设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性书法展厅སློབ་རའི་འགྲེམ་སྟོན་ཁང་།校园展厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

མཚོ་སྔོན་མི་རིགས་དགེ་འོས་སློབ་གླིང་གིས་སླའོ་ཡིག་གཟུགས་མཐུན་ཚོགས་ཀྱི་རྣམ་པ་གསར་བ།

 二维码 925
发表时间:2017-09-28 23:52作者:གསར་འགོད་པ།འགྱུར་མེད་རྒྱ་མཚོ།来源:བོད་ཀྱི་ཡིག་གཟུགས་དྲ་བ།


    ༄༅། །སླའོ་ཡིག་གཟུགས་ཚོགས་པ་ནི་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་འབྲེལ་ཡོད་འགོ་ཁྲིད་དང་།  བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག  སློབ་མའི་ལས་དོན་ཁྲུའུ་སོགས་ཀྱི་རྒྱབ་རོགས་ཐུགས་ཁུར་དང་། དགེ་རྒན་རྨོག་རུ་དོན་གྲུབ་ཚེ་རིང་ལགས་ཀྱི་ཐད་ཀའི་མཛུབ་སྟོན་འོག་ནས་བཙུགས་པ་ཡིན་ལ།བོད་ཡིག་ཡིག་གཟུགས་སློབ་ཁྲིད་ལ་རམ་འདེགས་དང་། གཞུང་ལུགས་དང་ལག་ལེན་ཡ་མ་བྲལ་བར་འཕེལ་རྒྱས་སུ་གཏོང་བར་མེད་དུ་མི་རུང་བའི་སྟེགས་བུ་གལ་ཆེན་ཞིག་ཀྱང་ཡིན།

   སླའོ་ཡིག་གཟུགས་ཚོགས་པས་ལོ་རེ་རེར་ཡིག་གཟུགས་སྒྱུ་རྩལ་ལ་སྤྲོ་བ་ཡོད་པའི་སློབ་མ་གསར་བ་བསྡུས་ཏེ་གཟའ་རེའི་གཟའ་མཇུག་གི་སྐབས་སུ་སློབ་མ་ཚོའི་འདོད་མོས་ལྟར་ཐོན་མིའི་ཡིག་རྒྱུན་ལ་ཞུགས་མྱོང་བའི་སློབ་གྲོགས་ཚོ་རྩ་འཛུགས་ཀྱིས་བོད་ཀྱི་ཡིག་གཟུགས་སྣ་ཚོགས་ཏེ་ཚུགས་རིང་དང་སྡེར་ནང་ས་བྲིས་སོགས་སློབ་ཁྲིད་དང་། ལག་ལེན་ཟུང་འབྲེལ་གྱི་བགྱི་བ་ལྷུར་བླངས་པས་ད་ཆ་བྲིས་པ་མང་པོ་ཞིག་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ལྟར་འཚར་ལོངས་བྱུང་།  སླའོ་ཡིག་གཟུགས་ཚོགས་པས་སློབ་སྐབས་ཡིག་གཟུགས་འགྲེམ་སྟོན་དང་ཡིག་གཟུགས་ཐོལ་བྲིས་ཀྱི་བྱ་འགུལ་སྣ་ཚོགས་སྤེལ་ནས་རྒྱ་ཆེའི་དགེ་སློབ་ལྷན་རྒྱས་ཀྱི་མིག་གི་དགའ་སྟོན་དུ་ཡིག་གཟུགས་སྒྱུ་རྩལ་གྱི་སྟོན་མོ་རྒྱ་ཆེར་བཤམས་མྱོང་པ་ཡིན།  ད་ལོར་ཡང་སློབ་འགོ་གསར་བ་ཚུགས་པ་དང་བསྟུན་ནས་སྔར་སྲོལ་ལྟར་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ལ་དུངས་པ་ཟབ་ཅིང་སྤྲོ་བ་ཡོད་པའི་གསར་ཞུགས་ཀྱི་སློབ་མ་མང་པོ་ཞིག་བསྡུ་བཞིན་ཡོད་པས། གོ་སྐབས་འདི་ནི་ཡིག་གཟུགས་སྒྱུ་རྩལ་ལ་དོ་སྣང་ཡོད་པའི་སྐལ་ལྡན་གྱི་སློབ་གྲོགས་རྣམ་ལ་མཚོན་ན་རང་ཉིད་ལ་རིག་པའི་རྒྱན་ཆ་སྤྲས་པ་རང་ཉིད་ཀྱི་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བར་ཀུན་ནས་ཕན་པ་ཞིག་ཡིན་པས་སློབ་གྲོགས་བརྒྱ་ཕྲག་ལ་ཉེ་བ་ཞིག་ཚོགས་པ་འདིར་གསར་དུ་ཞུགས་ནས་ཚོགས་པའི་དཔུང་སྟོབས་ཆེ་རུ་བཏང་།  སླད་མར།  ང་ཚོས་མཉམ་དུ་རང་ཅག་གི་མེས་པོའི་ཕྱག་བྲིས་ལ་བརྟེན་ནས་བྱུང་བའི་ཡིག་གཟུགས་སྒྱུ་རྩལ་གྱི་ཕྱོགས་ལ་ལག་ལེན་དང་གཞུང་ལུགས་ཡ་མི་བྲལ་བར་འབད་བརྩོན་གྱི་བགྱི་བ་ལྷུར་ལེན་པའི་སེམས་ཤུགས་དང་སྟ་གོན་སྔར་ལས་ལྷག་པ་ཡོད་ཅེས་ཚོགས་པ་འདིའི་འགན་འཛིན་པས་བརྗོད།