收藏本站
我的资料
   
查看手机网站
གསར་འགྱུར།新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

སྡེར་ནང་ས་གནས་སུ་སྤེལ་པའི་༢༠༡༨ལོའི་བྱ་འགུལ་ཐོག་མ།

 二维码 635
发表时间:2018-01-15 12:06作者:འདོན་སྤྲོད་པབྱ་འགུལ་ཚོགས་པ། རྩོམ་སྒྲིག་པ་ཧེ་རམ་པ།来源:བོད་ཀྱི་ཡིག་གཟུགས་དྲ་བ།

སྡེར་ནང་ས་གནས་སུ་སྤེལ་པའི་༢༠༡༨ལོའི་བྱ་འགུལ་ཐོག་མ།

         སྤྱི་ལོ2018ལོའི་ཟླ1ཚེས12ཉིནསྡེར་ནང་ས་བྲིས་ཀྱི་བྲིས་རབས་རིམ་བྱོན་དྲན་དབང་གསེར་རིའི་ཕྲེང་བ་ལྟ་བུ་དག་ལས་ཉེ་དུས་ཀྱི་ཡིག་མཁན་དམ་པ། བཀའ་དྲིན་དང་མཛད་རྗེས་གཞལ་བར་དཀའ་བའི་༧རྒན་ཁྲ་པད་གྲགས་ལགས་སྐུ་གྲོངས་ནས་བགྲང་བྱ་དགུ་ལོན་པའི་རྗེས་དྲན་ཚོགས་འདུ་སྐབས་དང་པོ་སྟེ་སྲ་བརྟན་གྱི་དབྱངས་གསལ་སོ་བཞི་ཞེས་པ།  བྲིས་རྒན་ཁོང་གི་སྐུ་ཡུལ་མགོ་ལོག་སྡེར་ནང་ས་གནས་རང་ནས་སྐོངས་ཚོགས་བསྡུས།

ཚོགས་ཐོག་ཏུ་རང་དགོན་གྱི་ལས་འགན་གཙོ་གྲས་དང་། བཤད་གྲྭ་མདོ་རྒྱུད་ལེགས་བཤད་གླིང་གི་མཁན་པོ་དང་དགེ་སྐོས། མགོ་ལོག་སྡེར་ནང་ས་བྲིས་བོད་རིག་གནས་རྒྱུད་འཛིན་ལྟེ་གནས་ཀྱི་དགེ་སློབ་ཡོངས་དང་ས་གནས་ཀྱི་ན་གཞོན་ཤེས་ཡོན་པ་སྐོར་ཞིག་བཅས་ཁྱོན་མི་གྲངས་བརྒྱ་ཕྲག་གཅིག་ལ་ཉེ་བ་ཙམ་ཚོགས་འདུར་དངོས་སུ་ཞུགས་ཐུབ་པ་བྱུང།

        ཐོག་མར་སྤྱི་འགྲོས་ལྟར་ཚོགས་མི་རེ་རེ་བཞིན་རས་གཞིའི་དར་བྱང་ངོས་ལ་མིང་རྟགས་བཏབ་པ་དང་རང་ཉིད་ཀྱི་ལས་ཐོག་མཚམས་སྦྱོར་བཅས་ནས་དབུ་བརྩམས་ཏེ། ཡིག་མཁན་ཁོང་གི་དངོས་སློབ་ས་བྲིས་དགེ་རྒན་དག་གིས་སྤྱིར་བཏང་ས་བྲིས་ལོ་རྒྱས་དང་སྡེར་ནང་ས་བྲིས་ཀྱི་ལོ་རྒྱས་རགས་བཤད། སྐབས་བབ་རྗེས་དྲན་ཞུ་ཡུལ་དམ་པ་གང་ཉིད་ཀྱི་སྐུ་ཚེའི་ལོ་རྒྱུས་རྒྱས་གླེང་གནང་ཞིང་ཁོང་གི་ཤུལ་བཞག་རིན་བྲལ་བརྩམས་ཆོས་དང་བྲིས་ཆས་ངོ་སྤྲོད་ལྷུགས་བརྗོད་སོགས་བགྱིས་མཐར་དེ་དག་ལ་མཇལ་ཁ་བྱིན།

