收藏本站
我的资料
   
查看手机网站
གསར་འགྱུར།新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

སྲིད་གྲོས་ཡིག་བསྒྱུར་དང་བོད་རྒྱ་ཡིག་གཟུགས་རིག་གནས་ཀྱི་འདུ་འཛོམས་གསར་བ།

 二维码 889
发表时间:2018-01-08 11:49作者:གསར་འགོད་པ།སྐལ་བཟང་དོན་གྲུབ། རྩོམ་སྒྲིག་པ་ཧེ་རམ་པ།来源:བོད་ཀྱི་ཡིག་གཟུགས་དྲ་བ།

སྲིད་གྲོས་ཡིག་བསྒྱུར་དང་བོད་རྒྱ་ཡིག་གཟུགས་རིག་གནས་ཀྱི་དུ་འཛོམས་གསར་བ






        སྤྱི་ཟླ་༡པའི་ཚེས་༥ཉིན་ལ། སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་གཉིས་པ་ཚོགས་འགོ་རྩམ་པ་དང་། ཚེས་༨ཉིན་མཇུག་རྫོགས་པའི་དུས་ཡུན་ཐུང་ཐུང་ནང་། ཀན་ལྷོ་ཁུལ་སྲིད་གྲོས་ཀྱི་ཡིག་གཟུགས་དང་རི་མོའི་གླིང་ཀ་རུ་ཀན་ལྷོ་ཁུལ་ཚགས་པར་ཁང་དང་། བོད་ཀྱི་སྐད་ཡིག་སྡེ་ཁག་སོགས་ལས་ཁུངས་སོ་སོ་ནས་ཡོང་བའི་ཡིག་སྒྱུར་བ་༡༥ལྷག་གིས་གྲོས་ཚོགས་ཀྱི་དགོངས་དོན་མ་ལུས་རྒྱ་བོད་རིགས་གཉིས་ཀྱི་ལམ་ནས་དྲིལ་བསྒྲགས་མཐར་ཕྱིན་བྱས་པ་མ་ཟད།  དུས་ཚོད་ཀྱི་ཁོམ་ལོང་བར་ནས་ཡིག་བསྒྱུར་དང་ཡིག་གཟུགས་གཞི་གཅིག་ཏུ་སྦྱར་བའི་བགྲོ་གླེང་དང་མཉམ་ཞིབ། དཔྱད་བརྗོད་དང་སྐྱོན་སེལ་སོགས་ནང་དོན་མང་ལ་རྣམ་པ་གསར་བའི་ཡིག་གཟུགས་སྙུག་ཚོགས་ལྟ་བུའི་བྱ་འགུལ་ཐེངས་ཤིག་སྤེལ།

        ཐེངས་འདིའི་བྱ་འགུལ་ཁྲོད་ཀན་ལྷོའི་བྲིས་པ་སངས་རྒྱས་བཀྲ་ཤིས་དང་འབུམ་ཁོ། བསོད་ནམས་ཚེ་རིང་། བན་དེ་ཚེ་རིང་། བླ་མ་སྐྱབས། འཇམ་དཔལ་ཚེ་ལོ་སོགས་ཆེད་དུ་གདན་འདྲེན་བྱས་ཏེ། སྲིད་གྲོས་གྲོས་ཚོགས་སྐབས་ཀྱི་ཡིག་སྒྱུར་ནང་དོན་དང་ཡུལ་དངོས་ནས་ཐོན་པའི་བོད་རྒྱ་ཡིག་གཟུགས་སྒྱུ་རྩལ་གྱི་བརྩམས་ཆོས་ཁག་ལ་རོལ་མྱོང་དང་།  ཉིན་འདིར་ཡུལ་དངོས་ནས་གསར་རྩོམ་མཛད་པའི་ཡིག་གཟུགས་བརྩམས་ཆོས་ཀྱི་ལེགས་ཆ་སོགས་ལ་དཔྱད་གླེང་བྱས་ནས་ཡིག་གཟུགས་པ་ཞིག་གིས་མཉམ་འཇོག་བྱེད་སའི་གནད་དང་། སྤངས་བླང་གི་ཆ།  ཡིག་རྒྱུན་གང་ཡིན་པ་བྲི་བའི་གནད་དང་བཅས་པ་སོགས་སྐབས་བབས་ཀྱི་ནང་དོན་རྣམས་འབུར་དུ་ཐོན་པ་མ་ཟད། ཡིག་མཁན་དག་གི་བར་ནས་ཕན་ཚུན་སློབ་སྦྱོང་དང་བསམ་བློ་བརྗེས་རེས་སྣ་ཚོགས་མཛད་ཅིང་། སྲིད་གྲོས་ཡིག་གཟུགས་གླིང་གིས་ཉར་ཚགས་བྱས་པའི་ཡིག་གཟུགས་དང་མཛེས་རིས་བརྩམས་ཆོས། ཁང་པའི་ནང་གི་ཇུས་འགོད་སོགས་ལའང་མཛུབ་སྟོན་གང་མང་གནང་།

        ཉིན་འདིར་ད་དུང་ཀན་ལྷོའི་རྒྱ་ཡིག་གི་བྲིས་པ་གྲགས་ཅན་ཁྲང་རྨིན་ཡང་གདན་ཞུ་བྱས་ཏེ་གྲོས་ཚོགས་ལེགས་འགྲུབ་ཡོང་བའི་ཤིས་ཚིག་བྲིས་ཤིང་། བོད་རྒྱ་ཡིག་གཟུགས་སྒྱུ་རྩལ་ཐད་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཆ་གང་ཡོད་ཅི་མཆིས་སྐོར་ལ་གསུང་གླེང་མང་པོ་བྱས་སོ།།


ཡིག་མཁན་སངས་རྒྱས་བཀྲ་ཤིས་ཀྱིས་ཡིག་གཟུགས་གླེང་བ།


སངས་རྒྱས་བཀྲ་ཤིས་ཀྱི་བརྩམས་ཆོས།



ཀན་ལྷོའི་ཡིག་མཁན་ཁྲང་མེན།



ཁྲང་མེན་དང་ཁོང་གི་བརྩམས་ཆོས།




ཀན་ལྷོའི་བྲིས་པ་བསོད་ནམས་ཚེ་རིང་གིས་ཡུལ་དངོས་ནས་འབྲུ་ཚའི་ཡིག་གཟུགས་འབྲི་བཞིན་པ།



བསོད་ནམས་ཚེ་རིང་གི་བརྩམས་ཆོས།1


བསོད་ནམས་ཚེ་རིང་གི་བརྩམས་ཆོས།2


བསོད་ནམས་ཚེ་རིང་གི་བརྩམས་ཆོས།3


ཀན་ལྷོའི་བྲིས་པ་འབུམ་ཁོས་སུག་ཐུང་བརྩམས་ཆོས་འབྲི་བཞིན་པ།




ཀན་ལྷོའི་བྲིས་པ་བན་དེ་ཚེ་རིང་གིས་དབུ་ཅན་འབྲི་བཞིན་པ།

བན་དེ་ཚེ་རིང་གི་བརྩམས་ཆོས།


ཀན་ལྷོའི་བྲིས་པ་འཇམ་དཔལ་ཚེ་ལོས་འཁྱུག་བྲིས་བརྩམས་ཆོས་ལ་ཐམ་ཀ་བརྒྱག་བཞིན་པ།


འཇམ་དཔལ་ཚེ་ལོའི་བརྩམས་ཆོས།


གཉིས་པ། ཡུལ་དངོས་ནས་བྲིས་པའི་བརྩམས་ཆོས་གཞན་དག་བདམས་བཀོད།