གསར་འགྱུར། 新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅མི་སྒེར་གྱི་འགྲེམ་སྟོན་ཁང་།个人展厅གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅སྐད་འཕྲིན་ལས་སྟེགས་མཐོང་བ་ཀུན་སྨོན།微信平台书法大观གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程ཡིག་གཟུགས་མ་ཕྱི། 字帖བསླབ་དེབ།学习资料གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家
ཁྱུང་པོ་སྟེང་ཆེན་གྱི་ཡིག་མཁན་དབུ་ཆེན་མོ་༧ཆུང་རྒྱུད་ཚེ་དབང་མཐར་ཕྱིན
2017-10-07 01:42来源:བོད་ཀྱི་ཡིག་གཟུགས་དྲ་བ།作者:ཆུང་རྒྱུད་ཚང་སློབ་ཚོགས་ཀྱིས།浏览数:856 
文章附图


༄༅།།སྤྱི་ཚོགས་འཆམ་མཐུན་གྱི་ངང་དུ་ཁྱུང་པོ་སྟེང་ཆེན་གྱི་ཡིག་མཁན་དབུ་ཆེན་མོ་༧ཆུང་རྒྱུད་ཚེ་དབང་མཐར་ཕྱིན་

གྱིས་མི་ཚེའི་བརྒྱུད་རིམ་ནང་སློབ་མ་གསོ་སྐྱོང་བྱས་ཚུལ་དང་འབྲེལ་བྱང་ནག་ཆུ་ས་ཁུལ་གྱི་རྫོང་ཁག་