བགྲོ་གླེང་གི་བར་མཚམས་སུ་ས་གནས་གཞན་གྱི་ཡིག་མཁན་དང་མཁས་དབང་དག་གིས་རྒྱང་བསྲིངས་ཀྱི་རྗེས་དྲན་ཞུ་ཚིག་སྒྲོག་འདོན་བྱས་ཤིང་། གདན་ཞུའི་མི་སྣ་དང་ན་གཞོན་ཤེས་ཡོན་པའི་སྡེ་ཡིས་ཚོགས་རར་ཅུང་གྲིམ་ཆ་ཐོན་པའི་སྟེང་ནས་ས་བྲིས་དང་འབྲེལ་བའི་རང་མོས་གཏམ་བཤད་དང་དྲི་བ་དྲིས་ལན་གང་ལེགས་ཀྱིས་བསམ་བློ་བརྗེ་རེས་བྱུང་། ད་དུང་ཁོང་གི་རླབས་ཆེན་གྱི་མཛད་པ་ཡུན་བརྟན་ཡོང་བ་དང་གང་དེ་དྲན་གསོ་ཞུ་སླད་དགེ་སློབ་ཡོངས་ཀྱིས་དངོས་བྲིས་ཀྱི་ལམ་ནས་རྗེས་དྲན་ཞུ་ཚིག་བསྟར་བ་དང་། གཞུག་ཏུ་ཁོང་ལ་དྲིན་གཟོའི་རྣམ་པ་དང་བོད་ཀྱི་ཡིག་གཟུགས་ཀྱི་འོད་སྣང་ཕྱོགས་བཅུར་འཕྲོ་བའི་རྟེན་འབྲེལ་དུ་གང་ཉིད་ཀྱི་ཞལ་ཐང་མདུན་དུ་བོད་ལུགས་མར་མེ་ཚེ་འབར་བསྒྲོན་པ་དང་།  མཐར་སྡེར་ནང་ས་བྲིས་ཀྱི་དབྱངས་གསལ་སོ་བཞིའི་འཕྲེད་དར་བཟུང་ནས་མཉམ་པར་བསྐྱོན་པ་བཅས་ཀྱིས་མཇུག་ལེགས་པར་གྲོལ།


སྡེར་ནང་ས་བྲིས་ཀྱི་ཡིག་མཁན་དམ་པ་སྐུ་གྲོངས་ནས་བགྲང་བྱ་དགུ་ལོན་པའི་རྗེས་དྲན་ཚོགས་འདུའི་ཡུལ་དངོས།

༡ཐོག་མར་རས་གཞི་ལ་མིང་རྟགས་འགོད་བཞིན་པའི་རྣམ་པ།


༢དགེན་གང་ཉིད་ཀྱི་བྲིས་ཆས་དང་བརྩམས་ཆོས་སྐོར་ངོ་སྤྲོད་གནང་བའི་རྣམ་པ།

༣གདན་ཞུའི་མི་སྣ་དང་ཟུར་ཞུགས་པ་དག་གིས་རང་མོས་བགྲོ་གླེང་གི་རྣམ་པ།


༤ས་བྲིས་དགེ་རྒན་དག་གིས་པིར་གྱིས་དངོས་བྲིས་རྗེས་དྲན་ཞུ་ཚིག་འབྲི་བ།



༥རྗེས་དྲན་ཞུ་ཚིག་སྒྲོག་འདོན་དང་སྙན་ཚིག་གྱེར་བ།



༦ས་བྲིས་ཀྱི་དབྱངས་གསལ་འཕྲེད་དར་བཟུང་ནས་མཉམ་པར་བསྐྱོན་པ།