གསར་འགྱུར། 新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅མི་སྒེར་གྱི་འགྲེམ་སྟོན་ཁང་།个人展厅གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅སྐད་འཕྲིན་ལས་སྟེགས་མཐོང་བ་ཀུན་སྨོན།微信平台书法大观གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程ཡིག་གཟུགས་མ་ཕྱི། 字帖བསླབ་དེབ།学习资料གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家
ཅོ་ནེའི་བསྟན་འགྱུར་གྱི་པར་ཤིང་ནི།
2017-07-07 17:25来源:བོད་ཀྱི་ཡིག་གཟུགས་དྲ་བ།作者:དཔའ་རིས་སངས་རྒྱས།  རྩོམ་སྒྲིག་པ་རྟ་མགྲིན་མགོན་པོ།浏览数:34 

       ཅོ་ནེའི་བསྟན་འགྱུར་གྱི་པར་ཤིང་ནི།ཆོས་རྗེ་སངས་རྒྱས་དཔལ་བཟང་གིས་བསྐུལ་ངོར།ལུགས་གཉིས་མཁྱེན་སྤྱན་ཡངས་ཤིང་ནོར་གྱིས་ཕྱུག་པའི་རིན་ཆེན་དཔལ་འཛོམས་དང་།དཔོན་རབས་བཅུ་བཞི་བ་བསྟན་སྲུང་ཚེ་རིང་ཡུམ་སྲས་གཉིས་ཀྱིས་ཁུར་བཞེས།པར་གྱི་དོ་དམ་པ་རྣམ་དཔྱོད་དང་ལྡན་པ་དགེ་སློང་ངག་དབང་དར་རྒྱས་དང་།སྲིད་ལ་མཁས་པའི་འགོ་བ་ཀ་འབུམ་ཚེ་རིང་དང་།གཉེར་པ་ཟན་ཀྱིན་སོགས་མི་སྣ་བདུན།པར་ཡིག་འབྲི་མི་དགེ་སློང་བློ་བཟང་རྒྱལ་མཚན་གཙོས་གཟབ་ལ་མཁས་པ་ལྔ་བཅུ།དབུ་ལྟ་འབྲི་མཁན་དཔལ་འབྱོར་རྒྱ་མཚོ།ཞུ་དག་པ་བཅུ་སྐོར།པར་རྐོན་སུམ་བརྒྱ་ལྷག་ཙམ།ཤིང་བཟོ།ཤོག་བཟོ།སྣག་བཟོ་སོགས་ལས་ཚན་མང་བོས་བར་མ་ཆད་པར་ཆུ་བྱ་ནས་ཆུ་འབྲུག་བར(སྤྱི་ལོ༡༧༥༣ནས་༡༧༧༢བར)བགྲང་བྱ་ཉེར་གཅིག་གི་ངོ་མཐོང་བར་བསྒྲིམས་ནས།སྒྲ་ཚད་བཟོ་གསོ་ནང་རིག་པའི་བསྟན་འགྱུར་གྱི་ཤིང་པར་ཡོངས་སུ་གྲུབ་པ།འདི་ནི་སྡེ་དགེའི་བསྟན་འགྱུར་དཔར་མ་ཕྱི་མོར་བཟུང་བ་ཡིན།ཡོན་ལ་ཆེན་པོ་ཧོར་གྱི་རྒྱལ་ཁམས་སུ་བསྟན་འགྲོའི་དོན་མཛད་པ་དཀའ་ཆེན་ནོ་མོན་ཧན་ནས་དངུལ་སྲང་༡༣༠༠སོགས་འབྱོར་བ་ཕུལ་བ་རྣམས་ཀྱིས་མཐའ་བརྟེན།ས་སྐྱོང་དམ་པའི་མཛོད་ནས་དངོས་ཆས་སྔ་ཕྱིར་སོང་བ་རྣམས་རགས་རྩིས་ཀྱི་དངུལ་ཐོག་ལ་ཕབ་ན་དངུལ་སྲང༡༣༩༣༧ལྷག་སོང་།(འདིའི་སྐོར་ཀུན་མཁྱེན་འཇིག་མེད་དབང་བོ་མཆོག་གིས་མཛད་པའི་ཅོ་ནེའི་བསྟན་འགྱུར་དཀར་ཆག་ལས་གསལ)བཀའ་བསྟན་གྱི་པར་ཤིང་འདི་རྣམས་འཁྲུག་པ་་བསླངས་པའི་གཏེ་བོ་མཱ་ཀྲུང་དབྱིན་གྱིས་ཅོ་ནེ་དགོན་ཆེན་མེར་བཏང་བ་དང་མཉམ་དུ་འཇིག་སོང་ངོ་།།

