རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།
དངོས་མིང་ལྷག་པ་ཚེ་རིང་། སྨྱུག་མིང་། རེ་བའི་ཕོ་ཉ་༡༩༨༤ལོར་གཞེས་རྩེ་གྲོང་ཁྱེར་དུ་སྐྱེས། ཆུང་དུས་ནས་ཕ་མ་བཟང་པོའིསྐུ་དྲིན་གྱིས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དུ་ཤེས་བྱ་རིག་གནས་ལ་སྦྱངས་བརྩོན་བྱེད་པའི་བསྐལ་བ་བྱུང་། ༢༠༠༤ལོར་ལྷ་ས་དགེ་འོས་སློབ་གྲྭ་ནས་སློབ་ཐོན་བྱུང་།ད་ལྟ་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་སློབ་ཆུང་དུ་ལུས་རྩལ་སློབ་ཁྲིད་བྱེད་བཞིན་ཡོད་ ཆུང་དུས་ནས་དགེ་རྒན་བཟང་པོའི་སྐུ་དྲིན་གྱིས་བོད་ཡིག་ཡིག་གཟུགས་ལ་སྦྱངས་པ་མི་ཉུང་བ་བྱས། ་།
༢༠༡༧ལོའི་ཟླ་བ་༣པ་ནས་བཟུང་ རང་སློབ་གྲྭའི་བོད་ཡིག་ཡིགཟུགས་ཟབ་སྦྱོང་འཛིན་གྲྭ་བརྒྱུད་ནས་བོད་ཡིག་ཡིགཟུགས་སྦྱོང་འགོ་བཙུགས་པ་དང་བཀའ་དྲིན་ཅན་གྱི་དགེ་བའི་བཤེས་གཉེན་བཀྲ་ཤིས་་ཚེ་རིང་ལགས་ནས་བཀའ་སློབ་གང་མང་གནང་དེ་རྗེས་དཔལ་ནཱ་ལེནྡྲའིཡིག་གཟུགས་གླིང་འཕྲིན་ཕྲན་ཡིག་གཟུགས་སྦྱོང་སྟེགས་ནང་དུ་འཇུག་པ་དང་ དགེ་བའི་བཤེས་གཉེན་ཆེན་མོ་རྒན་ཁ་སྤུ་ཅན་དང་གྲོགས་ཟླ་བའི་གཞོན་ནུ་གྲོགས་གཙང་པ་ཨ་བསྟན་་ལགས་གཙོ་བོར་བྱས་པའི་ཡིག་མཁན་མང་པོ་དྲ་ལམ་བརྒྱུད་དགེ་རྒན་དུ་བསྟེན། ཁོང་རྣམ་པའི་ལྷག་བསམ་བཟང་པོའི་སློབ་སྟོན་བཀའ་དྲིན་ལ་བསྟེན་ནས་དུས་ཡུན་ཟླ་བ་བཅུ་ཙམ་ནང་སྲོལ་རྒྱུན་ཡིག་གཟུགས་ཚུགས་རིང་ཚུགས་ཐུང་ཐད་སྦྱངས་འབྲས་མི་དམན་ཙམ་ཐོབ་པར་དྲ་གྲོགས་ཀུན་གྱིས་བསྔགས་བརྗོད་ཡང་ཡང་འཐོར་བཞིན་ཡོད། སྔ་རྗེས་སུ་ཡང་རྫོང་རིམ་པ་དང་ས་ཁུལ་རིམ་པའི་ཡིག་གཟུགས་འགྲན་བསྡུར་ནང་གྲུབ་འབྲས་མི་དམན་པ་ཐོབ།སླད་མ་འོངས་ལོ་ཟླའི་ནང་རང་མི་རིགས་ཀྱི་རིག་གནས་སྤྱི་དང་ལྷག་པར་བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་སྣ་ཚོགས་གོ་རིམ་བཞིན་སྦྱོང་རྒྱུར་འབད་པ་ཆུ་བོའི་རྒྱུན་བཞིན་བསྟེན་རྒྱུའི་འདུན་པ་འཆང་བཞིན་ཡོད།
|