གསར་འགྱུར། 新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅མི་སྒེར་གྱི་འགྲེམ་སྟོན་ཁང་།个人展厅གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅སྐད་འཕྲིན་ལས་སྟེགས་མཐོང་བ་ཀུན་སྨོན།微信平台书法大观གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程ཡིག་གཟུགས་མ་ཕྱི། 字帖བསླབ་དེབ།学习资料གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家
ཚོགས་ཆེན་བཅུ་དགུ་བ་བསུ་བའི་ཀླུ་ཆུའི་ཡིག་གཟུགས་དང་མཛེས་རྩལ་གྱི་སྙུག་ཚོགས།
2017-10-12 15:46来源:བོད་ཀྱི་ཡིག་གཟུགས་དྲ་བ།作者:དཔལ་མགོན་ཚེ་རིང་། སྐལ་བཟང་ཚེ་བརྟན།浏览数:612 

ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་བ་བསུ་ཆེདཡུལ་དངོས་ནས་

ཡིག་གཟུགས་དང་རི་མོ་འབྲི་བའི་བྱེད་སྒོ་སྤེལ་བ

甘南州碌曲县举行喜迎党的十九大美术书法笔会活动



      དཔལ་ཡོན་ལྡན་ཞིང་འཆམ་མཐུན་ཡོད་ལ། མཐུན་སྒྲིལ་ལྡན་ཞིང་གོང་སྤེལ་ཡོད་པའི་ཁོར་ཡུག་གསར་བ་འཛུགས་ཆེད་དམ། མི་དམངས་མང་ཚོགས་ཀྱི་བསམ་པའི་དཔལ་ཡོན་མུ་མཐུད་དུ་ཇེ་རྒྱས་ཇེ་ལེགས་སུ་གཏོང་བར་དམིགས་ནས་2017ལོའི་སྤྱི་ཟླ་10བའི་ཚེས་10ཉིན་རྫོང་རིག་གནས་ཁང་དང་། རྫོང་མཛེས་རྩལ་དང་ཡིག་གཟུགས་མཐུན་ཚོགས་གཉིས་ཀྱིས་ཉམ་བསྒྲུབས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་རིན་ཐང་ལྟ་བའི་དར་ཆ་མཐོན་པོར་སྒྲེང་ནས་སྤྱི་ཚོགས་ཀྱི་རྣམ་པ་གསར་བ་འཛུགས་བསྐྲུན་བྱེད་ཅེས་པ་བརྗོད་གཞི་བཟུང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བ་འཛུམ་གྱིས་བསུ་བའི་མཛེས་རྩལ་དང་ཡིག་གཟུགས་འབྲི་འགྲེམ་དཔྱད་གསུམ་གྱི་བྱེད་སྒོ་ཐེངས་ཞིག་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་མཁར་དུ་སྤེལ

    ཐེངས་འདིའི་བྱེད་སྒོའི་སྟེང་ཡུལ་དངོས་ནས་བྲིས་པའི་ཡིག་གཟུགས་བརྩམས་ཆོས་ཀྱི་རྨང་གཞིའི་སྟེང་ལྗོངས་ཞིང་ལྔའི་ཡིག་མཁན་རྣམས་ཀྱིས་མཛད་པའི་ཡིག་གཟུགས་བརྩམས་ཆོས་30ལྷག་ཙམ་འགྲེམ་སྟོན་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་ཀྲུང་གོའི་རྨི་ལམ་ལ་མཛེས་སྡུག་གི་དཔལ་ཡོན་སྤྲོས།

