设为首页 | 收藏本站
 
新闻中心གསར་འགྱུར།公告སྤྱི་བསྒྲགས།古籍收藏གནའ་དཔེ་ཉར་ཚགས།书法艺术ཡིག་གཟུགས་སྒྱུ་རྩལ།书法常识ཤེས་བྱའི་ཟེགས་མ།论  文དཔྱད་རྩོམ།集体展厅ཐུན་མོང་འགྲེམ་སྟོན་ཁང་།地区展厅ས་ཁུལ་འགྲེམ་སྟོན་ཁང་།书法名家ཡིག་གཟུགས་མཁས་དབང་།书法家ཡིག་གཟུགས་མཁན་པོ།书法达人ཡིག་གཟུགས་བྲིས་ཆེན།书法新秀ཡིག་གཟུགས་བྲིས་ཆུང་།书法爱好者ཡིག་གཟུགས་དགའ་ཞེན་པ།女性书法展厅སྐྱེ་མའི་ཡིག་གཟུགས།校园展厅སློབ་རའི་འགྲེམ་སྟོན་ཁང་།书法日专题ཡིག་གཟུགས་དུས་ཆེན་ཆེད་སྒྲིག视频教程བརྙན་གཟུགས་དཔེ་ཁྲིད།书法讲堂འཆད་ཁྲིད་དོ་ར།字帖ཡིག་གཟུགས་ཀ་དཔེ།学习资料བསླབ་དེབ།古近代名家གནའ་ཉེ་རབས་ཡིག་མཁན།现代名家དེང་རབས་ཡིག་མཁན།团体推介སྡེ་ཁག་འོས་སྦྱོར།ཡི书法企业ག་གཟུགས་ཁེ་ལས།文件下载ཡིག་ཆ་ཕབ་ལེན།其它下载སྣ་ཚོགས་ཕབ་ལེན།

ཡིག་གཟུགས་ཤེས་བྱ་དྲི་བ་དྲིས་ལན་དང་པོ།

 二维码 1051
发表时间:2017-07-22 10:42作者:གཙོས་ཤེས་རབ། རྩོམ་སྒྲིག་པ་སྐལ་བཟང་དོན་གྲུབ།来源:བོད་ཀྱི་ཡིག་གཟུགས་དྲ་བ།

   ཨ་ཁུ་གཙོས་ཤེས་རབ་རྒྱ་མཚོ་ལགས་སྐུ་ཁམས་བཟང་།ང་ནི་འབྲོག་ཕྲུག་བོད་རིག་གནས་ལས་སྒྲུབ་ཁང་གི་སྦྲ་ནག་གི་ལས་དབང་ཡིན། སྐུ་ཉིད་ལ་ཡིག་གཟུགས་ཀྱི་ཤེས་བྱའི་སྐོར་ནས་དྲི་བ་འགའ་ཡོད་པས་ལན་ཡང་དག་རེ་གསུང་རྒྱུ་སྙིང་གི་རེ་བ་ཡིན་ལགས། བཀའ་དྲིན་ཆེ།

གཅིག  ཡིག་གཟུགས་འབྲུ་ཚ་འདི་རྒྱལ་དབང་ལྔ་བའི་སྐབས་ནས་ཡུན་གྱིས་དར་བ་ཡིན་གསུང་འདུག  དེའི་སྔོན་ལ་ཡོད་དམ་མེད་ལན་ཞིག་གསུང་རོགས་ཞུ།

 ལན།  འབྲུ་ཚ་ནི་བོད་ཡིག་གཤར་མའི་མཆོག་གྱུར་འབྲུ་མ་ལས་མཆེད་པ་ཡིན་ཞིང་། དེ་ཡང་འབྲུ་ཆེན་འབྲུ་ཆུང་གཉིས་ཀྱི་འབྲི་སྲོལ་དར་འཕེལ་བྱུང་བ་ལས་ཆགས་པའི་ཡིག་གཟུགས་སྤྱིའི་མིང་ཡིན་པ་ལས་དེང་སང་གི་འབྲུ་ཚ་ཞབས་ཐུང་མ་གཅིག་པུར་གོ་མི་རུང་། དེས་ན་འབྲུ་ཚ་དུས་ནམ་ཞིག་ལ་དར་བ་རེད་ཟེར་ན་འདི་ལ་བཤད་ཚུལ་མང་ཡང་ང་རང་གིས་ནི་བསྟན་པ་སྔ་དར་གྱི་དུས་མཇུག་ཙམ་དུ་འབྲུ་ཚའི་འབྲི་སྲོལ་གྱི་མགོ་འབུས། དུས་རབས་བཅུ་གསུམ་པ་ཡས་མས་སུ་དར་རྒྱས་བྱུང་། དུས་རབས་བཅུ་བདུན་ནས་ཉི་ཤུའི་བར་ཤིན་ཏུ་དར་རྒྱས་སུ་བྱུང་བའི་དུས་སྐབས་གསུམ་ཡོད་པར་འདོད་དོ། །