མང་པོར་མི་རྣམས་ཀྱི་རེ་འདུན་བཞིན་ཡིག་གཟུགས་ཟབ་ཁྲིད་བསྩལ་བའི་

གནས་ཚུལ་ཁྱབ་བསྒྲགས།།


ཀུན་སྤྱོད་གཞན་ལས་ལེགས་ན་ཀུན་གྱི་དབང་ཡུལ་མཛེས།།

རྒྱུན་ཏུ་གཞན་ཕན་བསྒྲུབས་ན་ཀུན་གྱིས་དོ་སྣང་བྱེད།།

རིག་གནས་རིན་ཐང་ལྡན་ན་ཀུན་གྱིས་བསླབ་མོས་ཤིང།།

སློབ་དཔོན་ཕྱོགས་རིས་མེད་ན་སྦྱང་བསྐལ་ཀུན་ལ་ཡོད།།






    ཅེས་ཚིགས་བཅད་འདི་ཡིས་སྔོན་བསུས་ཏེ་བྲི་ན།

     བོད་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཁུང་མི།  ཆབ་མདོ་གྲོང་ཁྱེར་ཡིག་གཟུགས་མཛེས་རྩལ་མཁས་ཅན་ལྷན་ཚོགས་ཀྱི་ཚོགས་མི།  བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དངོས་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་༼  ཞང་བོད་ཡིག་གཟུགས་ ༽  ཀྱི་རྒྱུན་འཛིན་པ།  སློབ་དཔོན་བསྟན་པ་རིན་པོ་ཆེས་གཙོ་གཉེར་གནང་བའི་ཞང་ཞུང་བོན་གྱི་བཀའ་འགྱུར་གསེར་བྲིས་སུ་བཞེང་སྐབས་དབུ་མཛད་ཆེན་མོ་འམ་ཁྱུང་པོའི་ཡིག་བྲིས་མཁས་ཅན་རྣམས་ཀྱི་ལམ་སྟོན་པ་ཆེན་མོ་༧ཆུང་རྒྱུད་༧ཚེ་དབང་མཐར་ཕྱིན་གྱིས་འདི་ནས་ཡར་བརྩིས་ཤིང་འདས་པའི་ལོ་ངོ་བཅུ་ཕྲག་ལྷག་གི་གོང་དུ།   ཁྱུང་ཡུལ་སྟོད་པ་གནའ་བོའི་ཡིག་བྲིས་ཀྱི་ཕ་ས་རུ་གྲགས་པའི་ཁྱུང་སེར་གྱི་ཡུལ་གྲུ། རི་བོ་སྤུ་རྒྱལ་གངས་རིའི་མཐར་སྐོར་དུ་ཆགས་པའི།  བྲིས་ཀྱི་བསྟི་གནས་ཁྲི་རྡོ་ཟམ་ཞིག་རེ་ནེ་དགོན་གྱི་བསྟན་བདག་རྣམས་དང་གླིང་བཙུན་ཚེ་དབང་གཙག་ཕུད་སོགས་ཕ་ཡུལ་གྱི་མི་ཆེན་མི་དམངས་ཀུན་གྱིས་རེ་བསྐུལ་གནང་བར་བརྒྱུད།  རེ་ནེ་དགོན་པའི་ནང་དུ་ཡིག་གཟུགས་ཟབ་སྦྱང་གྱི་ཆེད་དུ་མི་སེར་༢༠༠ཉིས་བརྒྱ་ལ་ཉེ་བ་རང་མོས་ཀྱི་སྒོ་ནས་སློབ་གྲྭར་འདུས་པ་དང་། རྒན་ཁོང་གཅིག་པུས་སློབ་ཡོན་གང་ཡང་མེད་པར་ཡིག་གཟུགས་ཀྱི་ལམ་སྟོན་དང་སློབ་ཁྲིད་ཡུན་རིང་བྱས་པས་ཡུལ་དེའི་ཆབ་དཔལ་རིག་གསུམ་ཀྱི་རྨང་གཞི་ལྟ་བུར་གྱུར་ཏེ་ཕྱིས་སུ་ཡར་རྒྱས་ཀྱི་འབྲས་བུ་བཟང་པོ་དམིགས་བསལ་དུ་སྨིན་པ་རེད་།  དེ་ཡི་ལོ་ངོ་ལྔ་ཡི་རྗེས་སུ་ཁྱུང་ཡུལ་སྨད་མ་མི་རྗེ་ཁྱུང་དཀར་རྒྱལ་པོའི་རྒྱལ་ཁམས་ཀྱི་ཁོངས་གཏོགས།  ཁྱུང་དཀར་གྱི་གདན་ས་ཆེན་མོ་དཔལ་གྱི་སྟེང་ཆེན་དགོན་གཡུང་དྲུང་བསྟན་རྒྱས་གླིང་གི་གཡོན་ཟུར། ཁྱུང་ཡུལ་རྩ་བླ་མེ་སྟོན་ཆེན་མོའི་གདན་ས་ཀུན་གྲགས་མཐོང་གྲོལ་གླིང་གི་ཁྲི་འཛིན་༧གནམ་ལྷ་ཞིང་གཤེགས་དེ་ཡི་བཀའ་ལྟར་དགོན་དེར་ཡིག་གཟུགས་ཀྱི་ཟབ་སྦྱང་སློབ་གྲྭ་བཙུགས་པ་དང་།   ཁྱུང་དཀར་དང་ཁྱུང་ནག་གི་སྡེ་འབངས་རྣམས་མི་ཚོགས་བརྒྱ་ཕྲག་ལ་ཉེ་བར་ཡིག་གཟུགས་ལམ་སྟོན་ཟབ་ཁྲིད་བྱས་པས་མེ་སྟོན་གྲུབ་ཆེན་དམ་པ་དང་དཔོན་སློབ་བློ་གྲོས་རབ་གསལ་སོགས་ཀྱི་ཐུགས་ཡིད་ཤིན་ཏུ་ཚིམས་པོར་གྱུར།  མ་ཟད་དུས་རྒྱུན་དུ་དགེ་རྒན་རང་གི་དལ་ཁོམ་དང་བསྟུན་ཏེ་རང་ཁྱིམ་ནང་དུ་རྒྱུ་ཚེགས་གང་ཡང་མ་འཛེམས་པའི་སྒོ་ནས་སློབ་མ་བཅུ་ཕྲག་ཡན་མན་ཙམ་ཉར་གྱི་ཡོད་ལ།   ཡུལ་མི་རྣམས་ཀྱི་རེ་འདུན་ལྟར་ལོ་རེར་ཉིན་བདུན་ཕྲག་གསུམ་དང་གཉིས་གང་རུང་ལ་ཆེད་དུ་ཡིག་གཟུགས་ཟབ་ཁྲིད་བསྩལ་བཞིན་ཡོད་པ་རེད།




