བོད་ཀྱི་ལྷ་རིས་སྒྱུ་རྩལ་བའམ་ཡིག་མཁན་ཆོས་འཁོར་བསྟན་འཛིན་ལགས་ཀྱི་ཡིག་གཟུགས་བརྩམས་ཆོས་བཤམ་སྟོན་མཛད་སྒོ་མདོ་སྨད་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་ཤིས་ཚང་དགོན་དགའ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་གི་རིག་གནས་སློབ་གྲྭ་ནས་༢༠༡༧ལོའི་བོད་ཟླ་༤བའི་ཚེས་༢༦ཉིན་གྱི་ཞོགས་པ་ཆུ་ཚོད་བཅུ་ལ་དངོས་སུ་སྤེལ།
ཐེངས་འདིའི་བཤམ་སྟོན་ལ་ཕུལ་བའི་བརྩམས་ཆོས་དག་ནི་ཁོང་གིས་ལོ་ངོ་གཅིག་ལྷག་གི་རིང་ལ་གསར་རྩོམ་གནང་བ་ཁོ་ན་ཡིན་ལ། གཙོ་བོ་བླ་བྲང་བཀྲ་ཤིས་འཁྱིལ་ཀྱི་བྲིས་རྒྱུན་གཞིར་བྱས་པའི་དབུ་ཅན་དང་དབུ་མེད། ལཉྫ་དང་ཝརྟུ། ཧོར་ཡིག་བཅས་རྣམ་གྲངས་བཅུ་ཕྲག་ལྷག་ལ་སྡོམ་པས་བརྩམས་ཆོས་༦༦ལྷག་བཀོད་སྒྲིག་བྱས་ཡོད།
ཐེངས་འདིའི་བཤམ་སྟོན་ལ་དགོན་པའི་དོ་དམ་ཁང་དང་། ཁུལ་བོད་ཀྱི་ཡིག་གཟུགས་མཁས་པ་མཐུན་ཚོགས།ཀླུ་ཆུ་རྫོང་མཛེས་རིས་དང་ཡིག་གཟུགས་མཐུན་ཚོགས་སོགས་ཀྱིས་རོགས་སྒྲུབ་བྱས་ཤིང་། རྫོང་རིག་གནས་ཅུས་ཀྱི་མགོ་ཁྲིད་དང་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཅུས་སམ། ཡུལ་ཚོ་སོ་སོའི་སློབ་གྲྭའི་མགོ་ཁྲིད་དང་། རིག་གནས་སློབ་གྲྭ་སློབ་མ་དང་དགོན་པའི་གྲྭ་བཙུན་དགེ་བཤེས། ས་གནས་མང་ཚོགས་120ལྷག་དང་། ཀན་ལྷོ་ཁུལ་གྱི་བྲིས་པ་༣༨བཅས་ཡུལ་དངོས་སུ་ཕེབས་ནས་བརྩམས་ཆོས་ལ་རོལ་མྱོང་བྱས།
མཛད་སྒོའི་གཞུང་གྲལ་ན་བཞུགས་པའི་བླ་མ་དང་ཡིག་མཁན།
མཛད་སྒོའི་ཟུར་ཅིག
བཤམ་སྟོན་མཛད་སྒོའི་སྒོ་དར་རིང་མོ་བླ་མ་ཧོར་ཚང་དང་རྒན་སངས་རྒྱས་བཀྲ་ཤིས་རྣམ་གཉིས་ནས་ཕྱེ་བཞིན་པ།
དགོན་པའི་རིག་གནས་སློབ་གྲྭའི་མཚན་འཛིན་སློབ་གཙོ་བླ་མ་ཧོར་ཚང་གིས་གསུང་བཤད་གནང་བཞིན་པ།
ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་གཙོ་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་གསུང་བཤད་གནང་བཞིན་པ།
ཁུལ་དྲིལ་བསྒྲུགས་པུའུ་ཡི་ཀྲུའུ་རིན་འབྲུག་ཆུའི་རིན་ཆེན་ལགས་ཀྱིས་རྒན་ཆོས་འཁོར་བསྟན་འཛིན་ལ་རྟེན་འབྲེལ་གྱི་ལྷ་དར་འབུལ་བཞིན་པ།
