设为首页 | 收藏本站
 
新闻中心གསར་འགྱུར།公告སྤྱི་བསྒྲགས།古籍收藏གནའ་དཔེ་ཉར་ཚགས།书法艺术ཡིག་གཟུགས་སྒྱུ་རྩལ།书法常识ཤེས་བྱའི་ཟེགས་མ།论  文དཔྱད་རྩོམ།集体展厅ཐུན་མོང་འགྲེམ་སྟོན་ཁང་།地区展厅ས་ཁུལ་འགྲེམ་སྟོན་ཁང་།书法名家ཡིག་གཟུགས་མཁས་དབང་།书法家ཡིག་གཟུགས་མཁན་པོ།书法达人ཡིག་གཟུགས་བྲིས་ཆེན།书法新秀ཡིག་གཟུགས་བྲིས་ཆུང་།书法爱好者ཡིག་གཟུགས་དགའ་ཞེན་པ།女性书法展厅སྐྱེ་མའི་ཡིག་གཟུགས།校园展厅སློབ་རའི་འགྲེམ་སྟོན་ཁང་།书法日专题ཡིག་གཟུགས་དུས་ཆེན་ཆེད་སྒྲིག视频教程བརྙན་གཟུགས་དཔེ་ཁྲིད།书法讲堂འཆད་ཁྲིད་དོ་ར།字帖ཡིག་གཟུགས་ཀ་དཔེ།学习资料བསླབ་དེབ།古近代名家གནའ་ཉེ་རབས་ཡིག་མཁན།现代名家དེང་རབས་ཡིག་མཁན།团体推介སྡེ་ཁག་འོས་སྦྱོར།ཡི书法企业ག་གཟུགས་ཁེ་ལས།文件下载ཡིག་ཆ་ཕབ་ལེན།其它下载སྣ་ཚོགས་ཕབ་ལེན།商用下载རིན་ལྡན་ཕབ་ལེན།

འཇམ་ཆུང་།

 二维码 963
发表时间:2017-05-15 10:25

ཡིག་མཁན་འཇམ་ཆུང་མཚམས་སྦྱོར་མདོར་བསྡུས།


         ཡིག་མཁན་འཇམ་ཆུང་ནི་སྤྱི་ལོ་༡༩༧༤ལོར་ཁམས་ནང་ཆེན་ལྕི་ཆུ་དབེ་ཁུ་སྡེ་བར་སྐྱེས། ༡༩༩༥ལོར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན། ད་ལྟ་ཡུལ་ཤུལ་ཡིག་གཟུགས་མཐུན་ཚོགས་ཀྱི་དྲུང་ཡིག་གཞོན་པ་དང་།ནང་ཆེན་རྫོང་ཤར་མདའ་གྲོང་རྡལ་ཁྱིམ་འཐུས་སློབ་ཆུང་གི་སློབ་གཙོའི་འགན་བཞེས་ཡོད། ཁོང་ཆུང་དུས་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་འགྲིམ་སྐབས་ནས་ཡིག་གཟུགས་སྒྱུ་རྩལ་ལ་དགའ་ཞེན་ཧ་ཅང་ཆེ་ལ་སྔོན་བསགས་ཀྱི་ལས་འབྲས་བཟང་པོ་ཞིག་གིས་དགེན་འདན་མ་བཀྲ་དགའི་མདུན་ནས་དབུ་ཅན་གཙོར་བྱས་པའི་ཡིག་གཟུགས་སྒྱུ་རྩལ་ལ་སློབ་སྦྱོང་གི་སྐལ་བ་ལྡན། ད་བར་དུ་སློབ་གྲྭའི་དགེ་རྒན་བྱས་ཏེ་མི་ལོ་ཉི་ཤུ་ལྷག་གི་ནང་དུ་ཡིག་གཟུགས་འབྲི་སྦྱོང་ལ་རྒྱུན་འཁྱོངས་དང་ཧུར་བརྩོན་བྱས་ཤིང་སློབ་མ་བརྒྱ་ཕྲག་མང་པོར་བྲིས་ཀྱི་སློབ་ཁྲིད་བྱས། ཁོང་གི་ཡིག་གཟུགས་བརྩམས་ཆོས་ཁག་ལ་སྔ་རྗེས་སུ་རྒྱལ་ཡོངས་དང་ཞིང་ཆེན། ས་གནས་སོགས་རིམ་པ་དུ་མའི་བྱ་དགའ་ཐོབ་མྱོང་། ལྷག་པར་དུ་ཉེ་བའི་ལོ་ཤས་ནང་ལ། ༢༠༡༦་ལོ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དྲ་ཐོག་འགྲན་བསྡུར་ཆེན་མོའི་ཁྲོད་དུ་ཕུལ་བྱུང་བྱ་དགའ་ཐོབ་པ་དང་༢༠༡༦ལོ་ནང་ཆེན་རྫོང་སྐབས་གཉིས་པའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་སྟོན་གྱི་ཡིག་གཟུགས་འགྲན་བསྡུར་ཁྲོད་དབུ་ཅན་ཡིག་གཟུགས་ཨང་དང་པོའི་བྱ་དགའ་ཐོབ་ཡོད། ༢༠༡༧ལོ་སྐབས་དང་པོའི་བོད་ལྗོངས་ཚངས་དབྱངས་རྒྱ་མཚོའི་རིག་གནས་དུས་ཆེན་ཡིག་གཟུགས་འགྲན་བསྡུར་ཁྲོད་ཕུལ་བྱུང་གི་བྱ་དགའ་ཐོབ། ༢༠༡༧ལོ་སྐབས་དང་པོ་ནོར་བུ་བཟང་པོའི་ཡིག་མཁན་རྟགས་མའི་ཡིག་གཟུགས་འགྲན་བསྡུར་ཁྲོད་ཨང་གསུམ་པའི་བྱ་དགའ་ཐོབ། ད་དུང་མུ་མཐུད་དུ་མི་རིགས་ཀྱི་སློབ་གསོའི་བྱ་བ་དང་ཤུལ་བཞག་རིག་གནས་རྩ་ཆེན་འདི་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་གཏོང་བའི་ལས་སུ་དམ་བཅའ་བརྟན་པོས་མུ་མཐུད་དུ་ཧུར་བརྩོན་བྱེད་བཞིན་ཡོད།

作者简介

   加群, 1974年出生于囊谦县吉曲乡外户卡村,从小起就对书法艺术具有浓厚的兴趣,师从玉树书法协会主席,**的藏文书法家扎尕老师处学习书法。

       1995年毕业毕业于玉树藏族自治州民族师范学校,现任玉树州书法协会副秘书长,及囊谦县香达镇青土小学校长。毕业至今一直担任藏文教学工作,在二十多年的教育工作当中,加群老师一直坚持学习书法并对学生进行书法教授,培养出很多优秀学生,在他的书法作品中,获得过全国和省级及地方的多项荣誉。

      2016年在"吞米真传"首届全国藏文书法网络选拔赛中荣获"优秀奖"

      2016年在囊谦县第二届生态文化旅游艺术节暨传统赛马会书法比赛中,荣获乌金字体"**名"

      2017年在首届西藏"仓央嘉措文化节"书法比赛中荣获"优秀奖"

      2017年在首届甘南藏宝网藏文书法比赛中荣获"第三名"等多项荣誉称号。

  加群老师将继续为民族教育教学工作尽自己的绵薄之力,同时传承及发展藏文书法,为民族书法艺术的明天更美好而继续努力。























འགྲེམ་སྟོན་ཁང་གི་བརྩམས་ཆོས་བརྗེས་ན་འདི་མནོན།