གསར་འགྱུར། 新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅མི་སྒེར་གྱི་འགྲེམ་སྟོན་ཁང་།个人展厅གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅སྐད་འཕྲིན་ལས་སྟེགས་མཐོང་བ་ཀུན་སྨོན།微信平台书法大观གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程ཡིག་གཟུགས་མ་ཕྱི། 字帖བསླབ་དེབ།学习资料གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家
བསང་ཆུའི་བྲིས་པའི་དགྱེ་འཛོམས་བླ་བྲང་ནས་ཚོགས་པ།
2017-10-02 08:37来源:སྐད་འཕྲིན།作者:མི་གསལ浏览数:502 

          ༄༅།།འབྲས་ལྡན་སྟོན་གྱི་ཕུན་ཚོགས་མ་ལུས་བཀྲ་ཤིས་གཡས་སུ་འཁྱིལ་བའི་མཐའ་བཞི་ཀུན་ལ་ཡོངས་སུ་མཆེད་ཅིང་། རྒྱལ་སྟོན་ཡོ་ལང་རྣམ་པར་བཞད་པའི་དུས་སུ། དགའ་ཕྱོགས་ཤིག་སྨྱུ་གུའི་རྩེ་ལ་འཁྱིལ་ཞིང་། དགོད་སྒྲ་ཅིག་བསང་ཆུའི་རྒྱུན་ལ་འདྲེས་པའི་བསང་ཆུའི་བྲིས་པ་རྣམས་བསང་ཆུ་རྫོང་བླ་བྲང་ཨ་མྱེས་སྐུ་བླའི་གསོལ་མགྲོན་ཁང་དུ་བསང་ཆུ་སྔོན་མོའི་རླབས་སྒྲ་དང་འགྲོགས་ནས་ཡིག་གཟུགས་བརྗོད་བྱར་གཉེར་བའི་སྒྱུ་རྩལ་འདུ་འཛོམས་ཐེངས་ཤིག་མ་གྲོས་ངང་གིས་ཚོགས་པ་རེད།



              ཐེངས་འདིའི་བྱ་འགུལ་ནི་༢༠༡༧ལོའི་ཟླ༡༠ཚེས་༡ཉིན་བྲིས་པ་གངས་དཀར་དང་རྩོམ་པ་པོ་གཉིས་ནས་རྩ་འཛུགས་བྱས་ལ། མདོ་སྨད་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཡིག་མཁན་ནམ་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭའི་ཡིག་གཟུགས་དགེ་རྒན་ཆེན་མོ་རྒན་འཇིགས་མེད་ཆོས་དར་དང་། ཀན་ལྷོའི་བོད་ཀྱི་ཡིག་གཟུགས་མཁས་པ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་ཀན་ལྷོ་ས་ཁུལ་ཀྱི་གདན་ཞུའི་དཔྱད་འདེམ་པ་བསོད་ནམས་ཚེ་རིང་དང་དང་ཁ་གྱ་འཇིགས་མེད།  གཞན་བསང་ཆུའི་བྲིས་པ་ཚེ་གྲུབ་དང་མགོན་པོ་ཚེ་རིང་། དཔྱིད་རླུང་དང་ཐུབ་བསྟན་རྒྱ་མཚོ་སོགས་ཕེབས་ཡོད།




           བྱ་འགུལ་འདིར།  བསང་ཆུ་སྔོན་མོས་སྐྱེད་ཅིང་བསྲིང་བའི་སྨྱུག་ཐོག་རྣམ་པ་གཞི་ཁ་གཅིག་ལ་འཛོམས་ཏེ། དགའ་ཕྱོགས་ཀྱི་དཔུང་རྡང་གཅིག་ལ་གཏོད་རྒྱུ་དང་། སྨྱུག་རྩེ་ཡི་འཁྱུག་འགྲོས་དྲང་ལ་ཕབ་དེ་ཡིག་ཁུངས་ཀྱི་ཨུཔྜལ་སེམས་ལ་གཉེར་རྒྱུ་དམིགས་འདུན་དུ་བཟུང་པ་མ་ཟད།  གསོལ་ཟས་དང་དགོད་སྒྲ   བགྲོ་གླེང་དང་ཡིག་རྩལ་སོགས་གཞི་གཅིག་ཏུ་འདྲེས་པའི་འདུ་འཛོམས་ཐེངས་གཅིག་ཀྱང་ཡིན།




            ཐེངས་འདིའི་བྱ་འགུལ་གྱིས་བཀྲ་ཤིས་མཆོད་དབྱངས་དང་འགྲོགས་པའི་མ་འོངས་པའི་རེ་བ་དང་ཁ་སེམས་གཅིག་ཏུ་མཐུན་པའི་ཡིག་གཟུགས་པའི་ལག་འཇུ་དམ་པོར་སྦྲེལ་ཡོད་པས་ས་གནས་ཡིག་མཁན་རྣམ་པའི་བྲིས་རྩལ་དང་བསམ་བློ་གཅིག་ཏུ་བསྡུས་ཤིང་།  ཡིག་གཟུགས་ཀྱི་གར་སྟབས་སྔར་ལས་ཡངས་བའི་མདུན་སྐྱོད་ཀྱི་ལྷན་འཛོམས་ཤིག་ཡིན་པར་གདོན་མི་ཟའོ།།


会员登录
登录
我的资料
我的收藏
购物车
0
留言
回到顶部