གསར་འགྱུར། 新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅མི་སྒེར་གྱི་འགྲེམ་སྟོན་ཁང་།个人展厅གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅སྐད་འཕྲིན་ལས་སྟེགས་མཐོང་བ་ཀུན་སྨོན།微信平台书法大观གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程ཡིག་གཟུགས་མ་ཕྱི། 字帖བསླབ་དེབ།学习资料གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家
དཀར་མཛེས་མི་རིགས་སློབ་འབྲིང་གི་ཡིག་གཟུགས་དགེ་རྒན་བསོད་ནམས་དབང་རྒྱལ་ངོ་སྤྲོད།
2017-09-28 23:05来源:བོད་ཀྱི་ཡིག་གཟུགས་དྲ་བ།作者:དབྱངས་གསལ།浏览数:437 
文章附图

     ༄༅།།དཀར་མཛེས་མི་རིགས་སློབ་འབྲིང་གི་དགེ་རྒན་བསོད་ནམས་དབང་རྒྱལ་ནི་སྤྱི་ལོ༡༩༦༨ལོར་ཁམས་དཀར་མཛེས་རྫོང་མདའ་མདོ་ཡུལ་ཚོའི་ཆུ་མཁར་གྲོང་ཚོ་རུ་སྐྱེས། དགུང་ལོ་བདུན་གྱི་ཐོག་སྔགས་རམས་པ་ངག་དབང་དོན་ལྡན་སོགས་ཀྱི་དྲུང་ནས་འབྲི་ཀློག་སྦྱོང་པའི་མགོ་བརྩམས་པ་དང་། རིམ་བཞིན་མདའ་མདོ་སློབ་ཆུང་གི་རྒན་བསོད་ནམས་དངོས་གྲུབ་སོགས་ཀྱི་དྲུང་ནས་འབྲི་ཀློག་གཉིས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་། སྤྱི་ལོ༡༩༨༢ལོར་དཀར་མཛེས་མི་རིགས་སློབ་འབྲིང་དུ་རྒན་ཚེ་རིང་རྡོ་རྗེ་དང་། རྒན་སངས་ཆོས་འཕེལ་སོགས་བསྟེན་ནས་སུམ་རྟགས་དག་གསུམ་གཙོས་སྦྱང་བྱ་ཀུན་ལ་འབད་བརྩོན་ལྷོད་མེད་བྱས། སྤྱི་ལོ༡༩༨༥ལོ་ནས་གྱ་དགུའི་བར་དཀར་མཛེས་མི་རིགས་དགེ་འོས་སློབ་གྲྭ་ནས་འདན་ཁོག་འཇམ་དབྱངས་དཔལ་ལྡན་མཆོག་དང་རྒན་བཀྲ་ཤིས་དོན་འགྲུབ་སོགས་ཀྱི་དྲུང་ནས་གཟབ་གཤར་དང་ལཉྩ། དག་ཡིག་ངག་སྒྲོན། སྔགས་ཀློག་ཐབས། ནག་རྩིས། རྒྱལ་སྲས་ལག་ལེན་སོ་བདུན་མ་དང་སྙན་ངག་བཅས་ལ་སྦྱང་བ་བྱས། ཕྱིས་སུ་རྒན་བསོད་ནམས་ཕུན་ཚོགས་ཀྱི་དྲུང་ནས་ལམ་རིམ་བདུད་རྩི་སྙིང་པོ་དང་། རྒན་བླ་མ་བཀྲ་ཤིས་ཀྱི་དྲུང་ནས་བསྡུས་གྲྭ་ཆེ་འབྲིང་ཆུང་གསུམ། རྒན་སངས་རྒྱས་བཀྲ་ཤིས་ཀྱི་དྲུང་ནས་དབུ་མ་སོགས་ལ་སྐོམ་པས་ཆུ་འདོད་པ་བཞིན་འབད་པ་རྒྱ་ཆེར་གནང་། ༡༩༨༨ལོར་སློབ་གྲྭ་སྤྱིའི་ཡིག་གཟུགས་འགྲན་བསྡུར་གྱི་ཁྲོད་གཟབ་གཤར་གཉིས་ལ་ཨང་དང་པོའི་བྱ་དགའ་ཐོབ། དེ་ནས་རི་མགོ་སློབ་ཆུང་དུ་ལོ་དྲུག་དང་། དཀར་མཛེས་བོད་ཡིག་སློབ་འབྲིང་དུ་ལོ་བཅུ་གསུམ། དཀར་མཛེས་མི་རིགས་སློབ་འབྲིང་དུ་ལོ་ལྔ་ལྷག་གི་སྐད་ཡིག་དང་བྲིས་གཟུགས་དགེ་རྒན་གྱི་ལས་འགན་བཞེས་ཞིང་། ད་ལྟའི་བར་སློབ་མ་སྟོང་ཕྲག་མང་པོ་གསོ་སྐྱོང་གནང་ནས་ཞིང་ཆེན་ཕྱི་ནང་གི་ལས་རིགས་སོ་སོར་རང་གི་ནུས་པ་འདོན་བཞིན་ཡོད། ད་ལྟར་ཡང་གཟའ་མཇུག་སོགས་ངལ་གསོའི་ཉི་མ་དང་། གུང་གསེང་གི་སྐབས་སུ་ཡང་གླ་ཆ་མི་ལེན་པར་སློབ་བུ་རྣམས་ལ་ཡིག་གཟུགས་སོགས་ཟུར་ཁྲིད་ཅི་ལྕོགས་གནང་པ་དང་།གཞན་ཡང་སློབ་ཁྲིད་ཀྱི་ཞོར་དུ་རང་ཁྱིམ་ནས་རྒན་དར་གཞོན་གྱི་སློབ་མ་བཞི་བཅུ་ལྷག་ལ་བོད་ཡིག་འབྲི་ཀློག་ནས་ནང་ཆོས་ངོ་སྤྲོད་གནང་བཞིན་འཚོ་ཞིང་བཞུགས་ཡོད།

    ང་ཚོས་ཁོང་གི་ལོ་རྒྱུས་དང་ཡིག་གཟུགས་སྐོར་འདིར་འགོད་པ་ནི་རང་ཅག་བོད་པའི་ཕྱི་རབས་པ་གསོ་སྐྱོང་གི་ཆེད་དུ་དུས་ནམ་ཡང་རང་དོན་རྒྱབ་སྐྱུར་དང་ཟས་བརྗེད་གཉིད་བཅག་གིས་སློབ་གསོའི་ལས་དོན་ཁོ་ན་ལ་གཞོལ་བཞིན་བ་དང་། བོད་རང་གི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་དཀའ་ལས་གང་མང་མྱོང་བཞིན་པའི་དགེ་རྒན་ཕུལ་བྱུང་ཅན་ཁོང་གི་མཛད་བཟང་ལ་བསྔགས་བརྗོད་དང་། བླ་མེད་སྙིང་སྟོབས་དང་རླབས་ཆེན་སྤྱོད་བཟང་ལ་སློབ་སྦྱོང་བྱ་ཕྱིར་ཡིན་ནོ།།










































































   


帐号密码登录
登录
我的资料
我的收藏
购物车
0
留言
回到顶部