གསར་འགྱུར། 新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅མི་སྒེར་གྱི་འགྲེམ་སྟོན་ཁང་།个人展厅གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅སྐད་འཕྲིན་ལས་སྟེགས་མཐོང་བ་ཀུན་སྨོན།微信平台书法大观གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程ཡིག་གཟུགས་མ་ཕྱི། 字帖བསླབ་དེབ།学习资料གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家
པར་ཤིང་དང་ཤིང་པར།
2017-06-23 00:49来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་པ།作者:དཔལ་རིས་སངས་རྒྱས།  རྩོམ་སྒྲིག་པ་རྟ་མགྲིན་མགོན་པོ།浏览数:25 

པར་ཤིང་དང་ཤིང་པར།

         རིག་གནས་སྤེལ་བའི་དགོས་དབང་གིས།།ཤིང་པར་བཞེང་བའི་ཐབས་ཤེས་བྱུང་།།པར་ཤིང་བྱེད་པ་སྟག་དམར་མཆོག །ཀོང་འཆུས་གས་གསུམ་མི་འཆོར་བ། །སྣག་ཆུ་མི་འཐིམ་རླན་འཁོག་པར།།བྱེད་པའི་ཐབས་ཀྱང་དུ་མ་ཡོད། །པར་ངོས་གཙང་ལ་བརྐོས་པ་ཟབ། །དག་སྙོམས་མཛེས་གསུམ་ཐོན་པ་ རབ། །སངས་རྒྱས་ཀྱི་ཆོས་ལུགས་བོད་དུ་དར་བ་ལ།ནང་བསྟན་རིག་པའི་གནས་དང་འབྲེལ་བ།དགོན་པ་སློབ་གྲྭའི་ཆ་དང་ལྡན་པ།ཆོས་པ་མཁས་པའི་ལམ་དུ་འཇུག་པ་སྟེ།ཁྱད་ཆོས་འདི་འདྲ་གསུམ་རྟེན་ཅིང་འབྲེལ་བར་སྲོལ་ཆགས་པའི་དབང་གིས་ཆོས་གྲྭར་ཞུགས་པའི་གྲྭ་བ་ཇེ་མང་དུ་གྱུར་པ་དང་། སློབ་གཉེར་དུ་དགོས་པའི་རིག་གནས་ཆེ་ཆུང་གང་ཅིའི་དཔེ་ཆ་ནི།གཞན་ནས་ལོན་དཀའ་བ། བྲི་བས་རྗེས་མི་ཆོད།སྒོས་སུ་བཀའ་ཆོས་དང་གསུང་ རབ་རྩ་ཆེན་གྱི་བསྟན་བཅོས་རྣམས་ངོ་བཤུས་ལ་བརྟེན་ན།མ་དག་རྒྱུན་འབྱམས་ཀྱི་འཁྲུལ་བ་འབྱུང་སླ་བས།དཔེ་ཆ་དཔར་བའི་དགོས་པ་ཚ་གདུང་ སྐོམ་པ་ཆུ་འདོད་ལྟར་ཚབས་ཆེ་བ་བྱུང་ཡོད་ཐོག་དེ་སྔར་ཐམ་ག་བརྐོས་ནས་རྒྱ་བཏབ་པ་དང་།རྡོ་རིང་དུ་ཡི་གེ་བརྐོས་པ་དང་།ལུགས་སུ་ཡི་གེ་བརྐོས་ ནས་དྲིལ་བུ་བླུག་པ་སོགས་ཀྱི་སྒོ་ནས།དཔེ་ཆ་དཔར་བའི་དྲན་པ་དང་རྐོ་ཐབས་བྱུང་།ཕྱུགས་ལས་ཞིང་ལས་བཟོ་ལས་རྣམས་ཀྱང་དར་ཞིང་རྒྱས་ནས་དཔལ་འབྱོར་གྱི་མཐུན་རྐྱེན་གང་བཟང་ཆགས་ཡོད་པར་བརྟེན།ཤིང་པར་བཞེང་བའི་ཕྲིན་ལས་མངོན་སུམ་དུ་གྱུར་ཏོ།།པར་ཤིང་ལ་སྟག་པ་དམར་པོ་རབ་ཡིན།འཁྱོག་པ་མཛེར་བ་རུལ་བ་སོགས་མིན་པའི་གང་བཟང་རྣམས། སྟོན་མཇུག་ཤིང་ལོ་ལྷུང་མ་ཐག་པའི་དུས་སུ་གཅད་དགོས།དེ་ནས་ཤིང་སིལ་ལྟར་ཁ་གཤག་།མེའི་དུ་བ་ལ་བསྐམས།ཀོང་འཆུས་གས་གསུམ་མི་འཆོར་བར།རིལ་མའི་ཕུང་བོར་དགུན་ཟླ་གསུམ་གྱི་ཡུན་དུ་བསྙལ།དེ་རྗེས་ཆུར་བཙོས་ཤིང་མེར་བསྐམས།ངོས་གཙང་ཞིང་མཉམ་པར་བྱས་ནས་བརྐོ་བའོ།།བརྐོས་མ་ཐག་པའི་པར་ཤིང་རླན་མི་འཕོག་པ་དང་། སྣག་རྨོ་སོགས་མི་འཐིམ་པར།མར་ཁུར་ཞག་གཅིག་གི་ཡུན་ལ་སྦངས་ཐོག ཕྱིར་བླངས་ནས་སྐེམ།རྩྭ་ཟོལ་བའི་ཁུ་བས་སྣུམ་དག་པར་བཀྲུས་ནས་བསྐམས་ཐོགམཚལ་ལམ་སྣག་ཚ་དྲུད་ནས་དཔར་བར་བྱའོ།།

    པར་བརྐོ་བ་སོགས་ལ་ལས་སྣའི་འགན་ཁུར་དང་འགྲིག་ལམ་བཅའ་དག་ཡོད།དཔེར་ན།ཀིརྟི་བློ་བཟང་འཕྲིན་ལས(སྤྱི་ལོ༡༨༤༩བར་འཁྲུངས།༡༩༠༩བར་གཤེགས)ཚང་གི་པར་རྐོན་བཅའ་ཡིག་ཏུ་པར་གྱི་འགྲིག་ལམ་གྱི་སྐོར་ཡུལ་དུས་དང་བསྟུན་ཏེ་ཞིབ་མོར་བཀོད་པའི་རིམ་པ་ལ།དཔྱིད་ཆོས་ཆེན་མོའི་མགོ་ནས་བཟུང་བརྒྱད་པའི་ཚེས་གཅིག་གི་བར་བརྐོ་དགོས་ཤིང་།དེ་ཡང་པར་ཤིང་རུལ་བ།འཁྱོག་པོམཛེར་བུ་ཅན་སོགས་མ་ཡིན་པའི་ངོས་གཙང་ཞིང་མཐུག་སྲབ་མཉམ་པ།ལོ་གཅིག་ལ་འདང་ངེས་ལྷག་པ་དགོས།ཤོག་དམམངོས་གཙང་བྲི་ཤོག་རུང་བ། པར་ཕུད་ཤོག་དཀར་རྩེར་སོན། ཞུ་དག་ལ་ཤོག་དཀར་བབ་བསྟུན་བསྒྲིག་དགོས།ཞེས་དང་།པར་ཡིག་གཟུགས་ལེགས་ཤིང་ཆ་མཉམ་པ་དག་ཆ་དང་ལྡན་པ་བྱེད་དགོས།ཞེས་དང་།ལེགས་སྙོམས་དག་གསུམ་པ་ལ་ཨང་གུ་མ་མཉམ་པ་དང་།ཨང་གུ་མཉམ་པ་ལ་ཡོན་དང་གནང་སྦྱིན་མི་མཉམ་པ་ཡོད་མི་ཆོགལོ་རེ་རེར་རང་རང་གི་གྲངས་ལས་ལྷག་པ་དང་།སྟོན་ཕྱོགས་སུ་རྐ་མཁན་བྱུང་ན།