      སྤྱི་ལོ་༢༠༡༧ལོའི་སྤྱི་ཟླ་༢་གཉིས་པའི་ནང་རེ་དགོན་མདོ་སྔགས་བཤད་སྒྲུབ་གླིང་གི་བསྟན་བདག་མཁན་ཆེན་ཚུལ་ཁྲིམས་མཐར་ཕྱིན་དཔལ་བཟང་པོ་མཆོག་དང་སློབ་དཔོན་ཚུལ་ཁྲིམས་རྒྱལ་མཚན། མཁན་པོ་གཙུག་ཕུད་ཚུལ་ཁྲིམས་ཁྱུང་པོ་སྟེང་དགོན་གྱི་དགེ་བཤེས་རེ་ནེ་དགོན་བཤད་སྒྲུབ་ཀྱི་དགེ་རྒན་ཆེན་མོ་ཚུལ་ཁྲིམས་གཡུང་དྲུང་སོགས་ཀྱིས་ཐུགས་བསམ་རྒྱ་ཆེའི་ངང་ནས་༧ཆུང་རྒྱུད་ཚེ་དབང་མཐར་ཕྱིན་དགོན་དེའི་བཤད་སྒྲུབ་ལྷན་རྒྱས་སུ་ཡིག་གཟུགས་དགེ་རྒན་དུ་གདན་ཞུས་གནང་བ་བརྒྱུད།



