ཤམ་བྷ་ལའི་ཡུལ་སྐོར་དུས་ཆེན་དང་འབྲེལ་བའི་ཡིག་གཟུགས་སྒྱུ་རྩལ།
2017-07-18 15:48来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།作者:སྐལ་བཟང་དོན་གྲུབ། རྟ་མགྲིན་མགོན་པོ།浏览数:611 

   ཟླ་བདུན་པའི་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུའི་སྟེང་། མདོ་སྨད་ཀན་ལྷོ་ཁུལ་གྱི་སྐབས་བཅོ་བརྒྱད་པའི་ཤམ་བྷ་ལ་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་གྱི་མཛད་སྒོ་དུང་ཕྲུག་རྩྭ་ཐང་ནས་དངོས་སུ་འགོ་བཙུགས་པ་རེད།

   དེ་དང་མཉམ་དུ་ཀན་ལྷོའི་བྲིས་པ་བན་དེ་ཚེ་རིང་དང་ཁ་གྱ་འཇིགས་མེད། སྐལ་བཟང་དོན་གྲུབ་སོགས་བྲིས་པ་འགས་ཚོགས་རྭའི་ཡུལ་དངོས་ནས་ཡུལ་སྐོར་དུས་ཆེན་དང་ཏང་གི་ཚོགས་ཆེན་བཅུ་དགུ་བར་རྟེན་འབྲེལ་ཞུ་བའི་བོད་ཀྱི་ཡིག་གཟུགས་ཀྱི་ལེགས་སྐྱེས་གྱ་ནོམ་པ་ཕུལ། གཙོས་དགེ་ཐོན་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་རྡོར་ཕྲུག་དང་ཀན་ལྷོའི་ན་གཞོན་ཡིག་མཁན་མཐུན་ཚོགས་ཀྱི་འགོ་གཙོ་ཞའོ་རིན་ཧྲིན། ཀན་ལྷོའི་རྟེན་མཛོད་ཁང་གི་པདྨ་རིན་ཆེན། བོད་ཀྱི་བྲིས་པ་རྒན་རྡོར་བྷ། ཕ་ཡུལ་རྔ་བ་ནས་ཡོང་བའི་ཡིག་མཁན་གཟུ་བོའམ་ལྷུན་འགྲུབ་རྒྱ་མཚོ།  ཀན་ལྷོའི་ཚགས་པར་གྱི་གཙོ་སྒྲུབ་པ་བཀྲ་ཤིས་ཚེ་རིང་སོགས་ཡུལ་དངོས་སུ་ཡོང་ནས་མཛུབ་སྟོན་གནང་ཞིང་། བྲིས་པ་ཚོས་ཡིག་རིགས་སྣ་མང་གི་ལམ་ནས་ཀན་ལྷོ་གཡང་ལྡན་ཕྱུག་མོ་དང་། མཛེས་པའི་ཀན་ལྷོ།ཨ་ཎི་ཡིག་དྲུག་སོགས་ཤིས་ཚིག་གཙོར་བྱས་པའི་བརྩམས་ཆོས་བརྒྱ་ལྷག་བྲིས་ནས་སྨྱུག་རྩལ་ངོམ་ནས་མི་རིགས་མི་འདྲ་བའི་ལྟད་མོ་བ་རྒན་དར་གཞོན་གསུམ་གྱི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག

   ལྷག་པར་ཏུ་ཧྲང་ཧེ་དང་ཀོང་ཀྲུའུ་སོགས་ཞིང་ཆེན་གཞན་ནས་ཕེབས་པའི་ཡུལ་སྐོར་བ་མི་ཉུང་བས་བརྩམས་ཆོས་ལ་རིན་ཐང་དང་ཐུན་མིན་གྱི་ཁྱད་ཆོས་ལྡན་འདུག་ཟེར་ནས་བཟང་བསྟོད་བྱས་པ་མ་ཟད། རིན་གོང་འོས་འཚམས་རེ་བྱིན་ཏེ་བརྩམས་ཆོས་སུམ་ཅུ་ལྷག་ཉོས།  ཐེངས་འདིའི་ཡུལ་སྐོར་དུས་ཆེན་གྱི་ལྟད་མོ་བ་བརྒྱ་བཞུར་སྟོང་བཞུར་ལ་བོད་རང་གི་མེས་པོའི་འོད་ཀྱི་ས་བོན་ཡིག་གཟུགས་ཀྱི་བག་ཆགས་ཕྲན་བུ་ཙམ་བཞག་པ་རེད།

