འཁྱུག་ཡིག་གི་དམིགས་བསལ་འབྲི་སྟངས་ཁག
(ལྷན་ཐབས་ཀློག་བྱེད་5)
ཚད་ལྡན་ཡིག་མཁན་མིག་གི་རྒྱན།།འཁྱུག་ཡིག་འདྲེན་ལ་ལུགས་བཞིན་དགོས།།ཁ་ཡི་ཕྱེ་བ་སྟོད་ནས་ཕྱེ།།(མཁས་) ཙ་ལག་ཚ་ལག་དམིགས་བསལ་ཅན།།(ཙང་ཚན་) ཞ་ལ་ན་ཆུང་ཆེ་མི་ཉན།། (ཞིང་) ཟ་ཡི་གཟུགས་ཀྱང་ཅུང་ཟད་འགྱུར།།(བཟང་) ཚུགས་ཐུང་ཤ་ལག་འདིར་མི་རུང་།། (བཤད་)ར་བཏགས་ཞབས་ཀྱུར་སྦྲེལ་བའི་ཚུལ།། (དྲུང་) དས་འཕུལ་མིང་གཞིར་མཐུད་ལུགས་ཡོད།།(དགྲ་དབང་) གས་འཕུལ་ན་ལ་སྦྲེལ་བའང་སྣང་།།(གནམ་) འ་བ་སྦྲེལ་ནས་འཕུལ་བྱེད་དེ།།(འབོད་) ག་མ་ས་ཞེས་ཡོངས་ཁྱབ་སྤྱད།།(འཕགས་)མཐའ་རྟེན་དང་གཉིས་མཐུད་པ་འགར།།ཚེག་ཐུང་ཞེས་པ་ལོགས་སུ་མེད།།(ཁམས་གངས་) ས་ཡི་མཐའ་རྟེན་ཚེག་མེད་མང་།།(པྲས་) ག་མཐའ་དཀྱུས་འཐེན་ཚེག་མི་དགོས།།(ཞིག་)རྗེས་འཇུག་ན་ཡིས་ཚེག་ཀྱང་འཐུས།།(བསྟན་) གི་གུས་ས་དང་ཚེག་བཅས་འདྲེན།།(གིས་) འགྲེང་བུས་སྦྲེལ་ནས་འདྲེན་པའི་ཚུལ།།(ཆེས་) ན་རོ་ལ་འ་ཡང་དེ་བཞིན་སྣང་།། (སྤོས་)ད་མཐའ་འདི་རིགས་ཚེག་ཀྱང་འཐུས།།(འཆར་) ལ་ཡང་དེ་ལྟའི་འབྲི་སྲོལ་ཡོད།།(ཞལ་) ན་རོས་རྗེས་འཇུག་ན་མཐུད་བཞིན།།(བྱོན་) ག་དང་ར་ཡང་དེ་འདྲ་འབྱུང་།། (ལོག་ནོར་) ར་ག་རྒྱ་ལ་བསྡུས་པ་དང་།།(བརྒྱ་) དེ་ཡི་ཡ་བཏགས་ཨུ་ལྡན་བསྡུ།།(རྒྱུ་) ཤ་ལག་ན་རོར་ཡར་མཐུད་དང་།།ར་མགོ་ས་མགོའི་ཏ་ཡིས་ནི།།ཕྱི་མ་རྗེས་འདྲེན་ལུགས་མཆིས།།(བསྟན་བརྟག་) ཚ་ལག་འགྲེང་བུར་སྦྲེལ་བའི་ཚེས། །(ཚེས་) འི་ནི་གི་གུས་འཐུས་པ་ཙམ།།(པའི་) ར་བཏགས་གི་གུ་ཡུག་གཅིག་སྦྲེལ།།(བྲིས་) མིང་གཞི་འགའ་ཡིས་ན་རོ་མཐུད།།(པོ་ལོ་) དེ་ལ་སོགས་པ་འཁྱུག་གི་འདྲེན།།བྲེལ་བའི་སྐབས་ཀྱི་ཟིན་བྲིས་སོགས།།མེད་ན་མི་རུང་མཆོག་ཏུ་གྱུར།།འོན་ཀྱང་དངོས་གཞིའི་ཡིག་རིགས་དང་།།དོ་ནན་སྒམ་པའི་གཞུང་ཡིག་དང་།།གན་འཛིན་རིགས་སོགས་འཁྱུག་པ་སྤོངས།།འབྲི་སྲོལ་ཡོད་པ་གཞིར་བཅོས་ལས། །རང་བཟོའི་མགྱོགས་ཇུས་མ་མཛད་ཅིག ། །།
(གུག་རྟགས་ནང་འཁྱུག་ཡིག་རྣམས་རང་གི་གློག་ཀླད་ན་འཁྱུགས་ཡིག་ཡིག་མཛོད་མེད་ན་
འཆར་མི་ཐུབ་པས་དགོངས་སེལ་ཞུ་)
རྩོམ་ཁུངས།
དཔེ་མིང་། བརྡ་སྤྲོད་གཞུང་ལ་འཇུག་པའི་ཉམས་སྣང་།
དཔེ་སྐྲུན་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ ༼ ༡༩༩༧ལོར་པར་དུ་བསྐྲུན།༽
རྩོམ་པ་བོ། བཀྲ་ཐང་འཇམ་དཔལ་ཡེ་ཤེས་རྒྱལ་མཚན།
རྩོམ་སྒྲིག་པ། སྟག་ཐར་དང་ཧེ་རམ་པ།
|