རྔ་བའི་རྫ་ཁྲོམ་དང་འབྲེལ་ནས་བོད་ཀྱི་ཡིག་གཟུགས་སྐོར་ཅུང་ཟད་གླེང་བ།
2017-07-22 08:24来源:བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་འཕྲིན་སྟེགས།作者:གྲུ་ཆར།浏览数:287 



རྔ་བའི་རྫ་ཁྲོམ་དང་འབྲེལ་ནས་བོད་ཀྱི་ཡིག་གཟུགས་སྐོར་ཅུང་ཟད་གླེང་བ།


    ཨ་མདོ་རྔ་བ་ནི་བོད་མདོ་དབུས་ཁམས་གསུམ་གྱི་ལྟེ་བར་ཆགས་པའི་སྲིད་འབྱོར་རིག་གསུམ་གྱི་སྙིང་སྟོབས་མེ་རུ་འབར་སའི་མིང་དོན་གཉིས་ལྡན་གྱི་གཞིས་ཀ་སྐྱིད་པོ་ཞིག་སྟེ། གནས་འདི་ན་བོད་ཀྱི་སྲོལ་རྒྱུན་གྱི་མཁར་ཁྱིམ་བཟོ་བཀོད་དང་། རང་བྱུང་གི་བཀོད་པ་མ་ནོག་པ། གཤིས་བཟང་མ་འགྱུར་བ། སློབ་གསོར་མཐོང་ཆེན་བྱེད་པ། སྤྱི་ཚོགས་ཀྱི་སྒྲིག་གཞི་ཡག་པ། ཡུལ་མིའི་གནས་སྟངས་མཛེས་པ་སོགས་བསྙོན་དུ་མེད་པའི་རིག་གནས་སྙིང་སྟོབས་ཤིག་སྒེར་ཚུགས་སུ་གནས་པ་གནས་འདིའི་ཡུལ་དུས་སོ་སོ་ནས་མངོན་འོང་།



    རྔ་བའི་རྫ་ཁྲོམ་རིག་གནས་ཡུལ་སྐོར་དུས་ཆེན་དང་ཞིང་ཆེན་གསུམ་གྱི་སྐོར་བྲོ་གདན་ཞུ་འགྲན་བསྡུར་གཞི་གཅིག་ཏུ་བསྡུས་ནས་ས་གནས་མང་ཚོགས་དང་ཕྱོགས་ཡོང་གི་སྐུ་མགྲོན་ལ་ཞི་མཐུན་བློ་ཚིམ་ཡོང་བའི་ལུས་ངག་ཡིད་གསུམ་གྱི་ལོངས་སྤྱོད་སྣ་མང་པོ་སྤེལ་བ་འདི་ཡང་གནས་འདིའི་ཁྱད་ཆོས་དང་མཛངས་སྟོབས་ཤིག་ཅི་ལ་མིན།


    སྒོས་སུ་སྤེལ་སྒོའི་རྣམ་པ་ཧ་ཅང་མོད་པའི་སྐབས་འདིའི་དུས་ཆེན་ལ་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ཚུད་ནས་གར་སྟེགས་རྒྱ་ཆེན་ཞིག་བཤམས་པ་འདི་ནི་དེ་བས་ཀྱང་དགའ་འོས་ཤིང་བོད་ཀྱི་ཡུལ་གྲུ་སོ་སོར་སྣེ་སྟོན་གྱི་ནུས་པ་བཏོན་པ་ཞིག་སྟེ། ཞིང་ཆེན་གསུམ་ནས་གདན་ཞུ་བྱས་པའི་ཡིག་མཁན་མིང་དོན་མཚུངས་པ་སྐོར་ཞིག་འཛོམས་པ་འདིས་གཅིག་བྱས་ན་རྔ་བ་ཁུལ་གྱི་སློབ་གསོའི་གནས་སྟངས་མཚོན་པ་དང་། མདུན་བསྐྱོད་ཀྱི་སྟོབས་ཤུགས་རྫོགས་པ། རིག་གནས་ནང་འདྲེན་བྱས་པ་དང་། ཡང་ཕྱོགས་གཅིག་ནས་བོད་ཀྱི་རིག་གནས་སྤྱི་དང་ལྷག་པར་ཡིག་གཟུགས་ཀྱི་བསྟན་པ་ས་ཁྱབ་རྡོ་ཁྱབ་ཏུ་ཡོད་པའི་རྣམ་པ་ཞིག་དང་། བོད་ཀྱི་ཡིག་གཟུགས་རིག་གནས་འདི་མ་འོངས་པར་གངས་ཅན་ཡུལ་གྲུ་སོ་སོ་ནས་འཛིན་སྐྱོང་སྤེལ་གསུམ་བྱ་བར་ལམ་ཁ་ཡངས་པོ་ཡོད་པ་མཚོན་པ་སོགས་དགེ་མཚན་བརྗོད་ཀྱིས་མི་ལངས་པས་དགའ་སྤྲོ་དང་ཡི་རང་ཚད་མེད་ཞུ་བཞིན་དུ་རང་གི་སེམས་ཚོར་ཙམ་ཞིག་བྲིས་པ་ལགས།



会员登录
登录
我的资料
留言
回到顶部