     བྱ་འགུལ་ཁྲོད་ཀླུ་ཆུ་རྫོང་གི་ཡིག་མཁན་བྲིས་པ་སྐོར་ཞིག་གིས་ཡུལ་དངོས་ནས་བོད་རྒྱའི་ཡིག་གཟུགས་འབྲི་བ་དང་ཐང་ཀའི་བྲིས་རྩལ་བསྟན་ཅིང་། བོད་ཡིག་དང་རྒྱ་ཡིག་ཡིག་གཟུགས་སྐོར་ནས་དཔྱད་གླེང་བརྗོད་གསུམ་བྱས་ལ། བྲིས་པ་ཕན་ཚུན་བར་བསམ་བློ་བརྗེས་རེས་དང་སློབ་སྦྱོང་ཡག་པོ་བྱས་ཐོག་མཐུན་སྒྲིལ་གོང་འཕེལ་གྱི་བགྲོད་ལམ་ཇེ་ཡངས་སུ་བཏང་།

    གཞན་ཨ་མདོ་བརྙན་འཕྲིན་ཁང་གི་ལེ་བར་ཁྲི་ཡི་སྒྱུ་རྩལ་ལམ་ཆེན་ལེ་ཚན་གྱི་འབྲེལ་ཡོད་འགོ་ཁྲིད་དང་ཆེད་ལས་མི་སྣ་ཡང་ཆེད་དུ་ཐེངས་འདིའི་བྱེད་སྒོའི་སྟེང་ཕེབས་ཏེ་ཡིག་གཟུགས་འགྲེམ་སྟོན་ལ་རོ་མྱོང་བྱས་པ་མ་ཟདབྲིས་པ་རྣམས་དང་ལྷན་དུ་ཡུལ་དངོས་ནས་ཡིགགཟུགས་ལ་རོ་མྱོང་བྱས་ཤིང་སྒྱུ་རྩལ་གྱི་འགྱུར་ཁུག་རེ་རེ་དང་། འོད་ཀྱི་ཟེར་མ་རེ་རེ་བརྙན་ཆས་ཀྱི་དྲན་འཛིན་ལ་ཕབ།

为营造喜庆祥和,文明和谐、团结奋进的浓厚氛围,不断丰富人民群众的精神文化生活, 1010号,由碌曲县文化馆,碌曲县美术书法家协会在碌曲县人民会堂联合举办了以高扬社会主义核心价值观旗帜,引领社会新风尚为主题的喜迎党的十九大美术书法笔会活动。

笔会现场共展览30余幅五省区藏文书法名家作品,这些作品紧紧围绕主题,以多种形式、从不同角度展示了中华民族伟大复兴的中国梦而砥砺奋进的良好精神状态,洋溢着满满的正能量。同时,碌曲县30多位书画家及书法爱好者怀着对党、对祖国的无限热情,齐聚一堂,尽情挥毫泼墨,创作了多幅积极进取,健康向上的书法及唐卡作品,为党的十九大胜利召开献上了最真诚的礼物。于此同时,笔友们以相互学习,共同进步为目的,探讨交流藏汉书法艺术创作的理论与实践经验。

安多卫视万里寻艺之路栏目采风团前来碌曲县书法家笔会现场,欣赏现场作品,同时与碌曲书法爱好者进行交流采访,进一步了解碌曲县藏文书法传承和发展现状,并对碌曲藏文书法创作成果给予了高度评价。





ལྷ་རིས་སྒྱུ་རྩལ་བ་དང་བོད་ཀྱི་ཡིག་མཁན་ཆོས་འཁོར་བསྟན་འཛིན་རྒྱ་མཚོ་ལགས་ཀྱིས་བྱ་འགུལ་གྱི་སྒོ་མོ་ཕྱེ་བ།


སྒྱུ་རྩལ་གྱི་ཀླུང་དུ་འཛུམ་པའི་བྲིས་པ།




མཚོ་སྔོན་བརྙན་འཕྲིན་ཁང་གི་མདོ་འཛིན་པ་རྡོ་རྗེ་རྒྱལ་མཚན་ལགས་ཀྱིས་ཡུལ་དངོས་ནས་ཡིག་གཟུགས་འབྲི་བཞིན་པ།



