གསར་འགྱུར། 新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅མི་སྒེར་གྱི་འགྲེམ་སྟོན་ཁང་།个人展厅གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅སྐད་འཕྲིན་ལས་སྟེགས་མཐོང་བ་ཀུན་སྨོན།微信平台书法大观གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程ཡིག་གཟུགས་མ་ཕྱི། 字帖བསླབ་དེབ།学习资料གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家
སྐབས་སོ་གསུམ་པའི་དགེ་རྒན་དུས་ཆེན་ལ་ཕུལ་པའི་ཡིག་གཟུགས་མཆོད་པ།
2017-09-09 08:27浏览数:1047 

དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ།


  དགེ་རྒན་ཞེས་པའི་མིང་བརྡ་དེར་གོ་དོན་རིགས་གཉིས་མཆིས་ཤིང་། སྒྲ་ཡངས་འཇུག་གི་སྒོ་ནས་བཤད་ན། དགེ་རྒན་ནི་ཤེས་བྱ་དང་ཉམས་མྱོང་སློབ་ཁྲིད་ཀྱི་མི་སྣ་ཡོངས་ལ་གོ་བ་དང་། སྒྲ་དོག་འཇུག་གི་སྒོ་ནས་བཤད་ན། དགེ་རྒན་ནི་ཆེད་ལས་ཀྱི་སློབ་གསོ་དང་སྦྱོང་བརྡར་ཐོབ་པའི་མི་སྣ་ལ་གོ་བར་མ་ཟད། སློབ་གསོའི་གོ་རིམ་ཁྲོད་སློབ་གསོ་དང་སློབ་ཁྲིད་ཀྱི་བྱ་བའི་འགན་འཁུར་མཁན་གྱི་མི་སྣ་ལ་གོ་བ་ཡིན། སངས་རྒྱས་ཆོས་ལུགས་ཀྱི་གཞུང་ནས་བཤད་ཚུལ་ནི། རང་ཉིད་ཀྱི་སྒོ་གསུམ་ཉེ་སྤྱོད་ལས་ལྡོག་ཅིང་། ཡ་རབས་དགེ་བའི་ཕྱོགས་ལ་སྦྱོར་མཁས་པ་དང་། རང་ཉིད་ལས་ཡོན་ཏན་གྱི་སྒོ་ནས་རྒན་པ་ཡིན་པའི་དབང་གིས་དགེ་རྒན་ཞེས་ཐོགས་པར་གསུངས།







    ཟླ ༩ ཚེས༡༠ ཉིན་ནི་དགེ་རྒན་དུས་ཆེན་ཡིན།  ༡༩༨༥ལོ་ཟླ༡ཚེས༢༡ ཉིན་རྒྱལ་ཡོངས་སྐབས་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་སྟེང་ནས་གྲོས་ཆོད་ལྟར་ལོ་རེའི་སྤྱི་ཟླ༩ཚེས ༡༠ ཉིན་མོ་ནི་རྒྱལ་ཡོངས་དགེ་རྒན་དུས་ཆེན་དུ་གཏན་ཁེལ་བྱས་པ་ཡིན།   དགེ་རྒན་ནི་འཇིག་རྟེན་གྱི་ཡོད་ཚད་ལ་གསོན་ཤུགས་སྟེར་མཁན་ཞིག་དང་མི་རིགས་ཀྱི་བླ་སྲོག་གསོན་པོ་བཟོ་མཁན་ཞིག་ཡིན་ཕྱིར་ཉིན་དེར་དགེ་རྒན་གྱི་བཀའ་དྲིན་མཚོན་ཙམ་གསོ་ཕྱིར་ལེགས་སྐྱེས་སྣ་ཚོགས་འབུལ་བ་དང་།  བྱ་དགའ་སྟེར་བ་མགྲོན་བསུ་གནང་བ་སོགས་ཀྱི་བྱ་འགུལ་སྤེལ་བའི་ལུགས་སྲོལ་ཡོད། དེ་བཞིན་རྒྱལ་སྤྱིའི་དགེ་རྒན་དུས་ཆེན་ནི་སྤྱི་ཟླ༡༠ཚེས༥ཉིན་ཡིན།






དུས་ཚོད་དེ་ཡུན་གྱིས་སོང་བས།།

ལོ་ཟླ་འདི་འདུག་ལོང་མ་ཡོད།།

སྐད་ཅིག་མའི་དུས་རིམ་དེ་ལ།།

མང་མང་གིས་རང་རང་བསམ་ཡོད།།

༼  འཇིག་རྟེན་གྱི་མིག ༽  ཅེས་བརྗོད་པའི།།

རླབས་ཆེན་གྱི་དགེ་བའི་བཤེས་གཉེན།།

མི་རིགས་ཀྱི་རྐང་བའི་ཆེད་དུ།།

ཁྱེད་རང་ཚོས་སྐུ་ངལ་མྱངས་སམ།།

མང་པོ་ཞིག་བཤད་དགོས་མི་འདུག།

ཉུང་ཉུང་གིས་མཚོན་པར་བྱེད་དེ།།

རླབས་ཆེན་གྱི་དགེ་བའི་བཤེས་གཉེན།།

དུས་ཆེན་ལ་རྟེན་འབྲེལ་ཞུའོ།།




会员登录
登录
我的资料
我的收藏
购物车
0
留言
回到顶部