དཔལ་ས་སྐྱའི་གདན་ས་གཉིས་པ་གཙང་ངོར་དགོན་པ་ནི། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་ཁོངས་སུ་གནས་ཡོད་ཅིང་། ལོ་ངོ་༦༠༠ཙམ་གྱི་ལོ་རྒྱུས་ལྡན་ཞིང་། ངོར་དགོན་ནང་བསྟན་བཤད་གྲྭ་ཐུབ་བསྟན་མདོ་སྔགས་རིག་པའི་འབྱུང་གནས་ནི་མདོ་སྔགས་རིག་གནས་དང་བཅས་པའི་བོད་མི་རིགས་ཀྱི་རིག་གནས་ཆ་ལག་ཡོངས་སུ་རྫོགས་པའི་ནང་བསྟན་བཤད་གྲྭ་ཞིག་ཡིན།
ད་རེས་ངོར་དགོན་དོ་དམ་ཨུ་ཡོན་ལྷན་ཁང་དང་ངོར་དགོན་གཞུང་གི་དབུ་འཛིན་རྣམ་པས་གཙོ་བོར་ཐུགས་འགན་བཞེས་ཏེ་ངོར་དགོན་ནང་བསྟན་བཤད་གྲྭས་གཅིག་ནས་བོད་ཀྱི་ཡིག་གཟུགས་མི་ཉམས་གོང་འཕེལ་དང་། གཉིས་ནས་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བའི་སྐབས་དང་པོའི་ཡིག་གཟུགས་འགྲན་བསྡུར་ཞིག་སྤྱི་ཟླ་༡༠ཚེས་༩ཉིན་གཉེར་བ་རེད།
ཐེངས་འདིའི་འགྲན་བསྡུར་ནང་བོད་ཡིག་ཡིག་གཟུགས་ལཉྫ་དང་ཝརྟུ། དབུ་ཆེན། འབྲུ་ཚ། ཚུགས་རིང་། ཚུགས་ཐུང་། དཔེ་ཚུགས། འཁྱུག་ཡིག །མཛེས་རྩལ་ཡིག་གཟུགས། རྒྱ་ཡིག་ཡིག་གཟུགས་བཅས་ཡོད། ཐེངས་འདིའི་དངོས་སུ་བྱེད་སྒོའི་ནང་ཞུགས་མཁན་མི་གྲངས་༣༧ཡོད་ཅིང་དེའི་ནང་ནས་དམིགས་བསལ་བྱ་དགའ ༡ དང་། ཨང་དང་པོ་༡ གཉིས་པ་༢ གསུམ་པ་ ༣ ཕུལ་བྱུང་ ༥བཅས་ཡོད།
|