གསར་འགྱུར། 新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅མི་སྒེར་གྱི་འགྲེམ་སྟོན་ཁང་།个人展厅གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅སྐད་འཕྲིན་ལས་སྟེགས་མཐོང་བ་ཀུན་སྨོན།微信平台书法大观གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程ཡིག་གཟུགས་མ་ཕྱི། 字帖བསླབ་དེབ།学习资料གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家
ཐང་དཀར་བསྟན་པ།
2017-10-07 01:44来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།作者:ཐང་དཀར་བསྟན་པ།   རྩོམ་སྒྲིག་པ་ཧེ་རམ་པ།浏览数:1093 
文章附图



      ཐང་དཀར་བསྟན་པ་ལགས་ནི་སྤྱི་ལོ ༡༩༧༧ ལོར་རེབ་གོང་སྨད་པ་ཧ་ར་བ་དྷིར་སྐྱེས། ཆུང་དུས་ནས་ཡིག་གཟུགས་ལ་དུངས་ཞེན་ཆེ་བའི་དབང་གིས་ཡུལ་རེབ་གོང་གི་ཡིག་གཟུགས་མཁས་ཅན་སྨན་པ་རྡོ་རྗེ་ཚང་དགེ་རྒན་དུ་བསྟེན་ནས་མཁས་དབང་ཚེ་ཏན་ཞབས་དྲུང་རིན་པོ་ཆེའི་ཡིག་གཟུགས་ཀྱི་བྲིས་རྒྱུན་བླངས། ༢༠༡༣ ལོར་དབུ་མེད་བྲིས་གཟུགས་རྒྱུན་སྤེལ་ཆེད་ལྷ་སར་བསྐྱོད་དེ་ཕོ་བྲང་པོ་ཏ་ལའི་རྩེ་སློབ་གྲྭའི་ཡིག་གཟུགས་མཁས་པ་སྙེ་འཕྲིན་ལས་རྒྱལ་མཚན་གྱི་མདུན་ནས་དབུ་མེད་ཀྱི་བྲིས་རྒྱུན་མང་པོ་བླངས།

      ཉེ་ཆར་ཁོས་བྲིས་པའི་རྗེའི་རིན་པོ་ཆེའི༼ བསྟོད་ཆེན་རྣམ་བཞི༽ ཆ་ཚང་རས་གཞིའི་སྟེང་གསེར་བྲིས་བྱས་ཏེ་འགྲེམ་སྟོན་བྱས་པར་སྤྱི་ཚོགས་སྟེང་དགའ་བསུ་ཆེན་པོ་ཐོབ། གཞན། བོད་ཁུལ་གྱི་ཡིག་གཟུགས་འགྲན་སྡུར་སྣ་ཚོགས་ཁྲོད་བྱ་དགའ་ཐེངས་མང་བླངས་པར་མ་ཟད། ད་ལྟ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི་དང་།  མཚོ་སྔོན་ཞིང་ཆེན་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མིར་བདམས་ཡོད།

   ལོ་འདི་འགར་རྒྱལ་ནང་དང་རྒྱལ་ཕྱི་སོགས་སུ་ཡིག་གཟུགས་སྒྱུ་རྩལ་འདིའི་རིགས་རིག་གནས་ཐོན་ལས་ཅན་གྱི་ཚོང་འགྲེམ་དང་བརྒྱུད་སྒྲོག་བྱེད་བཞིན་པར་དམིགས་ནས། ༢༠༡༣ལོར་ཁོས་དགེ་རྒན་གྱི་བྱ་བ་བསྐྱུར་ཏེ། ༼ཐང་བསྟན་ཡིག་གཟུགས་སྒྱུ་རྩལ་ཚད་ཡོད་སྤྱི་གཉེར་ཁང༽ ཞེས་པ་བཙུགས། བོད་ཁུལ་ལ་མཚོན་ན། བོད་རང་གི་ཡིག་གཟུགས་སྒྱུ་རྩལ་འདི་ཉིད་རིག་གནས་ཁེ་ལས་ཅན་དུ་སྒྱུར་མཁན་གྱི་ཆེས་ཐོག་མའི་གྲས་སུ་ཡིན། ད་ལྟ་ཁོས་བོད་རང་གི་གནའ་བོའི་སྲོལ་རྒྱུན་འབྲི་ཐབས་རྒྱུན་འཛིན་བྱས་ཏེ༼གསེར་བྲིས༽དང༼དངུལ་བྲིས༽གཙོས་དབུ་ཅན་དབུ་མེད་ཀྱི་ཡིག་གཟུགས་ཆེ་ཆུང་སྣ་ཚོགས་དེང་རབས་ཀྱི་བསམ་བློ་སྒྱུ་རྩལ་དང་མཐུན་པའི་སྒོ་ནས་བོད་ཀྱི་ཡིག་གཟུགས་རྒྱུན་སྤེལ་ལ་འབད་བརྩོན་གནང་བཞིན་ཡོད་དོ།།



 


 


 


 


 


 

 

 

 

 


 







 



 



 



 



 



 




上一页
1
帐号密码登录
登录
我的资料
我的收藏
购物车
0
留言
回到顶部