མཐོ་རྒྱུགས་ལ་སྐུལ་བའི་ལྷག་བསམ་དར་དཀར་འདི་ན་བསྲིངས།
2017-06-07 01:58浏览数:415 

མཐོ་རྒྱུགས་སྐབས་ངེས་དགོས་པའི་དཀའ་ནད་སེལ་ཐབས་འགའ།


      སང་ཉིན་ནི་མཐོ་གསུམ་སློབ་མ་རྣམས་མཐོ་རྒྱུགས་ཀྱི་གཡུལ་སར་ཆས་པའི་ཉིན་མོ་ཡིན་པས། རྒྱུགས་རར་མ་སོང་སྔོན་ལ་རང་གི་སེམས་ཁམས་ཇི་ལྟར་སྙོམས་སྒྲིག་དང་།རྒྱུགས་དང་པོ་ལམ་ལྷུང་མ་བྱུང་བར་འཚུབ་ཆ་དང་སེམས་བླང་བློང་བོར་འགྱུར་བའི་ངང་ཚུལ་བྱུང་ན་ཇི་ལྟར་ཐག་གཅོད་བྱེད་པའི་སྐོར་གྱི་གནས་ཚུལ་འདྲ་མིན་ཐད་རྒྱལ་ཁབ་རིམ་པའི་མཐོ་རིམ་སེམས་ཁམས་རིག་པའི་བློ་འདོན་མཁན་པོ།མཚོ་སྔོན་ཡོན་ཅའེ་སེམས་ཁམས་བདེ་ཐང་ཞིབ་འཇུག་གླིང་གི་ཝུའུ་ཅིན་གྱིས་རྒྱུགས་ཞུགས་ལ་གྲ་སྒྲིག་བྱེད་པའི་སློབ་མ་རྣམས་ལ་ཐབས་མཆོག་འགའ་བཏོན་འདུག  

       དང་པོ།  རྒྱུགས་འབྲི་བའི་དུས་སུ་ནམ་རྒྱུན་སློབ་མ་རྣམས་ལ་རེ་བ་མཐོ་ཤོས་ཁོ་ན་བསམ་ནས་རྒྱུགས་ལན་འབྲི་སྟངས་དང་།  རང་བཞིན་གྱི་རྒྱུགས་ལེན་འབྲི་སྟངས།  དུས་རྒྱུན་སྦྱངས་འབྲས་བཟང་ན་ཡང་རྒྱུགས་ལེན་དུས་སུ་དྲན་པ་རབ་རུབ་ཏུ་འགྱུར་བ་སོགས་རྣམ་པ་གསུམ་འབྱུང་བཞིན་ཡོད། དེ་བས་སློབ་མ་རྣམས་ཀྱིས་རྒྱུགས་ལེན་པའི་སྔ་རོལ་ཏུ་རྒྱུན་ལྡན་གྱི་ལན་འདེབས་སྟངས་ཐད་བློ་བཏང་ནས་སེམས་བདེ་ལ་བབས་ན་རང་གི་ཤེས་བ་ཡོད་ཚད་ཕྱིར་འདོན་ཐུབ། རང་གིས་རང་ལ་འོས་འཚམ་གྱི་རེ་བ་འཛིན་པ་ལས་དེ་ལས་བརྒལ་ན་རྒྱུགས་ལེན་སྐབས་འགོག་རྐྱེན་འདྲ་མིན་འབྱུང་སྲིད།  

      གཉིས་པ།  རྒྱུགས་རར་མ་ཞུགས་མཚམས་ཀྱི་ངལ་གསོ་ཐབས།

རྒྱུགས་རར་ཞུགས་པའི་སྔོན་ལ་རང་གཅིག་པུ་བསྡད་ན་ལེགས། སློབ་མ་མང་པོ་འདུ་སར་ཕྱིན་ན་རང་ཉིད་ལ་མི་འདོད་པའི་འཚུབ་ཆ་སློང་སྲིད་པས།མ་མཐའ་ཡང་སྐར་མ་༢༠ནས་ཆུ་ཚོད་ཕྱེད་ཀའི་ཙམ་དུ་སྤྲོད་བྱའི་རྒྱུགས་གཞིའི་ཤེས་བྱ་སྐོར་ཕྱིར་དྲན་ཐེངས་ཤིག་བྱས་ན་ལེགས།