དང་པོ།  ཡིན་མཁན་རྣམ་པས་ཡུལ་དངོས་སུ་བྲིས་རྩལ་ངོམ་བཞིན་པ།

ཀན་ལྷོའི་ན་གཞོན་ཡིག་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཞེད་རིན་ཧྲིན།


རྒན་ཁ་གྱ་འཇིགས་མེད་ལགས་ཀྱིས་ཡིག་རྩལ་ངོམ་བཞིན་པ།



རྒན་ཁ་གྱ་འཇིགས་མེད་ལགས་ཀྱིས་ཡིག་རྩལ་ངོམ་བཞིན་པ།

ཀན་ལྷོའི་བྲིས་པ་བན་དེ་ཚེ་རིང་གིས་མི་རིགས་གཞན་པའི་སྐུ་མགྲོན་ལ་བོད་ཡིག་དང་བོད་སྨྱུག་ངོ་སྤྲོད་གནང་བཞིན་པ།

རྔ་བ་ནས་ཆེད་དུ་ཡོང་བའི་ཡིག་མཁན་གཟུ་བོའམ་ལྷུན་འགྲུབ་རྒྱ་མཚོ།


གཉིས་པ། ཡུལ་དངོས་སུ་ཕེབས་པའི་མི་སྣ་གལ་ཆེན།


ཀན་སུའུ་མི་རིགས་སློབ་གླིང་གི་སློབ་དཔོན་ཆེན་མོ་རྒན་རྡོ་ཕྲུག་ཡུལ་དངོས་སུ་ཕེབས་ནས་མཛུབ་སྟོན་གནང་པ།

ཀན་ལྷོ་ཚགས་པར་ཁང་གི་རྩོམ་སྒྲིག་པ་བཀྲ་ཤིས་ཚེ་རིང་ཡུལ་དངོས་སུ་ཕེབས་པ།

ཀན་ལྷོའི་རྟེན་མཛོད་ཁང་གི་སྤྱི་གཉེར་པད་མ་རིན་ཆེན།

ཀྲུང་གོའི་བོད་ཀྱི་ཡིག་གཟུགས་དྲ་བའི་ཀན་སུའུ་ཞིང་ཆེན་གྱི་ཆེད་ཞུས་དཔྱད་འདེམ་པ་ཁ་གྱ་འཇིགས་མེད་ལགས་དང་

ཀན་ལྷོའི་བྲིས་པ་རྡོ་བྷ་དང་བླ་མ་སྐྱབས་སོགས་ཡུལ་དངོས་སུ་ཕེབས་པ།

ཅང་སུའུ་ནས་ཕེབས་པའི་ཡིག་མཁན་སྐུ་མགྲོན།

གསུམ་པ། ཡུལ་དངོས་བརྩམས་ཆོས་སྐོར་ཞིག

ཡིག་གཟུགས་ལ་རོལ་བཞིན་པའི་སྐུ་མགྲོན།

ཡིག་གཟུགས་བརྩམས་ཆོས་སྐོར་ཞིག

ཡིག་གཟུགས་བརྩམས་ཆོས་སྐོར་ཞིག


ཀན་ལྷོའི་གདན་ཞུའི་རྩོམ་སྒྲིག་པ་སྐལ་བཟང་དོན་གྲུབ་གྱིས་

མཁོ་འདོན་བྱས་ཤིང་རྟ་མགྲིན་མགོན་པོས་སྒྲིག་སྦྱོར་བྱས་པ།

会员登录
登录
我的资料
留言
回到顶部