བཤམ་སྟོན་ལ་ཞུགས་པའི་སྐུ་མགྲོན་ཡོངས་ཀྱིས་རྒན་ཆོས་འཁོར་བསྟན་འཛིན་ལགས་ལ་རྟེན་འབྲེལ་མཚོན་པའི་ལྷ་དར་འབུལ་བཞིན་པ།
བཤམ་སྟོན་བརྩམས་ཆོས་ལ་རོལ་མྱོང་གི་ཞལ་དུ་རིག་གནས་སློབ་གྲྭའི་སློབ་མའི་བརྩམས་ཆོས་ལ་གཟིགས་བཞིན་པ།
ཚོགས་ཞུགས་མི་སྣ་ཡོངས་ནས་བརྩམས་ཆོས་རོལ་མྱོང་བྱེད་པ།
ཡིག་གཟུགས་སྒྱུ་རྩལ་གྱི་རོ་བཅུད་མྱང་བཞིན་པའི་ཡིག་མཁན།
རྒན་ཆོས་འཁོར་བསྟན་འཛིན་ལགས་ནས་ཚོགས་གཙོ་སངས་རྒྱས་བཀྲ་ཤིས་ལགས་ལ་བརྩམས་ཆོས་ངོ་སྤྲོད་གནང་བཞིན་པ།
བཤམ་སྟོན་ཡུལ་དངོས་ནས་ཡིག་མཁན་ཁ་གྱ་འཇིགས་མེད་ལགས་ཀྱིས་འཁྱུག་བྲིས་ཕྱག་རྩོམ་གནང་བཞིན་པ།
འཇིགས་མེད་ཆོས་དར་ལགས་ཀྱིས་ཕྱག་བྲིས་གནང་བཞིན་པ།
ཀན་ལྷོ་ཁུལ་ན་གཞོན་ཡིག་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞིའམ། ཞིང་ཆེན་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མི།
ཁུལ་ཨུ་དྲིལ་བསྒྲགས་པུའུ་ཡི་ཀྲུའུ་རིན་འབྲུག་ཆུའི་རིན་ཆེན་གྱིས་རྒྱ་ཡིག་གི་ཕྱག་བྲིས་འབྲི་བཞིན་པ།
གངས་ཅན་པ་སྒྲོལ་མ་སྐྱབས་ཀྱིས་ཡུལ་དངོས་ནས་བྲིས་པའི་འབྲུ་ཚ།
ཀན་སུའུ་ཞིང་ཆེན་མཛེས་རིས་མཐུན་ཚོགས་ཀྱི་ཚོགས་མི་རྫོང་མཛེས་རིས་དང་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མི་གོ་ཅུའུ་ཆོན་གྱིས་རྒྱ་ཡིག་གི་ཕྱག་བྲིས་གནང་བཞིན་པ།
ཡིག་མཁན་ཨ་སྨྱོན་གྱིས་དབུ་ཅན་གྱི་ལམ་ནས་མ་ཎི་ཡིག་དྲུག་འབྲི་བཞིན་པ།
རྫོང་བོད་རིགས་སློབ་འབྲིང་གི་དགེ་རྒན་ཆོས་སྐྱོང་སྐྱབས་ཀྱིས་ཕྱག་བྲིས་གནང་བཞིན་པ།
རྫོང་དྲིལ་བསྒྲགས་པུའུ་ཡི་བཀྲ་ཤིས་དོན་གྲུབ་གྱིས་ཕྱག་བྲིས་གནང་བཞིན་པ།
མཚོ་ཉིན་སློབ་ཆུང་གི་ཡིག་གཟུགས་པ་བཀྲ་ཤིས་དོན་གྲུབ་ཀྱིས་ཕྱག་བྲིས་གནང་བཞིན་པ།
ཁུལ་སྲིད་ཁྲིམས་ཅུས་ཀྱི་ཡིག་མཁན་བན་དེ་ཚེ་རིང་གིས་ཕྱག་བྲིས་གནང་བཞིན་པ།
ཀན་ལྷོ་ཁུལ་ཀྱི་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་བསོད་ནམས་ཚེ་རིང་གིས་ཕྱག་བྲིས་གནང་བཞིན་པ།
བཤམ་སྟོན་ཡུལ་དངོས་སུ་ཕེབས་པའི་དགེ་འདུན་པའི་སྡེ།
བཤམ་སྟོན་ལ་ཕེབས་པའི་ཡིག་མཁན་ལྷན་རྒྱས་ཀྱི་མཉམ་པར།
|