      སྡེ་དགེའི་བཀའ་འགྱུར་གྱི་ཤིང་པར་ནི་ཀརྨ་བསྟན་པའི་གཙུག་ལག་ཆོས་ཀྱི་སྣང་བས་སྡེ་དགེའི་ས་སྐྱོང་བསྟན་པ་ཚེ་རིང་གི་བཀའ་ནན་ཁུར་དུ་བཞེས།མཁས་ཆེན་དགེ་སློང་ཀརྨ་དཔལ་གྲུབ་དང་།མི་དབང་ཉིད་ཀྱི་ཞབས་ཕྱི་ནང་འཁོར་བ་དྲུང་ཡིག་ཚེ་རིང་འཕེལ་སྤྱི་གཉེར་བྱས།འཕང་ཐང་དང་ལྡན་་དཀར་གྱི་ཐོག་མའི་བཀའ་འགྱུར་ལས་རིམ་བཞིན་མཆེད་པའི་བཀའ་འགྱུར་བྲིས་མ་དང་དཔར་མ་རྣམས་ལ་ཁུངས་གཏུགས།ལི་ཐང་དཔར་མ་གཞིར་བཟུང་།དེར་མ་བཞུགས་པའི་མདོ་རྒྱུད་ཚད་ལྡན་འགའ་ཞིག་ལྷོ་རྫོང་བཀའ་འགྱུར་དུ་མཆིས་པ་དང་།གཞན་ལས་རྙེད་པའང་བསགས།གོ་བསྡུར་ཞིང་ཞུ་དག་མཛད།པར་ཡིག་འབྲི་མཁན་དྲུག་ཅུ་ལྷགཞུ་དག་པ་བཅུ་སྐོར།པར་རྐོན་བཞི་བརྒྱ་ལྷགཤིང་སྣག་ཤོག་གསུམ་གྱི་ལས་ཚན་ཤིན་ཏུ་མང་བོ་བཅས་ཀྱིས་རྒྱུན་ཆགས་བརྩོན་པར་བསྟེན།རབ་བྱུང་བཅུ་གཉིས་པའི་ས་བྱ་ནས་ཆུ་གླང་སྟེ།སྤྱི་ལོ༡༧༢༩ནས་༡༧༣༣བར་བགྲང་བྱ་ལྔའི་རིང་ལ་ལེགས་པར་གྲུབ་བོ།།

      དེ་རྗེས་བསྟན་འགྱུར་གྱི་པར་བཞེང་བ་ལ།སྡེ་དགེའི་ས་སྐྱོང་བསྟན་པ་ཚེ་རིང་གིས་སྦྱིན་བདག་དང་དབུ་འཛིན་མཛད།ཚུལ་ཁྲིམས་རིན་ཆེན་གྱིས་ཞུ་ཆེན་གྱི་ཁུར་བཞེས་ཤིང་མཁས་ཆེན་དུ་མ་གྲོགས་སུ་བསྟེན།ཞ་ལིའི་གསེར་ཁང་དུ་བཞུགས་པའི་བསྟན་འགྱུར་ཕྱི་མོར་བཟུང་ཐོགསེ་འབྲས་དགེ་གསུམ་འཕྱོང་རྒྱས་ལ་སོགས་པར་བཞུགས་པའི་ཕྱི་མོ་རྣམས་དང་།སྔར་མ་ཆུད་པ་མདོ་སྔགས་རིག་གནས་ཀྱི་དཔེ་རྙིང་ཁུངས་བཙུན་པ་མང་བོ་བསྣན་ནས།མདོ་སྨད་ཀྱི་ཡུལ་ལྗོངས་འདིར་གླེགས་བམ་ཆ་ཚང་བའི་བསྟན་འགྱུར་གྱི་ཤིང་པར་ལེགས་པར་བཞེངས་སོ།།དེ་ལ་བསྟོད་ཚོགས།རྒྱུད་སྡེ།ཤེར་ཕྱིན།དབུ་མ།མདོ་སྡེ།སེམས་ཙམ་པ།མངོན་པ།འདུལ་བ།སྐྱེས་་རབས།དཔག་བསམ་འཁྲི་ཤིང་།སྤྲིངས་ཡིགསྒྲ།ཚད་མ།བཟོ།གསོ་བ།སྣ་ཚོགས་སྐོར་དང་བཅས་པ་པོ་ཏི་ཉིས་བརྒྱ་དང་བཅུ་གསུམ་ཡོད་ལ།ཆོས་ཚན་བཞི་སྟོང་སུམ་བརྒྱ་ལྷག་བཞུགས།།