      གསུམ་པ།  རྒྱུགས་དང་པོ་བླངས་པ་ལམ་ལྷུང་མ་བྱུང་ན་ཅི་ལྟར་བྱེད། གལ་ཏེ་རྒྱུགས་དང་པོ་ནི་ཏག་ཏག་རང་གི་དཀའ་གནད་ཡིན་ཚེ།  རང་གི་བཏབས་ཟིན་པའི་ལན་དག་གཞན་ལ་གཤིབ་བསྡུར་དང་ཡང་ན་ལན་གང་དག་འབྲི་མ་ཐུབ་པ་དང་།མ་ཤེས་སོགས་ལ་ཕྱིར་དྲན་གཏན་ནས་མ་བྱས་ན་བཟང་། དེ་དག་ཕར་གཡུག་ནས་སེམས་བདེ་ལ་བབས་ནས་ངལ་གསོ་བཟང་བོ་བྱས་ཏེ་རྒྱུགས་གཉིས་པར་གྲ་སྒྲིག་ལེགས་པོ་ཞིག་བྱེད་རྒྱུ་ཧ་ཅང་གལ་ཆེ།གཞན་བསྐྱར་སྦྱངས་ཀྱི་དུས་ཆེས་བཟང་བ་ནི་ཞོགས་པར་ཡར་ལངས་རྗེས་ཀྱི་ཆུ་ཚོད་ཕྱེད་ཀ་དང་དགོང་དྲོར་གཉིད་ལོག་པའི་སྔོན་གྱི་ཆུ་ཚོད་ཕྱེད་ཀ་དེ་ཡིན་པས།ཆུ་ཚོད་དེའི་ནང་དུ་སྦྱངས་ཟིན་པའི་ནང་དོན་ལ་ཕྱིར་དྲན་བྱ་རྒྱུ་མ་བརྗེད།

     བཞི་བ།  རྒྱུགས་རར་འགྲོ་བའི་ལམ་བར་དུ་རླངས་འཁོར་འགག་ཚེ་ཅི་བྱེད། གལ་ཏེ་ལམ་བར་དུ་རླངས་འཁོར་འགག་དུས་རྒྱུགས་ལེན་འཁྲོལ་ཡིག་བཟུང་ནས་ཉེན་རྟོག་ལ་གནས་ཚུལ་ཞུས་ནས་རོགས་བྱེད་དུ་འཇུག་དགོས།  གལ་ཏེ་སྤྱི་སྤྱོད་རླངས་འཁོར་བསྡད་ནས་འགག་པ་ཡིན་ན་ལམ་བར་དུ་སར་བབས་ནས་གླ་གཏོང་རླངས་འཁོར་རམ་ཉེན་རྟོག་པར་ཞུས་ནས་རོགས་བྱེད་དུ་བཅུག་ཆོག གལ་ཏེ་རྒྱུགས་རར་བྲེལ་ནས་འགྲིམ་འགྲུལ་སྒྲིག་ལམ་དང་འགལ་བའི་གནས་ཚུལ་བྱུང་ན་ལམ་སང་ཉེན་རྟོག་པར་རྒྱུགས་ལེན་འཁྲོལ་ཡིག་སྟོན་དང་རོགས་བྱེད་ངེས།

     ལྔ་བ།  སེམས་འཚུབ་འཚུབ་བྱུང་ན་ཅི་བྱེད།  སྐབས་དེར་རང་གིས་རང་ལ་སེམས་གསོ་དང་རང་གིས་རིང་ལ་ཡིད་ཆེས་བྱེད་རྒྱུ་ཧ་ཅང་གལ་ཆེ།

     དྲུག་པ།  གལ་ཏེ་སྐར་མ་འགའ་ཤས་ཀྱི་རྗེས་ལུས་ཚེ་ཅི་བྱེད།

ཐོག་མར་རྐུབ་སྟེགས་སུ་བསྡད་རྗེས་དབུགས་རིང་འབྱིན་རྔུབ་ཐེངས་འགའ་བྱས་ནས་སེམས་བདེ་ལ་བབ་རྗེས་རྒྱུགས་གཞི་དང་ལན་བྱང་གི་མིང་འབྲི་སར་རང་གི་མིང་དང་རྒྱུགས་ལེན་འཁྲོལ་ཡིག་གི་ཨང་རྟགས་སོགས་བྲིས་རྗེས་རིམ་བཞིན་རྒྱུགས་གཞི་དངོས་ལ་ཞུགས་ན་ལེགས།