 ཕྱོགས་དང་པོ་ནི་དེང་གི་ཨབ་གྷ་ནི་སི་ཐན་གྱི་ཝལ་ཏིའི་ཡུལ་ནས་བྱུང་བའི་རྡོ་བརྐོས་ཡི་གེ་ཞིག་དེ་སྔ་འབྲུ་གུང་བ་དཀོན་མཆོག་བསྟན་འཛིན་ཀུན་བཟང་འཕྲིན་ལས་ལྷུན་གྲུབ་མཆོག་གིས་གསར་ཞིབ་བྱས་པའི་ཡིག་ཆ་དེར། ༄།། ཞང་ལོན་ཆེན་པོས་བྲྀས། ཞེས་དང་། ཡང་ཕ་བོང་གཞན་ཞིག་ཏུ། སྟོང་དཔོན་ལྡོམ། ཞེས་པའི་ཡིག་འབྲུ་དེ་དག་ནི་དེང་སང་གི་འབྲུ་ཚ་ཞབས་ཐུང་མ་དང་འབྲི་ཚུལ་ཐད་ཁྱད་པར་མ་མཆིས་ཤིང་། ལྷག་པར་"སྟོང་"གི་འབྲི་ཚུལ་ནི་འབྲུ་ཚ་རང་ཡིན་འདུག་པ་དེས་སོ། །

ཕྱོགས་གཉིས་པ་ནི་དུས་རབས་བཅུ་བ་བཅུ་གཉིས་སུ་རྩ་བའི་ལྡན་ཡིག་འབྲུ་ཆེ་ཆུང་དང་འབྲི་ཚུལ་ལོགས་སུ་ཡོད་པའི་ཚེག་བྲིས། ཟླུམ་བྲིས། འབའ་ཧོ་སོགས་འབྲུ་ཚའི་རིགས་ཇི་སྙེད་པ་བྱུང་ཡོད་ལ། དེ་ཡང་འབྲུ་ཚ་ལ་དེ་དུས་འབྲུ་མ་དང་འབྲི་ཚུལ་མི་འདྲ་བའི་ཡི་གེ་བཅོ་བརྒྱད་ཡོད་པར་ཤེས་བྱ་ཀུན་ཁྱབ་ཏུ་གསུངས། ས་སྐྱའི་དུས་ནས་བཟུང་འབྲུ་ཚ་ཞབས་རིང་ཐུང་འབྲིང་གསུམ། སྒོང་ཞབས་མ་དང་བཅས་པ་ཧ་ཅང་དར་བས་འབྲུ་ཚའི་བྲིས་རྒྱུན་ཕུན་སུམ་ཚོགས་པ་བྱུང་ཞིང་། འབྲུ་ཚ་ཞེས་པའང་། རྩ་བའི་འབྲུ་མ་ལས་མཆེད་པའམ་དེའི་ཚ་བོ་ཡིན་པས་མིང་དེ་ལྟར་ཐོགས་པར་མཁས་པ་རྣམས་གསུངས་སོ།།

ཕྱོགས་གསུམ་པ་ནི་དགའ་ལྡན་ཕོ་བྲང་གི་དུས་ནས་འབྲུ་ཚ་སོགས་ཡིག་རིགས་སྤྱི་ལ་དར་ཁྱབ་བྱུང་ཞིང་། རྒྱལ་དབང་ལྔ་བའི་ཕྱག་བྲིས་འབྲུ་ཚ་ཞབས་རིང་མས་མཚོན་གཞུང་ཡིག་ཏུ་ཡིག་རྒྱུན་འདི་བཀོལ། ལྷག་པར་གོང་ས་བཅུ་གསུམ་པའི་སྐབས་འབྲུ་ཚ་ཞབས་ཐུང་མ་ནི་གཞུང་བྲིས་ཀུན་ལས་མཆོག་ཏུ་གྱུར་གཤིས་མང་པོ་ཞིག་གིས་དེ་ལ་དཔག་ནས་འབྲུ་ཚ་ནི་དགའ་ལྡན་ཕོ་བྲང་གི་སྐབས་ནས་གཟོད་དར་བར་འདོད་པའི་འཁྲུལ་སྣང་བྱུང་བ་རེད།

  ཞེས་པའང་གཙོས་ཤེས་རབ་རྒྱ་མཚོས་ཁུངས་དང་ལྡན་པར་བསྡུར་ཏེ་ཟླ་ ༧ པའི་ཚེས་ ༡༨ ཀྱི་མཚན་མོར་ངལ་གསོའི་ལྷོངས་སུ་ལན་དུ་ཕུལ་བའོ།།