设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性书法展厅སློབ་རའི་འགྲེམ་སྟོན་ཁང་།校园展厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

མདོ་སྨད་ཀན་ལྷོ་ཀླུ་ཆུ་རྫོང་ནས་སྒྱུ་རྩལ་བྱེད་སྒོ་སྣ་ཚོགས་གཞི་གཅིག་ཏུ་སྤེལ།

 二维码 470
发表时间:2017-06-29 22:07

    ༢༠༡༧ལོའི་ཟླ་༦ཚེས་༢༩ཉིན་ཀྱི་ཕྱི་དྲོ་མདོ་སྨད་ཀན་ལྷོ་ཀླུ་ཆུ་རྫོང་ནས་ཏང་གི་བགྲང་བྱ་གོ་དྲུག་གི་འཁྲུངས་སྐར་ལ་བསུ་མ་དང་སྤྱོད་གཙང་སྲིད་འཛིན་བྱ་བ་དར་སྤེལ་གཏོང་རྒྱུ་བརྗོད་གཞིར་བཟུང་པའི་རིག་རྩལ་བྱ་འགུལ་རྫོང་མི་དམངས་ཚོམས་ཆེན་ནས་གཟབ་རྒྱས་ངང་སྤེལ།

   ཐེངས་འདིའི་བྱ་འགུལ་ནི་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་དང་། རྫོང་རྩ་འཛུགས་པུའུ། རྫོང་རིག་རྩལ་མཉམ་འབྲེལ་ལྷན་ཚོགས། རྫོང་ཨུའི་ན་གཞོན་ལྷན་ཚོགས། ཡིག་གཟུགས་དང་མཛེས་རྩལ་མཁས་པ་མཐུན་ཚོགས་བཅས་ནས་རོགས་སྒྲུབ་བྱས་པའི་སྣ་མང་རང་བཞིན་གྱི་རིག་རྩལ་བྱེད་སྒོ་ཐེངས་གཅིག་ཡིན།

   བྱེད་སྒོ་འདིར་ཏང་གི་བགྲང་བྱ་གོ་དྲུག་གི་འཁྲུངས་སྐར་དང་ལོ་ངོ་གོ་དྲུག་གི་མཛད་རྗེས་ལ་བསྔགས་བརྗོད་དང་། སྤྱོད་གཙང་སྲིད་འཛིན་གྱི་བྱ་སྤྱོད་དར་སྤེལ་ལ་སྐུལ་མ་གཏོང་བའི་བརྗོད་དོན་གཙོ་བོར་བཟུང་ནས། རྒྱ་བོད་ཡིག་གཟུགས་དང་མཛེས་རྩལ། བཟོ་རྩལ་དང་དོན་བརྗོད་རི་མོ། རིག་རྩལ་འཁྲབ་སྟོན་སོགས་ལས་གྲུབ་པ་མ་ཟད། ཡིག་གཟུགས་ཐད་ནས་རྒྱ་བོད་ཡིག་གཟུགས་ལ་རང་རྫོང་གི་བྲིས་པ་༤༠ལྷག་ཞུགས་ཡོད་པ་རེད།

   ཉིན་འདིར་རྫོང་ཡོངས་ཀྱི་ལས་ཁུངས་སོ་སོ་ནས་ཐོན་པའི་ལས་བྱེད་པ་བདུན་བརྒྱ་ཙམ་བྱེད་སྒོའི་ཐོག་མཐའ་བར་གསུམ་ལ་ཞུགས་ཀྱང་ཡིག་གཟུགས་སྒྱུ་རྩལ་གྱིས་མི་རྣམས་ལ་རོ་བཅུད་མངར་བའི་ཚོར་སྣང་གསར་བ་ཞིག་སྦྱིན་ཡོད་པ་རེད།