     བདུན་པ།  རྒྱུགས་འབྲི་སྐབས་ལན་ཅི་ལྟར་བྲིས་ན་བཟང་།  རྒྱུགས་ལན་འབྲི་སྐབས་གྲལ་དག་པོ་འབྲི་བ་ལས་མྱུར་ཚད་དང་ཡིག་གཟུགས་ཡག་མིན་ལ་འདང་མང་པོ་མ་བརྒྱབ་ན་ལེགས།  ཡི་གེ་གྲལ་དག་ལ་གོ་རིམ་གསལ་བ།  རྩིས་འབྲས་ཡང་དག  བརྗོད་སྟངས་ཚད་ལྡན་ཡིན་ན་མི་འདོད་པའི་ནོར་འཁྲུལ་འབྱུང་དཀའ། གལ་སྲིད་ལན་འབྲི་དུས་སུ་བསྡུས་བརྗོད་མང་ཞིང་།  ནང་དོན་མི་གསལ་བར་ལན་བཏབས་པ་འགྲིག་ཡང་སྐར་མ་ཡོངས་ལན་མི་ཐུབ།རྒྱུགས་བྲིས་ཚར་རྗེས་མ་མཐའ་ཡང་རྒྱུགས་ཤོག་ཡོངས་ལ་ལྟ་བཤེར་ཐེངས་གཅིག་བྱས་ནས་ནོར་འཁྲུལ་དག་བཅོས་དང་།ལན་མ་བཏབས་པར་ལན་བྲིས་ནས་ཁ་གསབ་བྱེད་དགོས།    གཞན་རྒྱུགས་འབྲི་དུས་སུ་དཀའ་གནད་ལ་འཕྲད་དུས་དེ་རེ་ཞིག་བསྐྱར་ནས་ལན་དྲི་བ་སླ་མོ་དག་སྔོན་ལ་ཐག་བཅད་རྗེས་དཀའ་གནད་ལ་རིམ་བཞིན་དུ་ནན་ཏན་གྱིས་ལན་བྲིས་ན་ལེགས།དེ་ལས་ལྡོག་ན་ཆུ་ཚོད་འཕྲོ་བརླག་ཏུ་གཏང་སྲིད། གལ་ཏེ་ཐེ་ཚོམ་ཟ་བའི་དྲི་བར་འཕྲད་དུས་ལན་ཐོག་མ་འདེམ་པར་དོ་སྣང་ཆེན་པོ་བྱེད་དགོས།གལ་སྲིད་གདེང་ཚོད་ཆེན་པོ་མེད་ན་མ་བཅོས་ན་ལེགས།

     བརྒྱད་པ།  སློབ་མའི་དཔང་ཡིག་བོར་སྐྱོན་བྱུང་ན་ཅི་བྱ། གཏན་འབེབས་ལྟར་དུ་སློབ་མ་རྒྱུགས་རར་ཞུགས་སྐབས་སུ་ཐོབ་ཐང་ལག་འཁྱེར་དང་།  རྒྱུགས་ལེན་འཁྲོལ་ཡིག་ཐོགས་ནས་ཞུགས་དགོས། གལ་ཏེ་བརྗེད་པའམ་བོར་སྐྱོན་བྱུང་བ་ཡིན་ན། དངངས་འཚུབ་མ་སྐྱེས། སྣེ་འཁྲིད་དགེ་རྒན་ནམ་འབྲེལ་ཡོད་ལས་སྒོ་ནས་བདེན་དཔང་བྲིས་ནས་རྒྱུགས་ཞུགས་སློབ་མ་ཡིན་པ་ཐག་ཆོད་ན་རྒྱུགས་རར་ཞུགས་ཐུབ། རྒྱུགས་དེ་མཇུག་འགྲིལ་བའི་སྔོན་ལ་རྒྱུགས་ཞུགས་སློབ་མས་མི་གཞན་ཞིག་མངག་ནས་འབྲེལ་ཡོད་དཔང་ཡིག་བླངས་ནས་རྒྱུགས་རའི་ལྟ་རྟོག་དགེ་རྒན་ལ་སྤྲོད་དགོས།གལ་ཏེ་ཐོབ་ཐང་ལག་འཁྱེར་བོར་བརླག་ཐེབས་པ་ཡིན་ན་ཐེམ་ཐོ་ཡོད་སའི་སྤྱི་བདེ་ལས་ཁུངས་ནས་མགོ་པར་དང་བཅས་པའི་ཐོབ་ཐང་ལག་འཁྱེར་ལེན་དགོས་པ་མ་ཟད།  སྤྱི་བདེ་ལས་ཁུངས་ཀྱིས་མགོ་པར་གྱི་སྟེང་ལ་ཐེམ་ག་རྒྱབ་ནས་རྒྱུགས་བླངས་མ་ཚར་སྔོན་ལ་རྒྱུགས་རའི་ལྟ་རྟོག་དགེ་རྒན་ལ་སྤྲོད་དགོས།



ཡིག་ཆ་ཁྱུང་སྔོན་རྩོམ་རིག་འཕྲིན་སྟེགས་ལས་བརྒྱུད་འགོད་བྱས་ཤིང་ཡིག་གཟུགས་བོད་ཀྱི་ཡིག་མཁན་སྐོར་ཞིག་གིས་མཁོ་འདོན་བྱས།

           

会员登录
登录
我的资料
留言
回到顶部