        ཤིན་ཏུ་ལེགས་ཤིང་ཡོན་ཡང་དེ་བཞིན་ཡོད།གྲངས་མ་ལོང་ན།རང་གིས་བརྐོ་བའམ་གཞན་ལ་བརྐོར་བཅུག་ནས་གྲངས་ལོང་ངེས་བྱེད་དགོས།ཞེས་གང་ཅིའི་ཐད་ལའང་འགྲིག་ལམ་གསལ་བར་འཁོད་ཡོད་ལ།སོ་སོའི་ཁུར་ལ་ཡང་།པར་དཔོན་གྱིས་པར་བསྐྲུན་བྱ་བ་སྦྱོར་དངོས་མཇུག་གསུམ་དུ་བཀོད་པ་ཆ་ཚང་འཐེན་ཅིང་ཁག་ཐེག་དགོས།དོ་དམ་པ་དག་གིས་རང་ཁུར་གང་ཅི་དོན་དུ་གཉེར་ཞིང་ཚགས་འཛིན་ཆོད་དགོས།ཡི་གེ་བས་པར་བརྐོ་བྱའི་ཡི་གེ་སྨྱུག་འགྲོས་ཁ་གསལ་ཞིང་ནག་ནོག་མེད་ལ་དག་སྙོམས་མཛེས་གསུམ་ཐོན་པར་བྲི་དགོས།ཞུ་དག་པས་དག་བསྡུར་ནས་ཡིག་འབྲུ་དང་ཚིག་དོན་གྱི་ཆ་ལ་སྐྱོན་ཅི་ཡོད་དག་པར་བཅོས་ནས།མ་དཔེ་ནང་བཞིན་དག་ཆ་གདོན་པ་དང་།བརྐོས་ཟིན་པ་དག་བསྡུར་ནས་སྐྱོན་མངས་ན་སླར་བརྐོ་བར་འཇུག་དགོས།པར་རྐོན་གྱིས་བྲིས་པ་ཇི་བཞིན་གཏིང་ལ་འཕངས་ནས་བརྐོ་བ་དང་།ལས་ཚུལ་ཚུན་ངོས་གཙང་བར་བྱ་དགོས།དཔོར་བ་བོས་པར་བརྒྱབ་པ་མི་གསལ་བ་སྣག་འཚུབ་ལྟ་བུར་སོང་བ་མང་ན།གང་གིས་ཤོག་སྣག་བསྒྲིགས་ནས་ཉམས་པ་དག་འོར་པར་རྒྱག་དགོས་ཚུལ་གསུངས་སྣང་།སྤྱིར་དཔེ་བསྐྲུན་བྱ་བ་ནི་ཤིན་ཏུ་གལ་ཆེ་བས།ལས་སྣ་སོ་སོས་རང་ཁུར་དུ་བབ་པའི་བྱ་བ་གང་ཅི་ཁྲལ་མངོན་སླ་ཆོས་སུ་མི་གཏོང་བར་ཚོགས་གཉིས་སྤེལ་བའི་འདུན་པ་རྩེ་གཅིག་གིས།སྤུས་ཀའི་ཚད་ལ་ཞོག་པར་མཉམ་དུ་ལོག་ནས་བརྩོན་དགོས་པ་ཡིན་ནོ།།

