གསར་འགྱུར། 新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅མི་སྒེར་གྱི་འགྲེམ་སྟོན་ཁང་།个人展厅གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅སྐད་འཕྲིན་ལས་སྟེགས་མཐོང་བ་ཀུན་སྨོན།微信平台书法大观གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程ཡིག་གཟུགས་མ་ཕྱི། 字帖བསླབ་དེབ།学习资料གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家
ཁྱུང་ཡུལ་ཞང་བོད་ཡིག་གཟུགས་ཀྱི་རྒྱུན་འཛིན་པ་ཡབ་སྲས་ངོ་སྤྲོད།
2017-07-07 17:15浏览数:60 

ཁྱུང་ཡུལ་ཞང་བོད་ཡིག་གཟུགས་ཀྱི་རྒྱུན་འཛིན་པ་ཡབ་སྲས་ངོ་སྤྲོད།






    དང་པོ།ཆུང་རྒྱུད་ཚེ་དབང་མཐར་ཕྱིན་གྱི་ལོ་རྒྱུས་ངོ་སྤྲོད་མདོར་བསྡུས།






ཆུང་རྒྱུད་ཚེ་དབང་མཐར་ཕྱིན་ལགས་དང་ཁམས་པའི་བྱམས་པའི་ལེ་ཚན་གཙོ་སྒྲིག་པ།




  ༼  ཆུང་རྒྱུད་༽  ཅེས་པ་ནི་རུས་ལ་གོ་དགོས་ཤིང། མིང་ལ་ཚེ་དབང་མཐར་ཕྱིན་ཟེར་ཞིང་། སྤྱི་ལོ་༡༩༦༤ལོར་ཁྱུང་པོ་དཀར་ནག་སེར་གསུམ་གྱི་ཁོངས་གཏོགས་སྤུ་རྒྱལ་གཡུང་དྲུང་ལྷ་རྩེའི་མདུན་ཞོལ་དུ་ཆགས་པའི་སྟེང་ཆེན་རྫོང་ཟམ་ཞིག་གྲོང་ཚོ་རུ་དལ་འབྱོར་གྱི་མི་ལུས་ཐོབ།  སྐབས་དེར་རིག་གསར་གྱི་དྲག་འགུལ་རྒྱུ་བའི་དུས་ཡིན་པས། རང་ལོ་༡༣ལ་སོན་རྗེས་གཞི་ནས་སློབ་ཞུགས་ཀྱི་གོ་སྐབས་ཐོབ། དུས་ཡུན་ཐུང་ངུའི་རིང་དུ་སྦྱང་འབྲས་མི་དམན་པ་བྱུང་སྟབས། རུ་ཁག་སློབ་གྲྭའི་དགེ་རྒན་དུ་བདམས་ཐོན་བྱུང་སྟེ་ལོ་བཞི་ཡི་རིང་དགེ་རྒན་གྱི་ལས་དོན་གཉེར།  དེ་ནས་མི་རིགས་སྲིད་ཇུས་དངོས་འབེབས་དང་ཆོས་དད་རང་མོས་ཐོབ་པ་ནས་བཟུང་རིམ་བཞིན་ཁྱུང་ཡུལ་སྤྱི་ཡི་དབུ་མཛད་ཆེན་མོ་ཞང་པོ་མ་ནི་དགའ་རིས་ཀྱི་མདུན་ནས་ཡིག་གཟུགས་ལ་ཆེད་སྦྱོང་གི་བསྐལ་བ་ཐོབ། ཁོང་གི་མདུན་དུ་ལོ་ངོ་༡༠ཙམ་གྱི་རིང་ལ་ཡིག་གཟུགས་འབྲུ་མ་དང་།  