   སྡེ་དགེའི་བཀའ་བསྟན་གྱི་ཤིང་པར་ངོས་རེ་ལ་ཐིག་ཕྲེང་བདུན་རེ་དང་།བརྐོས་ཟབ་པ།ཡིག་གཟུགས་མཛེས་པ།འབྲུ་གསལ་བ།ངོས་གཙང་བ།ད་ཐུག་བར་དུ་གས་འཆུས་ཆག་གསུམ་མ་ཤོར་བར་ལེགས་པར་བཞུགས་ཤིང་།རིག་གནས་སྤེལ་བ་དང་།བོད་ཀྱི་རིག་པ་དཔྱད་པར་ཕན་ཆེན་པོ་ཐོགས་ཀྱིན་ཡོད་དོ།།

    ཁུ་རེའི་པར་ནི་ཕྱི་སོག་ཨུ་སྒེའི་ཆོས་སྡེ་ཆེན་པོ་ཁུ་རེའམ།ཁལ་ཁ་རྗེ་བཙུན་དམ་པའི་གདན་ས་དགའ་ལྡན་བཤད་སྒྲུབ་གླིང་སྟེ།དེང་སོག་པོ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཨུ་ལན་པ་ཐུར་དུ་འབོད་པ་དེ་ན།ཁལ།་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་བརྒྱད་པ་ཆོས་ཀྱི་ཉི་མའི་བཀའ་མཆིད་ལྟར།སྡེ་དགེའི་བཀའ་འགྱུར་ཕྱི་མོར་བགྱིས་ཏེ།སྤྱི་ལོ༡༩༠༨པ་ནས་བཟུང་ལོ་འགའི་རིང་ལ་འབད་ནས་པར་ཆ་ཚང་བཞེངས་སོ།དེང་སང་ཡོད་མེད་མ་ཤེས།།

       ལྷ་སའི་པར་ནི།འབྲི་གུང་སྒོ་ལྕོག་སྤྲུལ་སྐུ་མཆོག་གིས་རྒྱུའི་མཐུན་རྐྱེན་གྱ་ནོམ་པ་སྦྱར་པ་དང་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གིས་བཀའ་བསྩལ་བ་བཞིན།མཁས་པའི་དབང་བོ་རྗེ་བཙུན་ཤེས་རབ་རྒྱ་མཚོ་དཔལ་བཟང་བོ་གྲུ་འཛིན་གཉིས་པ་པོ་ཏ་ལར་ཕེབས་ནས།སྤྱི་ལོ༡༩༢༡པར་བཀའ་འགྱུར་སྣར་ཐང་དཔར་མ་སོགས་དང་།གཞན་ཡང་བྲིས་མ་ཁ་ཅིག་གོ་བསྡུར་ནས་ཕྱི་མོར་བགྱིས་ཐོགལོ་བརྒྱད་ཙམ་གྱིས་བཀའ་འགྱུར་གྱི་པར་ལེགས་པར་བཞེངས་པ།དེང་རྩེ་ཞོལ་དུ་བཞུགས་སྣང་ངོ་།།

     རྭ་རྒྱའི་པར་ནི་སྤྱི་ལོ༡༨༡༤བར།རྭ་རྒྱ་དགོན་པའི་གདན་ས་བ་ཤིང་བཟའ་ཧོ་ཐོག་ཐུ་སྐུ་ཕྲེང་དང་པོ་བློ་བཟང་དར་རྒྱས་མཆོག་གིས་ཐུགས་ཁུར་དང་སྦྱིན་བདག་གནང་ཞིང་།སྡེ་དགེའི་བཀའ་འགྱུར་མཚལ་པར་མ་ཕྱི་མོར་་བཅོལ་ཏེ་བཞེངས་པ་ཡིན།།