         པར་བསྐྲུན་གྱི་ཕྲིན་ལས་སུ་མི་རིགས་གང་གི་རིག་གནས་དར་ཚུལ་དང་།མཁས་པ་བྱོན་ཚུལ་དང་།ལག་རྩལ་བྱུང་ཚུལ།དེ་དག་དང་འབྲེལ་བའི་ལོ་རྒྱུས་དང་།དཔལ་འབྱོར་དང་།ཆབ་སྲིད་ཀྱི་གནས་ཚུལ་སོགས་སྤྱིར་བཏང་རགས་པ་ཙམ་རྟོག་པར་འགྱུར་ལ།བོད་ལ་པར་བསྐྲུན་གྱི་སྲོལ་བྱུང་བའི་གོང་རོལ་ཏུ།བཀའ་བསྟན་འགྱུར་རོ་ཅོག་དང་།བོད་ཀྱི་རང་རྩོམ་ཐམས་ཅད་སོར་མོའི་འདུ་བྱེད་ཁོ་ནར་བརྟེན་པ་ཡིན་ཏེ།བྲི་གཞི་ནི་རྡོ་ལེབ།ཤིང་ལེབ།གྲོ་གཏ་ལའི་ལོ་མ།དར་གོས།ཤོག་བུ་ལ་སོགས་པ་ལྟ་བའོ།།བྲིས་པ་ཙམ་ལ་བརྟེན་ན།ཡུལ་དང་དུས་ཀྱིས་བསྐལ་བ་སྟེ།ཡུལ་གྲུ་སོ་སོར་ཁྲེམས་དཀའ།དུས་འཁྲུག་སོགས་ཀྱིས་འཇིག་སླ།དེ་ལ་ཐོག་མར་དུས་ཀྱི་བར་ཆད་སེལ་བའི་ཆེད་དུ་རྐོ་ཐབ་བྱུང་བ་དཔེར་ན།ཕ་བོང་ཁའི་རྡོ་ཧྥ་བོང་ངོས་སུ་བརྐོས་པའི་རྒྱལ་བོ་སྲོང་བཙན་སྒམ་པོའི་ཕྱག་བྲིས་སུ་གྲགས་པའི་མ་ཎི་ཡིག་དྲུག་དང་།སྤྱི་ལོ༧༦༣པར་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བློན་ཆེན་སྟག་སྒྲ་ཀླུ་གོང་གིས་ཐང་གི་རྒྱལ་ས་ཁྲང་ཨན་དུ་དམག་ཆེན་དྲངས་ནས་འཐབ་ལ་དཔའ་བའི་རྒྱལ་ཁར་བསྟོད་པ་དང་བརྗིད་ཆགས་པར་ཚུགས་པའི་ཞོལ་རྡོ་རིང་དང་།སྤྱི་ལོ༨༢༡པར་བོད་ཀྱི་བཙན་པོ་ཁྲི་རལ་བ་ཅན་དང་ཐང་རྒྱལ་རབས་ཀྱི་གོང་མ་མུའུ་ཙུང་གཉིས་ཀྱི་འཇལ་འདུམ་གྱི་གཙིགས་མཛད་པའི་ལྷ་སའི་གཙུག་ལག་ཁང་མདུན་གྱི་རྡོ་རིང་ལྟ་བུ་སོགས་དང་།ཅིག་ཅར་ཡི་གེ་ལུགས་སུ་ལྡུག་པའི་ཐབས་ཀྱང་བྱུང་སྣང་སྟེ།བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་འབྲོ་བཟའ་ཁྲི་རྒྱལ་མོ་བཙན་གྱིས་ཕྱོགས་བཅུའི་རྒྱལ་བར་མཆོད་པ་འབུལ་བའི་ཆེད་དུ།སྦྱིན་བདག་བགྱིས་ནས་བཞེངས་པའི་དགེ་རྒྱས་ཀྱི་གཙུག་ལག་ཁང་གི་ཅོང་དང་།རྒྱལ་བོ་དེ་ཉིད་ཀྱིས་རྒྱལ་བའི་བཀའ་ཉམས་ལེན་དུ་སྨོན་པའི་ལུགས་སུ་བླུགས་པའི་སྐྱིད་ཆུ་སྟོད་རྒྱུད་ཀྱི་བྲག་ཡེར་བར་་བཞུགས་པའི་ཅོང་ཆེན་ལྟ་བུ་སོགས་སོ།།དེ་རྗེས་ཡུལ་གྱི་བར་ཆད་སེལ་བའི་ཆེད་དུ་ཤིང་པར་རྐོ་བའི་སྲོལ་བྱུང་ངོ་། །