ལྗིབ་དང་། གཟབ་བམ་དབུ་ཅན་སོགས་ཀྱི་འབྲི་སྟངས་སྦྱངས་པ་རྒྱ་ཆེར་མཛད་པ་དང་། དེ་ནས་སྔོན་བྱོན་མེས་པོའི་རིག་གཞུང་ཁག་ཡིག་གཟུགས་མི་འདྲ་བ་མང་པོ་བྲིས་སྟབས་དགེ་བའི་བཤེས་གཉེན་ཆེན་མོས་ཁོ་བོའི་བརྩོན་པ་དང་ཡིག་གཟུགས་ལ་དང་དོད་བྱེད་པར་ཡི་རང་དང་དད་གུས་སྐྱེས་ཏེ་ཁོང་ལ་ཡིག་གཟུགས་རྒྱུད་འཛིན་དགོས་པའི་བཀའ་གསུང་མང་དུ་གནང་བ་མ་ཟད། ཡིག་གཟུགས་རབ་འབྱམས་པའམ་དབུ་མཛད་ཆེན་མོའི་མིང་བཏགས། དེ་ནས་སྔར་བཞིན་ཡིག་གཟུགས་ལ་དང་དོད་དང་རྒྱུད་འཛིན་གྱི་ལས་ཀ་མིག་འབྲས་བཞིན་སྲུང་སྟེ་འབད་བརྩོན་ལྷོད་མེད་བྱས། དམིགས་ཡུལ་གཙོ་བོ་ནི་མི་རིགས་ཀྱི་ཡིག་གཟུགས་རིག་གནས་འདི་འཛམ་གླིང་དུ་འདྲ་མཉམ་ངང་བསྐྱོད་ཐུབ་པ་བྱ་རྒྱུ་དང་། སྒོས་སུ་ཁྱུང་པོའི་ཡིག་གཟུགས་རིག་གནས་འདི་མ་ཉམས་ཡར་རྒྱས་བཏང་ནས་འཛམ་གླིང་གི་རིག་གནས་བང་མཛོད་ཁྲོད་འོད་སྟོང་ལྡན་པ་ཞིག་ཏུ་བསྒྱུར་ཆེད་ཡིན་པ་ལས། ཁོང་གི་ཁ་རྒྱབ་དང་སྙན་གྲགས་ཁོ་ན་ལ་དམིགས་པ་ཙམ་མ་ཡིན་པར། དུས་དང་རྣམ་པ་ཀུན་ཏུ་བློ་བརྟན་འགྱུར་མེད་ཀྱིས་ཁྱུང་ཡུལ་སྟོད་སྨད་བར་གསུམ་གྱི་སློབ་མ་བརྒྱ་ཕྲག་དུ་མར་ཡིག་རྨོངས་སེལ་བ་དང་ཡིག་གཟུགས་ཀྱི་ལམ་སྟོན་རབས་དང་རིམ་པ་མཛད་དང་མཛད་བཞིན་པའི་སྒང་ཡིན། སྤྱི་ལོ་༢༠༡༢ལོར་བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཐུན་ཚོགས་ཀྱིས་བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཐུན་ཚོགས་ཀྱི་ཁོངས་མི་རུ་བདམས་པ་དང་། གོང་རིམ་སྡེ་ཚན་མང་པོ་ནས་ཡིག་གཟུགས་ཀྱི་གཟེངས་བསྟོད་རབས་དང་རིམ་པ་ཐོབ། ད་ལྟའི་བར་དུ་རིས་མེད་སངས་རྒྱས་ཀྱི་བསྟན་པ་འཛིན་མཁན་བླ་སྤྲུལ་དང་གྲྭ་བཙུན་མང་པོའི་ཞལ་འདོན་དང་གནའ་བོའི་བརྩམས་ཆོས་པོ་ཏི་བཅུ་ཕྲག་དུ་མ་ཡིག་གཟུགས་འབྲུ་མ་ལ་ཕབ་སྟེ་བྲིས་པས།  རྒྱ་ཆེའི་མཁས་དབང་དང་མང་ཚོགས་རྣམས་ཀྱིས་དགའ་བསུ་མི་དམན་པ་ཐོབ། ད་སྐབས་ཁྱུང་ཡུལ་རྒྱལ་བའི་བཀའ་འགྱུར་ཆེན་མོ་གསེར་བྲིས་སུ་བཞེང་པའི་དབུ་མཛད་ཆེན་མོ་ཡིན་ལ།  གྲོང་ཁྱེར་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་ནང་དུ་ཚུད་པའི་ཞང་བོད་ཡིག་གཟུགས་ཀྱི་རྒྱུན་འཛིན་པ་ཡང་ཡིན།  ཁོང་ནི་དུས་རྒྱུན་ཏུ་འཚེ་མེད་ཞི་བདེའི་སྤྱོད་པ་དང་ལྡན་པའི་ཁྱུང་ཡུལ་གྱི་མི་སྣ་གལ་ཆེན་ཞིག་ཏུ་གྱུར་ཡོད་དོ།







