གསར་འགྱུར། 新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅མི་སྒེར་གྱི་འགྲེམ་སྟོན་ཁང་།个人展厅གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅སྐད་འཕྲིན་ལས་སྟེགས་མཐོང་བ་ཀུན་སྨོན།微信平台书法大观གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程ཡིག་གཟུགས་མ་ཕྱི། 字帖བསླབ་དེབ།学习资料གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家
ཀན་ལྷོ་དང་ཐེན་ཅིན་གྱི་མཛའ་འབྲེལ།གངས་ལྗོངས་དང་རྒྱ་མཚོ་ཡི་དུས་བཅད།
2017-09-21 23:41来源:བོད་ཀྱི་ཡིག་གཟུགས་དྲ་བ། ཐེན་ཅིན་ཤར་ཕྱོགས་དྲ་བ།作者:རྟ་མགྲིན་མགོན་པོ། 李生瑞浏览数:568 
文章附图


     ཉེ་བའི་ཉིན་འགའི་སྔོན་ལ། ཀན་ལྷོ་ཁུལ་གྱི་རིག་རྩལ་མཉམ་འགྱུར་འགྲེམ་སྐོར་ཚོགས་པའི་མི་གྲངས་ཉེར་དྲུག་ལྷག་རང་རྒྱལ་ཐེན་ཅིན་གྲོང་ཁྱེར་དུ་ཕེབས་ནས་རིག་རྩལ་ཁྱབ་སྤེལ་གྱི་བྱེད་སྒོ་སྤེལ་བ།

     བྱ་འགུལ་འདི་ནི་༢༠༡༧ལོའི་ཟླ༨པར་ཐེན་ཅིན་གྲོང་ཁྱེར་རིག་རྩལ་མཉམ་འབྲེལ་མཐུན་ཚོགས་དང་དེའི་ཁོངས་གཏོགས་རིག་རྩལ་མཐུན་ཚོགས་ཀྱི་ཆེད་མཁས་༣༠ལྷག་བོད་ཡུལ་དུ་སྐྱོད་དེ་༼  གསུང་བཤད་ ༽  ཀྱི་དགོངས་དོན་གལ་ཆེན་དམངས་ཁྲོད་དུ་སྐྱོད་པའི་བྱ་འགུལ་གྱི་རྒྱུན་མཐུད་བྱེད་སྒོ་ཞིག་ཡིན་ལ། ༢༠༡༦ལོའི་ཟླ་བཞི་བར་ཐེན་ཅིན་རིག་རྩལ་མཐུན་ཚོགས་དང་ཀན་ལྷོ་ཁུལ་རིག་རྩལ་མཐུན་ཚོགས་ཀྱིས་རྩོམ་རིག་སྒྱུ་རྩལ་བརྗེས་རེས་དང་མཉམ་འབྲེལ་སྐོར་གྱི་གྲོས་དོན་སྒྲོམ་གཞིའི་ཆིངས་ཡིག་བཀོད་ཚུན་གྱི་ཐེངས་གཉིས་པའི་རིག་གནས་བརྗེས་རེས་ཀྱི་བྱེད་སྒོ་ཞིག་ཡིན།

    ཟླ༩པའི་ཚེས༡༤ཉིན་རིག་རྩལ་མཉམ་འགྱུར་འགྲེམ་སྐོར་ཚོགས་པ་ཐེན་ཅིན་གྲོང་ཁྱེར་རིག་རྩལ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཏང་གཙོའམ་རྒྱུན་ལས་ཀྲུའུ་ཞི་བན་ཅིན་མེན་དང་། ཐེན་ཅིན་གྲོང་ཁྱེར་རིག་རྩལ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཏང་རྩ་འཛུགས་ཁོངས་མིའམ་དྲུང་ཡིག་ཆེན་མོ་ཧྲང་ཡིས་ཧྲན་དང་།  ཀྲུང་གོའི་ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུང་ཞི་གཞོན་པའམ་ཐེན་ཅིན་གྲོང་ཁྱེར་རིག་རྩལ་མཉམ་འབྲེལ་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀྲང་ཅན་ཧེའུ་ཡི་དབུ་ཁྲིད་འོག་པེན་ཧེ་ཁུལ་གསར་ཏུང་ཅང་ཀཱང་གྲུ་ཁ་དང་ཆུ་ཐོན་སྐྱེས་ཁམས་གསོ་སྐྱོང་ལྟེ་བ་སོགས་ལ་བལྟ་སྐོར་བྱས་པ་མ་ཟད། ཀའོ་ཅཱ་པའོ་སྡེ་པའི་དམངས་ཁྲོད་རིག་རྩལ་ཚོགས་པས་འཁྲབ་སྟོན་བྱས་པའི་སྦུབ་ཆལ་འཁྲབ་སྟོན་ལ་རོལ་མྱོང་བྱས། ལྷག་པར་དུ་ཀན་ལྷོ་ཁུལ་ནས་ཕེབས་པའི་རིག་རྩལ་མཉམ་འགྱུར་འགྲེམ་སྐོར་ཚོགས་པའི་སྐུ་ཚབ་དང་ཐེན་ཅིན་གྱི་མཛེས་རིས་དང་ཡིག་གཟུགས་ཆེད་མཁས་རྣམ་པ་ལྷན་དུ་འཛོམས་ནས་རིག་རྩལ་ཐད་ཀྱི་བསམ་བློ་བརྗེས་རེས་དང་ཡིག་གཟུགས་སམ་རི་མོ་སྣ་ཚོགས་ཡུལ་དངོས་ནས་གསར་རྩོམ་མཛད།

    ཐེངས་འདའི་བྱ་འགུལ་ཁྲོད་ཆེས་དགའ་བསུ་ཐོབ་ས་ནི་བོད་ཀྱི་ཡིག་གཟུགས་ཡིན་ལ། ཀན་ལྷོའི་ཡིག་གཟུགས་མཁས་དབང་། ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞི། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་མཛེས་རྩལ་སློབ་གླིང་གི་ཏང་གཙོ་རྒན་སངས་རྒྱས་བཀྲ་ཤིས་ལགས་དང་ཀྲུང་གོ་ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་རྣམ་གཉིས་ནས་རྒྱ་བོད་ཡིག་གཟུགས་མཉམ་འབྲེལ་བརྩམས་ཆོས་༼  བཀྲ་ཤིས་བདེ་ལེགས་  ༽ ཞེས་པ་གསར་རྩོམ་དང་།  ཡུལ་དངོས་ནས་རྒྱ་བོད་ཡིག་གཟུགས་སྐོར་ལ་གསུང་གླེང་ཕུན་སུམ་ཚོགས་པ་གནང་ནས་ཚོགས་ཞུགས་ཆེད་མཁས་ཀུན་གྱི་ཡིད་ཀྱི་བརྟན་པ་དབང་མེད་དུ་བཀུག་ལ།  ཡིག་འབྲིའི་བྱེད་སྒོའི་ཐོག་མཐའ་བར་གསུམ་ལ་མཐོ་རླབས་གསར་བ་བསྣན་པ་རེད།  དེ་མིན་བྲིས་པ་རྟ་མགྲིན་མགོན་པོ་དང་ཐེ་བོ་རིན་ཆེན་སོགས་ཀྱིས་ཡུལ་དངོས་ནས་བརྩམས་ཆོས་གང་མང་བྲིས་ནས་བསམ་བློ་བརྗེས་རེས་བྱས་ཡོད་པ་རེད།



































上一页
1
帐号密码登录
登录
我的资料
我的收藏
购物车
0
留言
回到顶部