设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女子展厅སློབ་རའི་འགྲེམ་སྟོན་ཁང་།校园展厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

འདན་སྤྲུལ་དགེ་འདུན་དབང་ཕྱུག

 二维码 3915
发表时间:2017-07-01 00:44作者:འདན་སྤྲུལ་ཚང་། རྩོམ་སྒྲིག་པ།ཧེ་རམ་པ།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།

འདན་སྤྲུལ་དགེ་འདུན་དབང་ཕྱུག་ངོ་སྤྲོད།

     རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་ལྟེ་བ། དཔལ་ནཱལེནྡྲ་གཉིས་པ་རོང་བོ་དཔལ་གྱི་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་གི་ཉེ་འདབ། རོང་བོ་སྡེ་བར་༼   ༡༩༨༢ ༽   སྐྱེས། ལོ་དགུའི་སྟེང་སྒྲུབ་པའི་དགའ་ཚལ་དམ་པ་རོང་བོ་བཀྲ་ཤིས་འཁྱིལ་དུ་ཆོས་པ་རིན་པོ་ཆེ་༧འཇམ་དབྱངས་དགེ་འདུན་རྒྱ་མཚོའི་མདུན་ནས་རབ་ཏུ་བྱུང་། དགེ་བའི་བཤེས་གཉེན་འཇིགས་མེད་ཐེག་མཆོག་དང་ལྷ་སྡེ་ཨ་ཁུ་ཡོངས་འཛིན་དགེ་འདུན་བསྟན་འཛིན་གྱི་ཞབས་ལ་གཏུགས་ནས་འདོན་ཆོས་བློ་འཛིན། ཡིག་གཟུགས་འབྲི་སྦྱོང་། སུམ་རྟགས་དག་གསུམ། ལམ་རིམ་བློ་སྦྱོང་སོགས་ལ་བསླབ། རིག་འཛིན་རྡོ་རྗེ་རྒྱལ་གྱི་མདུན་ནས་སུམ་རྟགས་དག་གསུམ། ལོ་རྒྱུས་སྙན་ངག མཚམས་སྦྱོར་ལྔ་བ་སོགས་ལ་བསླབ། ལོ་ཉེར་ལྔའི་སྟེང་ཁྲི་ཆེན་བསེ་རྡོ་རྗེ་འཆང་༧བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེའི་མདུན་ནས་བསྙེན་པར་རྫོགས། སྒོ་དམར་ཨ་ཁུ་དགེ་འདུན་དོན་གྲུབ་ལས་ལཉྫའི་བྲིས་གཟུགས་ལ་སྦྱངས། ལོ་ཉེར་དགུའི་སྟེང་འདན་སྐུ་ཕྲེང་བརྒྱད་པར་ངེས་འཛིན་བྱས། ད་ལྟ་རོང་བོ་དགོན་པའི་དམངས་གཙོ་དོ་དམ་ཁང་གི་ཀྲུའུ་རིན་གཞོན་པ་དང་། རྨ་ལྷོ་ཁུལ་ནང་བསྟན་ཐུན་ཚོགས་ཀྱི་དྲུང་ཡིག་གཞོན་པ། ཁུལ་སྲིད་གྲོས་ཀྱི་ཨུ་ཡོན། ཁུལ་ན་གཞོན་ཚོགས་པའི་ཚོགས་མི་བཅས་ཡིན།





上一页 1 2 3 下一页