གཉིས་པ།  ཁོང་གི་རྒྱུན་འཛིན་པ་ཆུང་རྒྱུད་ཚེ་དབང་རྣམ་རྒྱལམཚམས་སྦྱོར་མདོར་བསྡུས



  ཆུང་རྒྱུད་བྲིས་པ་ཚེ་དབང་རྣམ་རྒྱལ་ནི་སྤྱི་ལོ་༡༩༩༥ལོར་གནའ་བོའི་ཡིག་བྲིས་ཀྱི་ཕ་ས་མི་དབང་ཁྱུང་སེར་རྒྱལ་པོའི་མངའ་རིས། ཝག་ཀླུ་ཆུང་རྒྱུད་ཚང་ཞེས་པའི་ཡིག་གཟུགས་རབ་འབྱམས་པ་ཚེ་དབང་མཐར་ཕྱིན་གྱི་བུ་རུ་སྐྱེས་ཤིང།  ལོ་བདུན་ཙམ་ལོན་ནས་ཡབ་ཆེན་གྱི་མདུན་ནས་དབྱངས་གསལ་སོ་བཞི་འམ་འཕྲུལ་ཡིག་བཞི་བཅུ་ལ་སློབ་གཉེར་བྱས་ཏེ་རིམ་བཞིན་བོད་ཀྱི་ཐུན་མིན་ཡིག་གཟུགས་༼འབྲུ་མའམ་ཡིག་ནག་༽དང་༼དབུ་ཅན་ནམ་རྫབ་དཀར་༽ལ་ལོ་ཉི་ཤུ་ལྷག་གི་རིང་སློབ་སྦྱོང་བྱས་ཤིང་བརྡར་ཤ་ཆོད་པས། མཐར་སྦྱངས་འབྲས་ཀྱང་ལེགས་པོར་ཐོན་པ་མ་ཟད། ལྗིབ་དཀར་དང་འབྲུ་ཚ་སོགས་མདོར་ན་ཡིག་གཟུགས་བཅུ་ཙམ་ཞིག་མ་བསླབས་ཀྱང་རང་བཞིན་གྱིས་འབྲི་ཤེས་པར་གྱུར། དེ་སྔོན་བླ་སྤྲུལ་རིན་ཆེན་ཕུན་ཚོགས་དང་གཤེན་སྲས་གཙུག་ཕུད་རྣམ་རོལ་རྒྱལ་མཚན་སོགས་རིས་མེད་བླ་སྤྲུལ་དུ་མའི་ཞལ་འདོན་དང་། ཁ་བ་གངས་ཅན་ཡུལ་གྱི་ཕྱོགས་མཚམས་སུ་གནས་པའི་མཁས་དབང་དང་དད་ལྡན་འགའ་ཡིས་རེ་འདུན་ལྟར་ལག་བྲིས་བྱས་པའི་གནའ་བོའི་བརྩམས་ཆོས་པོ་ཏི་བཅུ་ཕྲག་ལས་བརྒལ་ཡོད། ནང་རྒྱལ་རྒྱ་ནག་དང་བོད་ལྗོངས་དང་ཡུལ་ཤུལ་ཆབ་མདོ།  སྟེང་ཆེནཀན་ལྷོ་སོགས་ཀྱི་ཡིག་གཟུགས་འགྲེམས་སྟོན་གྱི་སྐབས་སུ། ཁོང་གི་ཡིག་གཟུགས་བརྩམས་ཆོས་ཀྱང་འགྲེམས་སྟོན་བྱས་མྱོང་ལ།  མདོར་ན་འབྲེལ་ཡོད་སྡེ་ཁག་གི་བྱ་དགའ་དང་ལག་འཁྱེར་ཡང་མི་དམན་པར་ཐོབ་ཅིང་།  ལྷག་པར་ཁོང་གི་གཤིས་རྒྱུད་དང་སྤྱོད་ལམ། སོར་མོས་བྲིས་པའི་ཡིག་གཟུགས་ལ། གྲུབ་མཐའ་རིས་མེད་ཀྱི་བླ་སྤྲུལ་དང་རྒྱ་ཆེའི་མཁས་དབང་མང་པོས་མཐོང་ཆེན་མཛད་ཅིང་བསྔགས་བརྗོད་དང་ཡིད་རང་སོགས་མང་པོ་ཐོབ་དང་འཐོབ་བཞིན་ཡོད།