      ལྗར་པན་གྱི་བཀའ་བསྟན་བརྙན་པར་མ་ནི།སྤྱི་ལོ་༡༩༥༥བ་ནས་༥༨པར།ལྗར་པན་ཏ་ཀུའུ་སློབ་གྲྭ་ཆེན་མོའི་བོད་ཡིག་བཀའ་བསྟན་ཞིབ་འཇུག་འདུན་མས་པེ་ཅིན་གྱི་བཀའ་བསྟན་དཔར་མ་བརྙན་པར་དུ་བླངས་པ་ཡིན་ལ།ངོས་རེ་ལ་བོད་ཡིག་པར་ངོས་ལྔ་རེ་བླངས་པས།བཀའ་འགྱུར་ལ་དེབ་བཞི་བཅུ་ཞེ་ལྔ་དང་།བསྟན་འགྱུར་ལ་དེབ་བརྒྱ་དང་ལྔ།གཉིས་ཀའི་དཀར་ཆག་ལྷན་དུ་བཀོད་པ་ལ་དེབ་གཅིག་དང་བཅས་དེབ་བརྒྱ་དང་ང་གཅིག་བྱོན།སྤུས་ཀ་ཤིན་ཏུ་བཟང་།རང་རེ་སློབ་གྲྭའི་དཔེ་མཛོད་ཁང་དུ་ཆ་ཚང་ཞིག་བཞུགས་སྣང་ངོ་།།

     ལྗར་པན་གྱི་བཀའ་བསྟན་བརྙན་པར་མ་ནི།སྤྱི་ལོ་༡༩༥༥བ་ནས་༥༨པར།ལྗར་པན་ཏ་ཀུའུ་སློབ་གྲྭ་ཆེན་མོའི་བོད་ཡིག་བཀའ་བསྟན་ཞིབ་འཇུག་འདུན་མང་པེ་ཅིན་གྱི་བོད་ཡིག་བཀའ་བསྟན་ཞིབ་འཇུག་འདུན་མས་པེ་ཅིན་ཀྱི་བཀའ་བསྟན་དཔར་མ་བརྙན་པར་དུ་བླངས་པཡིན་ལ།ངོས་རེ་ལ་བོད་ཡིག་པར་ངོས་ལྔ་རེ་བླངས་པས།བཀའ་འགྱུར་ལ་དེབ་བཞི་བཅུ་ཞེ་ལྔ་དང་།བསྟན་འགྱུར་ལ་དེབ་བརྒྱ་དང་ལྔ།གཉིས་ཀའི་དཀར་ཆག་ལྷན་དུ་བཀོད་པ་ལ་དེབ་གཅིག་དང་བཅས་དེབ་བརྒྱ་དང་ང་གཅིག་བྱོན།སྤྭས་ཀ་ཤིན་ཏུ་བཟང་། རང་རེའི་སློབ་གྲྭའི་དཔེ་མཛོད་ཁང་དུ་ཆ་ཚང་ཞིག་བཞུགས་སྣང་ངོ།།བཀའ་འགྱུར་དང་བསྟན་འགྱུར་གྱི་དཔར་མ་རྣམས་ལས།ཆོས་ཚན་ལ་ལ་མི་གཅིག་པ།གཞུང་མང་ཉུང་ལ་ཁྱད་པར་ཅུང་ཟད་ཡོད་པ།དོན་སྤྱི་འདྲ་ཡང་ཡི་གེ་དང་མིང་དང་ཚིག་ཅུང་ཟད་མི་འདྲ་བ་ཡང་ན་དག་མིན་གྱི་ཁྱད་པར་ཅུང་ཟད་ཡོད་པ་སོགས་དང་སྒོས་སུ་མི་གཅིག་ས་ཅི་ལྟར་བྱུང་བ་རྣམ་པར་དཔྱད་འདོད་ན།དཔར་མ་གང་ལས་གང་མཆེད་པ་ཐོག་མར་ཤེས་རྒྱུ་གལ་ཆེ།གོང་དུ་པར་བཞེངས་པ་སོགས་དེ་ལྟར་མཚམས་སྦྱོར་བའི་ཚུལ་དུ་སྤྲོས་པ་ཡང་འདི་འདྲའི་གནད་ལ་དམིགས་པ་ཡིན་ནོ། (ཞིབ་ཆ་བཀའ་བསྟན་པར་ཤིང་གི་རེའུ་མིག་ལ་ལྟོས།)

