གསར་འགྱུར།新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

བླ་བྲང་མགོན་པོ་ཚེ་རིང་།

 二维码 3344
发表时间:2018-02-15 09:07

རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།


   མགོན་པོ་ཚེ་རིང་ནི་༡༩༧༠ལོར་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་སྣ་སྦུག་ཞང་རྡོ་དཀར་སྨེ་སྡེ་ནས་སྐྱེས་ལ། ༡༩༨༧ལོར་ཀན་ལྷོ་བོད་རིགས་འབྲིང་རིམ་ཆེད་གཉེར་སློབ་གྲྭར་ཞུགས་གངས་ལྗོངས་ཡིག་གཟུགས་མཁས་དབང་༧སྨོན་ལམ་རྒྱ་མཚོ་མཆོག་གི་སྐུ་མདུན་དུ་ཡིག་གཟུགས་ལ་སློབ་གཉེར་བྱེད་པའི་སྐལ་བ་ཐོབ་ཅིང་། ལོ་ངོ་དུ་མའི་རིང་ལ་འབྲི་སྦྱོང་ནན་ཏན་བྱས།  དེ་མིན་རྒན་སྨོན་ལམ་རྒྱ་མཚོ་མཆོག་གི་སློབ་མ་སྟེ་སྔར་ཀན་ལྷོ་བོད་རིགས་འབྲིང་རིམ་ཆེད་གཉེར་སློབ་གྲྭའི་དགེ་རྒན་བཀྲ་ལོ་སོགས་ལ་བསྟེན་ནས་དབུ་ཅན་དང་དབུ་མེད་བཅས་ལ་ལེགས་པར་སྦྱངས་ཤིང་། ཡིག་གཟུགས་སྒྱུ་རྩལ་གྱི་ལས་དོན་འཛིན་སྐྱོང་སྤེལ་གསུམ་ལ་རང་ནུས་ཅི་ལྕོག་གིས་འབད་པ་ལྷོད་མེད་བྱས།

     ༡༩༨༩ལོར་ཀན་ལྷོ་ཁུལ་ན་གཞོན་ཡིག་གཟུགས་པའི་མཐུན་ཚོགས་ཀྱི་ཚོགས་མིའི་གྲོས་སུ་ཞུགས་པ་དང་། ༡༩༩༠ལོར་ཀན་ལྷོ་ཁུལ་ན་གཞོན་ཡིག་གཟུགས་པའི་བརྩམས་ཆོས་འགྲན་བསྡུར་ལས་བྱ་དགའ་ཡང་ཐོབ་ཅིང་། དགེ་སློབ་ཡོངས་ཀྱིས་བསྔགས་བརྗོད་བྱ་ཡུལ་ཞིག་ཏུ་གྱུར།

     ༢༠༡༦ལོར་ཀན་ལྷོ་བོད་ཀྱི་ཡིག་གཟུགས་མཁས་པ་མཐུན་ཚོགས་ལ་ཞུགས་ཤིང་། ད་ལྟ་བསང་ཆུ་རྫོང་བོད་རིགས་སློབ་འབྲིང་དུ་དགེ་རྒན་གྱི་ལས་ཀ་གཉེར་བཞིན་ཡོད། སྒོས་སུ་སློབ་གྲྭ་དེར་ཡིག་གཟུགས་ལ་མོས་པའི་སློབ་མའང་མི་ཉུང་བ་ཞིག་ལ་ཡིག་གཟུགས་ཀྱི་ཁྲིད་སྟོན་དང་ཤེས་ལྡན་གསོ་སྐྱོང་ལ་འབད་པ་ལྷུར་ལེན་བྱ་བཞིན་མཆིས།
























































会员登录
登录
我的资料
留言
回到顶部