    ཁོང་ཉིད་ཆབ་མདོ་གྲོང་ཁྱེར་ཡིག་གཟུགས་མཛེས་རྩལ་མཁས་ཅན་ལྷན་ཚོགས་ཀྱི་ཚོགས་མི་དང་།  ཁྱུང་ཡུལ་དུ་གནའ་བོའི་བརྩམས་ཆོས་ལས་གྲུབ་པའི་རྒྱལ་བའི་བཀའ་འགྱུར་ཆེན་མོ་གསེར་་བྲིས་སུ་བཞེང་པའི་དབུ་མཛད་ཡིན་ལ། བར་བར་དལ་ཁོམ་དང་བསྟུན་ཏེ་རང་ཡུལ་གྱི་རྫོང་དང་གྲོང་ཁྱེར་སོགས་ཕྱོགས་མཚམས་གང་སར་བཞུགས་པའི་མཁས་དབང་དང་གང་ཟག་སུ་དང་གང་གིས་རེ་འདུན་ལྟར་དམིགས་སལ་དགོས་གལ་ཆེ་བའི་ཡི་གེ་རྣམས་འབྲི་བཞིན་ཡོད།

    ད་དུང་ཁོང་གི་སྤུན་མཆེད་འབྲིང་བ་རིན་ཆེན་གྲགས་པ་དང་བསམ་འཕེལ་ནོར་བུ།   ཆུང་བ་བསོད་ནམས་འབྲུག་སོགས་གཅིག་བས་གཅིག་ལྷག་པའི་ཚུལ་གྱིས་ཡིག་འབྲི་བྱང་ཚད་མཐོན་པོར་སོན་ཡོད་པ་མ་ཟད།དམིགས་བསལ་དུ་རྒྱལ་བའི་བཀའ་རིན་པོ་ཆེ་གསེར་བྲིས་སུ་བཞེང་པར་ཕ་བུ་མཉམ་རུབ་ཀྱིས་ལས་ཀ་བགྱིས་པའི་གསེར་བྲིས་མ་པོ་ཏི་དགུ་ཙམ་བཞེངས་གྲུབ་བྱུང་ཞིང་ ད་དུང་མུ་མཐུད་དེ་རྒྱལ་བའི་བཀའ་འགྱུར་དག་བཞེང་མཛད་བཞིན་ཡོད། དེ་ལྟར་ཕ་བུ་རྣམ་པས་རྡོ་ལག་བརྒྱུད་དང་ཆུ་ལམ་ཞུགས་ཚུལ་གྱིས་མེས་པོའི་རིག་ཚན་གྱི་གོ་གནས་གལ་ཆེན་བཟུང་ཡོད་པའི་ཡི་གེའི་བྲི་རྒྱུན་བཟང་པོ་འདི་ཉིད་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་དུ་བཏང་དང་གཏོང་མུས་སུ་ཡོད་པ་བཅས་སོ།།


ཆུང་རྒྱུད་ཚེ་དབང་རྣམ་རྒྱལ།










会员登录
登录
我的资料
我的收藏
购物车
0
留言
回到顶部