ཡིག་མཁན་སྐལ་བཟང་ཚེ་བརྟན་གྱིས་དབུ་ཅན་ཡིག་གཟུགས་འབྲི་བཞིན་པ།


ཡིག་མཁན་སྐལ་བཟང་ཚེ་བརྟན་གྱིས་ཡུལ་དངོས་ནས་བྲིས་པའི་འབྲུ་ཚའི་བརྩམས་ཆོས།


ཀླུ་ཆུའི་ཡིག་ཡིག་མཁན་སངས་རྒྱས་བཀྲ་ཤིས་ཀྱིས་ཡུལ་དངོས་སུ་བྲིས་པའི་ཡིག་གཟུགས།


ཡིག་མཁན་དཔལ་མགོན་ཚེ་རིང་གིས་ཡུལ་དངོས་ནས་བྲིས་པའི་སྨོན་ལམ་དབུ་ཅན་བརྩམས་ཆོས།


ཆོས་འཁོར་བསྟན་འཛིན་ལགས་ཀྱིས་ཡུལ་དངོས་ནས་བྲིས་པའི་ལཉྫ་ཝརྟུའི་ཡིག་གཟུགས།



མཚོ་སྔོན་བརྙན་འཕྲིན་ཁང་གི་ལས་མི་རྣམས་ཡིག་གཟུགས་བྱ་འགུལ་ལ་ཞུགས་ཏེ་བྲིས་པ་ཀླུ་རྡེའུ་ལགས་ཀྱི་འབྲུ་ཚ་ལ་རོལ་བཞིན་པ།


ཡིག་བྲིས་པ་ཨ་ལ་དུང་དཀར་རམ་འཕགས་པ་ཚེ་རིང་གིས་ཡིག་གཟུགས་འབྲི་བཞིན་པ།




ལྷ་རིས་པ་བླ་མ་སྐྱབས་ཀྱིས་ཡུལ་དངོས་སུ་ཐང་ཀའི་སྒྱུ་རྩལ་གྱི་འཚོ་བཅུད་སྦྱིན་བཞིན་པ།


ཚོགས་གཙོ་རྟ་མགྲིན་མགོན་པོས་མཚོ་སྔོན་བརྙན་འཕྲིན་ཁང་ལ་ཡིག་གཟུགས་ཀྱི་ཤིས་ཚིག་འབྲི་བཞིན་པ།




ཀླུ་ཆུ་རྫོང་པར་ལེན་མཐུན་ཚོགས་ཀྱི་ཚོགས་གཙོ་ཡིག་གཟུགས་བྱེད་སྒོ་ལ་ཞུགས་ནས་བོད་ཀྱི་སྲོལ་རྒྱུས་བྲིས་ཆས་སྐོར་རྒྱུས་ལོན་ཞིབ་མོ་གནང་བ།




མཛེས་རྩལ་བ་དང་རྒྱ་ཡིག་ཡིག་གཟུགས་པ་ཀོའོ་ཅུས་ཅོན་གྱིས་ལེ་དབར་ཁྲི་ཡི་སྒྱུ་རྩལ་ལམ་ཆེན་ཞེས་པ་འབྲི་བཞིན་པ།



རྒྱ་ཡིག་ཡིག་གཟུགས་པ་ཧེང་ཞའོ་ཝུའུ་ཡིས་ལེ་བར་ཁྲི་ཡི་སྒྱུ་རྩལ་ལམ་ཆེན་རྒྱ་ཡིག་གིས་འབྲི་བཞིན་པ།






རྒྱ་བོད་ཡིག་གཟུགས་པ་ཧྲིན་ཅང་ཕེན་གྱིས་བྲིས་པའི་རྒྱ་ཡིག་བརྩམས་ཆོས།



ཡིག་མཁན་ཧེ་རམ་པས་དབུ་ཅན་གྱི་སྒྱུ་རྩལ་ཞེས་པའི་ཡིག་འབྲུ་གཉིས་ཀྱིས་བྱེད་སྒོར་བཀྲ་ཤིས་སྨོན་འདུན་མཚོན་པ།


帐号密码登录
登录
我的资料
我的收藏
购物车
0
留言
回到顶部