设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ནས་ཡིག་གཟུགས་འགྲེམ་སྟོན་བྱས་པ།

 二维码 809
发表时间:2017-11-07 22:26作者:གསར་འགོད་པ་ལྷོ་ཡི་དྲི་བཞོན། འདི་ག་རྩོམ་སྒྲིག་པ།来源:བོད་ཀྱི་ཡིག་གཟུགས་དྲ་བ།


         སྤྱི་ལོ་༢༠༡༧ལོའི་ཟླ་༡༡པའི་ཚེས་༦ཉིན་ལྷོ་ཁ་གྲོང་ཁྱེར་གྱིས་སྣང་ཆེན་བཞི་དང་དགའ་ཞེན་བཞི། ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་བསྐོང་ཚོགས་བྱུང་བར་བཀྲ་ཤིས་རྟེན་འབྲེལ་ཞུ་བ་སོགས་ཀྱི་ཆེད་དུ། ཡིག་གཟུགས་དང་། པར་ལེན་། རི་མོ་བཅས་ཀྱི་རྣམ་པའི་ཐོག་ནས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བྱེད་སྒོའི་གྲུབ་འབྲས་དང་རང་གྲོང་ཁྱེར་གྱི་རིག་གནས་འཛུགས་སྐྱོང་ཟམ་མི་ཆད་པར་གོང་འཕེལ་གཏོང་བའི་འགྲེམ་སྟོན་བྱེད་སྒོ་ལྷོ་ཁ་གྲོང་ཁྱེར་དཔེ་མཛོད་ཁང་དུ་སྤེལ།

       ཐེངས་འདིའི་བྱེད་སྒོ་ནི་ལྷོ་ཁ་གྲོང་ཁྱེར་རིག་གནས་ཅུས་དང་།  གྲོང་ཁྱེར་རིག་རྩལ་ལྷན་ཚོགས་ཀྱིས་སྤེལ་བ་ཡིན་ལ། བྱ་འགུལ་ཧྲིལ་བོ་གཟབ་རྒྱས་ངང་ལྷོ་ཁ་གྲོང་ཁྱེར་དཔེ་མཛོད་ཁང་དུ་སྤེལ་བ་རེད།

        འགྲེམ་སྟོན་བྱ་བའི་ཐོག་མཐའ་བར་གསུམ་ལ་ཇུས་བཀོད་ལེགས་ཞིང་གོ་རིམ་ཚགས་དམ་ལ་ནང་དོན་ཕུན་སུམ་ཚོགས་པ་ལྡན་ཡོད་པས་ས་གནས་མི་རིགས་ཀྱི་རིག་གནས་དར་སྤེལ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བའི་ནང་དོན་ཕུན་སུམ་ཚོགས་པར་བཏང་ཡོད་པ་མ་ཟད། ལྷག་དོན་བོད་ཀྱི་ཡིག་གཟུགས་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་བག་ཆགས་ཟབ་ཀྱང་། ཕྱི་རབས་བྲིས་པ་སྐྱེད་བསྲིང་དང་བྱ་བཞག་འདི་ཉིད་ལ་མུ་མཐུད་འབད་བརྩོན་དང་དུས་བསྟུན་གོང་སྤེལ་གྱི་སྒོ་ནས་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱི་རིག་གནས་ལྟ་བ་རྒྱུན་འཁྱོངས་བཅས་ལ་མཛུབ་སྟོན་དང་སྐུལ་ཁྲིད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད་པ་རེད།























གཞུང་བྲིས་རྒྱུད་འཛིན་པ་རྒན་འཇུ་ཡེ་ཤེས་ཚུལ་ཁྲིམས།


ཨེ་བྲིས་རྒྱུད་འཛིན་པ་རྒན་དགའ་ཆེན་པ་རྡོ་རྗེ་ཚེ་རིང་།


ཡིག་མཁན་མདའ་ནུབ་བསྟན་འཛིན་ལགས་ཀྱིས་འབྲུ་ཚ་བྲི་བཞིན་པ།



ཡིག་མཁན་ཤག་ལྷོ་བ་ལགས་ཀྱིས་འབྲུ་ཚའི་ཡིག་གཟུགས་བྲི་བཞིན་པ།