     གོང་གསལ་བོད་ཀྱི་དགོན་ཆེན་སོ་སོས་བཞེངས་པའི་པར་ལས།བཀའ་འགྱུར་རམ་བཀའ་བསྟན་ཙམ་མིན་པར་བོད་ཀྱི་མཁས་དབང་རྣམ་པའི་གསུང་རྩོམ་གལ་པོ་ཆེའི་པར་ཡང་ཞོར་ལ་བཞེངས་པ་མང་།དེ་མིན་བླ་བྲང་བཀྲ་ཤིས་འཁྱིལ་དང་སྐུ་འབུམ་སོགས་ཆོས་སྡེ་ཆེ་འབྲིང་གང་མང་དུའང་བཀའ་་འགྱུར་དང་བསྟན་འགྱུར་ལས་ཉེ་བར་མཁོ་བ་རྣམས་དང་།བླ་ཆེན་མཁས་ཆེན་རྣམ་པ་ཚོའི་གསུང་འབུམ་ལ་སོགས་པ་རབ་ཏུ་མང་བོ་པར་དུ་བཞེངས་ཡོད།དཔེར་ན།ཕག་མོ་སྡེ་སྲིད་ཁྲི་རབས་ལྔ་བ་ངག་དབང་གྲགས་པ་རྒྱལ་མཚན་གྱིས་ས་སྐྱ་གོང་མ་རྣམ་ལྔའི་གསུང་འབུམ་ཐོག་མར་ཤིང་པར་བཞེངས་པ་དང་།སྣེའུ་རྫོང་ནམ་མཁའ་བཟང་བོས་བདག་རྐྱེན་སྦྱར་ནས་རྗེ་ཙོང་ཁ་བའི་གསུང་འབུམ་པར་དུ་བཞེངས་རྦ་ལྟ་བུའོ།།མདོར་ན་པར་བཞེང་བའི་ཕྲིན་ལས་སྤེལ་བའི་སྒོ་ནས།བཅུ་ཕྲག་རིག་པའི་གནས་རྣམས་བོད་ཀྱི་ཡུལ་གྲུ་སོ་སོར་ལྷག་པ་མགྱོགས་པར་དར་ཞིང་རྒྱས་པར་མ་ཟད།བོད་ཀྱི་རིག་པའི་སྣང་བ་མི་རིགས་གཞན་དང་རྒྱལ་ཁབ་གཞན་ལ་རྒྱ་ཆེ་བར་ཁྱབ་པ་དང་ཅིག་ཅར།བོད་ཀྱི་བཟོ་རིག་པ་གོང་དུ་སྤེལ་བའི་རྗེས་འབྲངས་ནས།ཐུན་མོང་གི་ལས་ཚན་སྒྲིག་ཚུལ་དང་།ཐུན་མོང་གི་ཐོན་སྐྱེད་སྤེལ་སྟོབས་ཀྱང་རྣམ་པ་རྒྱ་ཆེ་བར་གྱུར་ཡོད་དོ།།

     དོན་ཚན་འདི་གཙོ་ཆེར་བློ་མཐུན་རྡོར་ཕྲུག་གི་ཞིབ་འཇུག་སློབ་མའི་་དཔྱད་རྩོརྨ་བོད་ཀྱི་རྩོམ་རིགས་རྣམ་བཞག་ཞེས་བྱ་བ་གཞིར་བཟུང་ནས་བྲིས་པ་ཡིན།ཁོང་གི་དཔྱད་རྩོམ་དེ་ཡིག་ཆ་མང་བོར་གོ་བསྡུར་ཞིང་རྣམ་པར་དཔྱད་ནས་བརྩམས་པ་ཡིན་པས་དག་ཆ་ཐོན་སྣང་།ཞིབ་ཆ་རྟོག་འདོད་ན་དེར་ལྟོས་ཤིག།

ཤིང་པར་བཞེངས་པའི་དབྱར་རྔ་བརྡུངས་པ་ལས།།

སྨྱུ་གུ་སྐྱེད་བྱེད་དཔེ་བསྐྲུན་གློག་ཞགས་འཁྱུགས།།

རིག་པའི་སྦྲང་ཆར་ཀུན་ཏུ་བབས་པ་ན།།

མཁས་པའི་འབྲས་འབྱུང་མེ་ཏོག་སྣ་ཚོགས་དགོད།།

བརྟག་པ་དང་སྦྱང་བ།

དང་པོ།པར་ཤིང་བཟོ་བའི་ལག་རྩལ་ཅི་མཆིས།

གཉིས་པ། སྣར་ཐང་པར་རྙིང་ལས་མཆེད་པའི་བཀའ་འགྱུར་གང་དང་གང་ཡིན།

གསུམ་པ། ཚལ་བའི་པར་ལས་མཆེད་པའི་བཀའ་འགྱུར་གང་དང་གང་ཡིན།

བཞི་བ།བསྟན་འགྱུར་པར་དུ་བཞེངས་པ་གཛ་དང་གང་ཡོད།

ལྔ་བ། པར་བཞེངས་པའི་ཕྲིན་ལས་ལ་དགེ་མཚན་ཅི་བྱུང་།



会员登录
登录
我的资料
我的收藏
购物车
0
留言
回到顶部