་བོད་བཙན་རིག་གནས་ཐོན་ལས་ཚད་ཡོད་སྤྱི་གཉེར་ཁང་གི་མདུན་ནས་བསྒྲོན་པའི་མཉམ་པར།
ཕྱོགས་འདུས་ཀྱི་ཡིག་བྲིས་པ་རྣམ་པས་གུང་ཚིགས་གསོལ་བཞིན་སེམས་མོལ་གནང་བཞིན་པ། ༡
ཕྱོགས་འདུས་ཀྱི་ཡིག་བྲིས་པ་རྣམ་པས་གུང་ཚིགས་གསོལ་བཞིན་སེམས་མོལ་གནང་བཞིན་པ།༢
ཀན་ལྷོ་དང་རྔ་བའི་ལག་འཇུའི་བཞུད་ལམ་ཀླུ་ཆུ་ནས་མཇུག་སྡུད་མཛད་པ།
|