    དེ་ཡང་བཀའ་འགྱུར་གྱི་ཤིང་པར་སྔ་ཤོས་དཔལ་སྣར་ཐང་དུ་འཁྲུངས་པ་ཡིན་ལ།དེ་གའི་པར་གསར་གྱི་དཀར་ཆག་ལྟར་ན།ཡོན་རྒྱལ་རབས་ཀྱི་གོང་མ་ཅི་ཙུང་ཨ་ཡུར་པར་ཏ་ཡན་ཐུ་ཧུང་ཆིན་བགྱི་བའི་སྲིད་ལོ་དྲུག་པ་སྟེ།སྤྱི་ལོ༡༣༡༢པར་སྣར་ཐང་དགོན་གྱི་དགེ་བའི་བཤེས་གཉེན་གཞན་དྲིང་མི་འཇོག་པའི་མཁས་དབང་འཇམ་དགག་པཀྵི་མཆོག་གདན་དྲངས་ནས་སོག་ཡུལ་དུ་ཕེབས་ནས།སངས་རྒྱས་ཀྱི་བསྟན་པ་ལེགས་པར་སྤེལ།གོང་མའང་ཐུགས་ཧ་ཅང་དགྱེས་ཏེ་འབུལ་ནོར་མང་དུ་བསྟབས།དེ་ཙ་ན་ཁོང་གི་ཐུགས་ལ་བོད་དུ་རྒྱལ་བའི་བཀའ་དང་དེའི་དགོངས་འགྲེལ་འགྱུར་རོ་འཚལ་ཕྱོགས་གཅིག་ཏུ་བསྡུས་ནས་པར་དུ་བསྐྲུན་ནས།རྒྱ་ཆེར་སྤེལ་ན་དགེ་བ་བསམ་གྱིས་མི་ཁྱབ་པར་འབྱུང་བར་སྙམ་པས་ཀུན་ནས་བསླངས་ཏེ།རང་གི་རྩ་བའི་བླ་མ་བཅོམ་ལྡན་རིག་པའི་རལ་གྲི་མཆོག་གིས་དབུ་མཛད།དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་དང་།ལོ་ཙཱ་བ་བསོད་ནམས་འོད་ཟེར་དང་།རྒྱང་རོ་བྱང་ཆུབ་འབུམ་སོགས་མཉམ་དུ་ལོག་ནས།ལུས་སྲོག་འབེན་དུ་བཙུགས།དཀའ་བ་ཁྱད་དུ་བསད།དབུས་གཙང་མངའ་རིས་དང་བཅས་པའི་ཡུལ་གྲུ་སོ་སོར་བཞུགས་པའི་སྡེ་སྣོད་གསུམ་གྱི་བོད་འགྱུར་རྙེད་དོ་ཅོག་གོ་བསྡུར་ཞིང་ཞུ་དག་མཛད།བཀའ་འགྱུར་དང་བསྟན་འགྱུར་གཉིས་སུ་གུང་བསྒྲིགས།ཤིང་པར་བརྐོ་བར་བསྐྲུན་ པ།བཀའ་འགྱུར་གྱི་ཤིང་པར་སྤྱི་ལོ༡༣༢༠བར་ཡོངས་སུ་གྲུབ་སྐད།དེ་ལ་སྣར་ཐང་པར་རྙིང་དུ་གྲགས།ཕྱིས་སུ་དུས་འཁྲུག་གི་རྐྱེན་གྱིས་འཇིག་པར་གྱུར།ད་ལྟ་སེ་རར་ཁ་ཐོར་ཙམ་ཞིག་བཞུགས་སྐད།།

