ཡུལ་མདོ་སྨད་སྙེ་བྲིས་ཀྱི་ཡིག་མཁན་ལྷུན་གྲུབ་རྒྱ་མཚོའི་ངོ་སྤྲོད་མདོར་བསྡུས།
2017-11-06 00:25来源:བོད་ཀྱི་ཡིག་གཟུགས་དྲ་བ།作者:འདི་གའི་རྩོམ་སྒྲིག་པས།浏览数:1315 
文章附图


       ཡིག་མཁན་ལྷུན་གྲུབ་རྒྱ་མཚོ་ནི1989ལོར་རྔ་བ་རྫོང་རྔ་སྨད་དགེ་ལི་སྡེ་བའི་བྲིས་པའི་ཁྱིམ་རྒྱུད་ཅིག་ཏུ་སྐྱེས། རང་ལོ་བཅུ་དྲུག་སྐབས་མེ་ཏོག་གང་ལ་ཕོགས་པའི་ལྷ་སྐལ་དམ་པ་སྐྱབས་རྗེ་ཚུལ་ཆེན་རིན་པོ་ཆེ་དཔལ་བཟང་བོའི་དྲུང་དུ་དབུ་མེད་དཔེ་ཚུགས་དང་གྲྭ་བཙུན་རྩོམ་པ་པོ་རྟོགས་ལྡན་སྐལ་ཁོ་ལགས་ཀྱི་དྲུང་དུ་དབུ་ཅན་སོགས་ལ་གསར་དུ་སློབ་སྦྱོང་བྱེད་པའི་སྐལ་བཟང་དོན་དུ་སྨིན་པ་ནས་བཟུང་། ཡིག་གཟུགས་ནི་རང་གི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་བྱ་བ་གལ་ཆེན་ཞིག་ཏུ་གྱུར།  2009ལོ་ནས་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་དུ་མི་ལོ་ལྔའི་རིང་སློབ་སྦྱོང་བྱེད་པའི་རྒྱུད་རིམ་ཁྲོད་འཛིན་གྲྭའི་ཕྱི་ནང་གི་སྒོ་སམ་སོགས་སུ་ཡི་གེ་ཆེ་བའི་རིགས་གང་ཡོད་འབྲི་ཁུལ་བྱས་པས་སྔར་གྱི་སློབ་སྦྱོང་ལ་རྒྱུན་སྐྱོང་གི་ནུས་པ་བཟང་པོ་ཐོབ། 2013ལོ་ནས་བཟུང་ད་ལྟའི་བར་མཚོ་ལྷོ་བྲག་དཀར་རྫོང་མི་རིགས་སློབ་འབྲིང་གཉིས་པའི་ཡིག་གཟུགས་མཁས་པ་དགེ་རྒན་ཁོ་ལེ་ལགས་དང་། ཕོ་བྲང་ཆེན་པོ་པོ་ཏ་ལའི་བྲིས་པའམ་སྙེ་བྲིས་རྒྱུད་འཛིན་པ་དགེ་རྒན་འཕྲིན་ལས་རྒྱལ་མཚན་ལགས། གཙང་བཀྲ་ཤིས་ལྷུན་པོ་དགོན་གྱི་བྲིས་དབང་ལྷ་ཁང་བློ་བཟང་རྡོ་རྗེ་ལགས བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཡིག་མཁན་ཁ་གྱ་འཇིགས་མེད་ལགས། དྲུང་ཡིག་སྨོན་ལམ་མཆོག་གི་དངོས་སློབ་དགེ་རྒན་རྡོར་བྷ་ལགས་སོགས་ལྷག་བསམ་དག་པའི་དགེ་རྒན་མང་པོ་དད་པའི་ཕྱག་གིས་བཀུར་ཏེ་དབུ་ཅན་སྙེ་བྲིས་དང་ལན་ཝར། གཞུང་བྲིས་ཚུགས་ཀྱི་སྐོར་དང་འབྲུ་ཚ་སོགས་ཡིག་སྣ་མང་བོར་སློབ་སྦྱོང་བྱས།




































会员登录
登录
我的资料
留言
回到顶部