གཅན་ཚ་རྫོང་མི་རིགས་སློབ་འབྲིང་གི་ཐོན་མིའི་ཕྱག་རྒྱུན་གླིང་།
2017-11-18 16:59来源:བོད་ཀྱི་ཡིག་གཟུགས་དྲ་བ།浏览数:887 


    ཇི་སྐད་དུ། དེང་གི་རྒྱལ་བསྟན་མར་ངོའི་བཅུ་བཞི་པའི།།ཟླ་བའི་འཕེལ་དང་འདྲ་ཞེས་ཤུམས་པ་འདི།།དྲན་དབང་ཉམས་པ་གཅིག་པུས་མཚུངས་པ་མིན།།བསྟན་རྩ་ཡིག་སྲོལ་ཉམས་པ་འདིས་ཀྱང་ཡིན།།ཞེས་གསུངས་པ་ལྟར་རྒྱལ་བའི་བཀའ་བསྟན་དང་ཐུན་མོང་རིག་གནས་ཀྱི་ཕྱི་མོ་བོད་ཀྱི་ཡིག་གཟུགས་ཀྱི་ཐུན་མོང་མ་ཡིན་པའི་ངོ་མཚར་བའི་བྲིས་ཀྱི་སྒྱུ་རྩལ་འདི་ཉིད་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དུ་གཏོང་པ་དང་རང་ཉིད་ཀྱི་མི་ཚེའི་དམིགས་འདུན་མངོན་འགྱུར་བྱ་ཆེད་དགེ་རྒན་ལྕགས་བྷེ་ཡིས༢༠༡༥ལོའི་ཟླབའི་ཚེས༣༠པའི་ཉིན་ཏེ་བོད་ཡིག་དབྱངས་གསལ་གཉིས་ཀྱི་གྲངས་ངེས་པའི་རྟེན་འབྲེལ་གྱི་གནད་ཁྱད་པར་ཅན་ལ་དམིགས་ནས་བོད་ཕྱི་ནང་གི་ཡིག་གཟུགས་མཁས་པ་རྣམས་ལ་ཐོན་མིའི་ཕྱག་རྒྱུན་གླིང་འཛུགས་པའི་དགོངས་ཞུ་བྱས་པས་ཀུན་གྱིས་ཡི་རང་དང་དགོངས་འཆར་ལྷུག་པར་གནང་། དེ་བས་རང་ཉིད་ཀྱི་འབད་བརྩོན་དང་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གི་འབྲེལ་ཡོད་མགོ་ཁྲིད་ཀྱིས་ཐུགས་འཁུར་དང་རྒྱབ་སྐྱོར་འོག༢༠༡༦ལོར༼ ཐོན་མིའི་ཕྱག་རྒྱུན་གླིང་ ༽དངོས་སུ་བཙུགས། གླིང་འདིར་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གི་དགེ་སློབ་དང་སྤྱི་ཚོགས་སྟེང་གི་བོད་ཀྱི་ཡིག་གཟུགས་ལ་མོས་པ་རྣམས་ཀྱི་རེ་འདུན་ལྟར་གཙང་བྲིས་ཚུགས་ཆེན་དང་ཚུགས་ཆུང་། ཚུགས་མ་ཐིག་གཅིག  འཁྱུག་བྲིས། གཙང་བྲིས་འབྲུ་ཚ།  སྙེ་བྲིས། གཞུང་བྲིས། སྡེར་ནང་ས་བྲིས། བཀའ་བརྒྱུད་བྲབ་བྲིས། ནང་བྲིས་ནོར་བུ་མ། ལཉྫ་དང་ཝརྟུ་སོགས་བོད་ཀྱི་ཡིག་མཁན་མཁས་པ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་བྲིས་རྒྱུན་གཙང་མར་ཁུངས་གཏུགས་ནས་ཚད་ལྡན་ཡིག་གཟུགས་ཀྱི་སློབ་ཁྲིད་བྱེད་བཞིན་ཡོད།



༧པཎ་ཆེན་བཅུ་བ་མཆོག་གིས་གཅན་ཚ་མི་རིགས་སློབ་འབྲིང་ལ་ཕུལ་བའི་ཕྱག་རྟེན།



མགོ་ལོག་གི་༧མི་ཕམ་རྣམ་རྒྱལ་ལགས་ནས་གནང་བའི་ཕྱག་བྲིས།



གཙང་བྲིས་རྒྱུན་འཛིན་པ་ཟུར་གཙང་གཡང་འབུམ་གྱིས་གནང་པའི་ཕྱག་བྲིས།


ཐོན་མིའི་ཕྱག་རྒྱུན་གླིང་གི་བྱ་བའི་གནས་ཚུལ་འདྲ་པར་ཁག་ཅིག
















སློབ་མའི་བརྩམས་ཆོས་བཤམས་སྟོན།




















































会员登录
登录
我的资料
留言
回到顶部