      དགེ་རྒན་ཁོང་གིས་དགོན་དེའི་བཤད་སྒྲུབ་འདུས་སྡེ་ལ་ཡིག་གཟུགས་ཟབ་ཁྲིད་རྒྱ་ཆེར་བསྩལ།  དེ་རྗེས་ཟླ་བ་༣གསུམ་པའི་ནང་གཤེན་གྱི་ཡོངས་འཛིན་༧སྐལ་བཟང་རྒྱལ་ལགས་ཀྱི་བཀའ་ལྟར་ཁོང་གི་སྐུ་ཚ་འཇང་བསྟན་པའི་རྒྱལ་མཚན་གཙོས་པའི་སློབ་མ་ཁ་ཤས་ལ་ཟླ་བ་གཅིག་གི་རིང་དུ་རྒན་གྱིས་རང་ཁྱིམ་དུ་ཉར་ཏེ་ཡིག་གཟུགས་ཟབ་ཁྲིད་བསྩལ། སྤྱི་ལོ་༢༠༡༧ལོའི་ཟླ་༩དགུ་པའི་ནང་དཔའ་མཛངས་རྒྱུ་འབྱོར་གྱིས་ཕྱུག་ཅིང་ཆོག་ཤེས་དད་སེམས་དང་ལྡན་པའི།    ཀྲུང་ཧ་ཡི་རིག་གནས་ཆེན་མོ་ཞང་བོད་ཡིག་གཟུགས་ལ་ཤ་ཞེན་ཆེ་ཞིང་རང་གཞན་ཀུན་ཀར་ལྷག་བསམ་གྱིས་སྐྱོང་བའི་ཞང་ཞུང་བཟོད་པ་དང་བླ་གྲྭ་མི་བུ་རྣམས་ཀྱིས་རེ་བ་དང་ཡིད་ཆེས་ཀྱི་སྒོ་ནས་༧ཆུང་རྒྱུད་བྲིས་པ་ཚེ་དབང་མཐར་ཕྱིན་གཅིག་པུར། བོད་ལྗོངས་ནག་ཆུའི་ས་གནས་སུ་དགེ་རྒན་གདན་ཞུས་བྱས་པར་བརྒྱུད།   དགེ་རྒན་གྱིས་ཀྲུང་གོའི་ཐུན་མིན་གྱི་རིག་གནས་ཞང་བོད་ཡིག་གཟུགས་ཟབ་ཁྲིད་མཛད་སྐབས།  དེར་མཉམ་ཞུགས་བྱས་པའི་ཡིག་གཟུགས་ཆེད་སྦྱང་གི་སློབ་མ་ནག་ཆུ་ས་ཁུལ་གཉན་རོང་རྫོང་བེ་གཞུང་ནས་ཡིན་པའི་དབང་ལྡན་ཞུ་ཡི་གདུང་འཛིན་བླ་མ་བཀྲ་ཤིས་ཉི་མ་དང་། ཞུ་བསོད་ནམས་བཀྲ་ཤིས། ཞུ་ཚེ་དབང་སྟོབས་ལྡན།  སྐྱང་ཚང་བླ་མའི་གདུང་འཛིན་ཡིད་བཞིན་བསམ་འགྲུབ་མཆོག་དང་།   སྦྱངས་འབྲས་ལྷག་པར་ཐོན་པའི་སློབ་མ་འཇང་བསྟན་པའི་རྒྱལ་མཚན་དང་བྲུ་བཙུན་བཀྲ་ཤིས་རྒྱལ་མཚན་སོགས་དང་ དེ་མིན་༼སྦྲ་ཆེན་རྫོང་དང་    བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་སོགས་ཀྱི་མདོར་ན་མི་རིགས་སེར་སྐྱ་ཕོ་མོ་༥༠་ ལྔ་ཅུ་ལྷག་ཙམ་ཚད་བསྒོས་ལྟར་འདུས་པས་དུས་ཡུན་ཟླ་བ་༡གཅིག་གི་རིང་སློབ་ཁྲིད་ཟབ་རྒྱས་བྱས་པ་དང་།   མཇུག་འབྲས་གཡུལ་དུ་ཟ་བར་སྨིན་ཞིང་།   སྐབས་དེར་གཉན་རོང་རག་ཤི་ནམ་མཁའ་ཚུལ་ཁྲིམས་ཀྱིས་གཤིན་པོའི་དགེ་དོན་ཆེད་དུ་རེ་བསྐུལ་ཞུས་པ་ལྟར་སློབ་མ་རྣམས་ཀྱིས་ཡིག་གེ་བྲིས་ཏེ་ཞབས་ཞུ་བླ་མེད་བསྐྱངས་པས་སྦྱིན་བདག་རག་ཤི་ནམ་མཁའ་ཚུལ་ཁྲིམས་གཙོས་པའི་མི་རྣམས་ཀུན་གྱིས་ཡིད་སྨོན་དང་བསྔགས་བརྗོད་ཚད་མེད་གནང་བ་དང་།   བློ་དང་ཤེས་རབ་གཞན་ཕན་ལ་ཁ་ཕྱོགས་པའི་མི་བུ་རྣམས་ཀྱིས་འདིའི་དོན་གོ་ཐོས་བྱུང་བར་དགའ་བསུ་དང་ཡི་རང་ཚད་མེད་པར་སྐྱེས་ཤིང་།   སྤྱི་ལོ་༢༠༡༧ལོའི་སྤྱི་ཟླ་༡༠པའི་ཚེས་བཟང་ཉིན་སྤྱི་ཚོགས་ཞི་བདེ་འཆམ་མཐུན་ངང་མཇུག་སྒྲིལ་མཛད་སྒོ་གཟབ་རྒྱས་ངང་གྲུབ་པ་རེད་འདུག།