    སྣར་ཐང་གི་པར་གསར་ནི།ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་(སྤྱི་ལོ༡༦༨༩-༡༧༤༧)གྱིས་མཐུན་རྐྱེན་ཉེ་བར་སྦྱར་ཏེ།ཤེལ་དཀར་ཆོས་སྡེ་ལ་པར་རྐོན་མང་བོ་བསྡུས།མངའ་བདག་བྲག་པ་དང་།ཇུ་རིགས་ཐུ་ཁོ་ཤོའུ་ཆི་དཔོན་སློབ་གཉིས་དང་།ཨེ་དཔོན་ཚང་དང་།བསྟན་འཛིན་བག་དྲོ་རྣམས་ཀྱིས་དབུ་འཛིན་མཛད།བློ་བཟང་ཀུན་ཐུབ།དབུ་ཆུང་བརྒྱ་བྱིན།རྟ་མགྲིན།ཕུན་ཚོགས་དར་རྒྱས།སྙེ་མོ་བ་པད་མ་ཚེ་རིང་རྣམས་ཀྱིས་དོ་དམ་བྱས།དགོན་པ་དེའི་བཙུན་པ་གཉིས་ཀྱིས་ཞུ་དག་བྱས།བུ་སྟོན་རིན་ཆེན་གྲུབ(༡༢༩༠-༡༣༦༤)ཀྱིས་ཞུ་དག་གནང་མྱོང་བའི་ཞ་ལུ་གསེར་ཁང་དུ་བཞུགས་པའི་བཀའ་འགྱུར་ཕྱི་མོར་བཅོལ་ཏེ།རབ་བྱུང་བཅུ་གཉིས་པའི་ལྕགས་ཁྱི་ཟླ་བ་བརྒྱད་པ་ནས་ཆུ་བྱི་ཟླ་བ་དང་བོ་སྟེ།སྤྱི་ལོ༡༧༣༠་བ་ནས༡༧༣༢པའི་བར་ལོ་གཅིག་དང་ཟླ་བ་དྲུག་གི་ཡུན་ལ་ཤིང་པར་བརྐོ་བའི་ཕྲིན་ལས་ཡོངས་སུ་རྫོགས་པར།འདུལ་བ་ལུང་གི་སྐོར་ལ་པོ་ཏི་བཅུ་གསུམ།ཤེར་ཕྱིན་གྱི་སྐོར་ལ་པོད་ཉེར་གཅིགཕལ་ཆེན་ལ་པོད་དྲུགདཀོན་བརྩེགས་ལ་པོད་དྲུགཐེག་པ་ཆེ་ཆུང་གི་མདོ་ལ་པོད་སོ་གཅིགམྱང་འདས་ལ་པོད་ཉི་ཤུ།འབུམ་ལ་པོད་གཉིས།ཁ་གསབ་ལ་པོད་གཅིགདཀར་ཆག་ལ་པོད་གཅིག་སྟེ་བསྡོམས་པས་པོ་ཏི་བརྒྱ་དང་གཅིག་ཡོད་དོ།།དེ་ཕྱིས་སྤྱི་

         ལོ༡༧༤༤བ་སྟེ།ཆན་ལུང་སྲིད་ལོ་དགུ་བར་སྣར་ཐང་གི་བསྟན་འགྱུར་གྱི་ཤིང་པར་བཞེངས་པར་བཤད་དོ།།ཚལ་བའི་པར་ནི།ཚལ་བའི་ཁྲི་དཔོན་ཀུན་དགའ་རྡོ་རྗེ་བཞུགས་དུས་ཏེ།སྤྱི་ལོ་དུས་རབས་བཅུ་བཞི་བའི་སྟོད་དུ།བུ་སྟོན་རིན་པོ་ཆེ་ཚལ་བའི་དགོན་དུ་གདན་དྲངས་ནས།སྣར་ཐང་པར་རྙིང་ཕྱི་མོར་བཅོལ་ཏེ།གོ་བསྡུར་དང་ཞུ་དག་ལེགས་པར་མཛད་ཐོགཡིག་གཟུགས་དག་།སྙོམས་མཛེས་གསུམ་ཐོན་པའི་བཀའ་འགྱུར་གྱི་པར་ཆ་ཚང་བཞེངས་སོ།དེ་ལ་བོད་ཀྱི་མཁས་པ་ཡོངས་ཀྱིས་ཚད་མར་འཛིན་པས་ན།སྣར་ཐང་པར་གསར་དང་།སྡེ་དགེའི་པར་དང་།ཁང་ཞིའི་པར་བཅས་ཀྱང་ཕྱི་མོ་དེ་ལས་མཆེད་པར་གྲགས་སོ།།པར་དེ་གནའ་སྔ་མོ་ནས་མཐོང་ཡུལ་དང་བྲལ་ལོ། །


会员登录
登录
我的资料
我的收藏
购物车
0
留言
回到顶部