ནག་ཆུ་ས་ཁུལ་དུ་སློབ་མ་གསོ་སྐྱོང་སྐབས།


ནག་ཆུ་ས་ཁུལ་དུ་སློབ་མ་གསོ་སྐྱོང་སྐབས་ཡིན།


     དམིགས་བསལ་དུ་ཞུ་བྱ། མི་རྣམས་ཀྱིས་རང་མོས་གང་ཡོད་སྒོ་ནས་དགེ་རྒན་དུ་བརྟེན་ཆོག་པ་ལས།  གཡོ་རྒྱུ་དང་ཨོ་ཟོབ་ཀྱིས་བསྡུ་རུབ་མཛད་མྱོང་མེད་ལ། འདས་མ་ད་གསུམ་གྱི་སློབ་ཚོགས་གྲལ་ན་རེ་ཞིག་ཁྱིམ་རྒྱུད་བཟང་བ་རྒྱུ་ནོར་དང་མི་ཡི་གོ་ས།  ཐོབ་དང་སྙན་གྲགས་བཅས་ཀྱི་ཐད་ནས་གང་བཟང་གང་ལེགས་ཡོད་ནའང་། གནའ་རབས་ཀྱི་རིག་གཞུང་ལ་དུང་བ་ཟབ་ཅིང་ཤ་ཞེན་ཆེ་བ་དེང་རབས་འདིར་ཡར་ཐོན་སྔོན་ཐོན་གྱི་བསམ་བློ་ཡོད་པའི་རིགས་མང་པོ་ཡོད་ལ།  འགའ་ཞིག་ཁྱིམ་མི་གྲངས་ཀ་ཉུང་ཞིང་དབུལ་བ་དང་འཕོང་བ་གཞུང་ཞབས་ཀྱི་ལས་ཀ་མེད་པའི་རིགས་ཡིན་པས།  དྲིན་ཨ་མས་བྱམས་སྐྱོང་འདྲ་ན་ཡང་། ལས་དབང་ཐང་བསོད་ནམས་ཁ་ཁ་ཡིན་ཟེར་བའི་དཔེ་ལྟར་དགེ་རྒན་ཡུན་རིང་བསྟེན་པ་དང་སྦྱངས་བརྩོན་ཧུར་ཐག་བྱས་པའི་སློབ་མ་འགག་ཞིག་ད་ལྟར་༧རྒྱལ་བའི་བཀའ་འགྱུར་གསེར་བྲིས་སུ་བཞེང་མཁན་བྲིས་པའི་གྲལ་དུ་ཚུད་པ་དང་། རེ་ཞིག་ཕྱོགས་དང་ཐ་གྲུའི་སྦྱིན་བདག་རྣམས་ཀྱིས་རེ་བ་ལྟར་རྩ་ཆེའི་རིགས་དངོས་སུ་ཉར་རྒྱུའི་ཡིག་རིགས་མང་པོ་བྲི་ཐུབ་པས། སློབ་མ་རྣམས་ཀྱི་མི་ཚེའི་བརྒྱུད་རིམ་ཁྲོད་རང་གི་འཚོ་གནས་དང་དགེ་དོན།  ཐོབ་དང་མིང་གྲགས་བཅས་གང་ཅིའི་ཐད་དུ་འོས་ཚོད་ཅིག་ཐག་གཅོད་ཐུབ་པ་བྱུང་བ་དང་།  མ་འོངས་པར་རང་གིས་སྦྱང་བརྩོན་དང་ལས་འབྲས་ཀྱི་སྒོ་ནས་འབྲས་བུ་འོས་ཚོད་ཅིག་སྨིན་ཐུབ་པའི་གདེང་ཚོད་དང་ཡིད་ཆེས་ཀྱང་ཡོད་པ་རེད།  གནས་ཚུལ་འདི་ཡིག་ལམ་དུ་བཀོད་པར་སྒྲོ་འདོག་དང་རྫུན་ལྷད་བསྲེས་མེད་ལ་དངོས་ཡོད་བདེན་གཏམ་གྱི་དཔང་རྟགས་བརྟན་པོ་ཞིག་འདུག་གོ།


ནག་ཆུ་ས་ཁུལ་དུ་སློབ་མ་གསོ་སྐྱོང་སྐབས་ཡིན།



ནག་ཆུ་ས་ཁུལ་དུ་སློབ་མ་གསོ་སྐྱོང་སྐབས་ཡིན།


ནག་ཆུ་ས་ཁུལ་དུ་སློབ་མ་གསོ་སྐྱོང་འཛིན་གྲྭ་མཇུག་བསྡུའི་མཉམ་པར





       བསྟོད་པ་ཙམ་གྱི་མཆོག་ཏུ་མ་སོང་ནའང་། སྨད་པ་ཙམ་གྱིས་དམན་དུ་མི་འགྲོ་བས་གཟིགས་པ་པོ་རྣམས་ཀྱིས་དཔྱད་པར་འཚལ།།


                               མེ་རི་དམར་པོས།༢༠༡༧་ལོར་རྨང་གཞི་བཀོད་པ་ལྟར་ཆུང་རྒྱུད་ཚང་སློབ་ཚོགས་ཀྱིས་བྲིས།



帐号密码登录
登录
我的资料
我的收藏
购物车
0
留言
回到顶部