设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性书法展厅སློབ་རའི་འགྲེམ་སྟོན་ཁང་།校园展厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

བསམ་ཡས་སྒྲ་སྒྱུར་རྒྱ་གར་གླིང་དུ་ཡིག་གཟུགས་དུས་ཆེན་ལ་རྟེན་འབྲེལ་ཞུས་པ།

 二维码 2517
发表时间:2017-05-01 13:56

སྐབས་དང་པོའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསམ་ཡས་སྒྲ་སྒྱུར་རྒྱ་གར་གླིང་དུ་རྟེན་འབྲེལ་དང་བཅས་ཏེ་སྤེལ།


     དེ་ཡང་བསིལ་ལྡན་ཁ་བའི་ལྗོངས་ཞེས་མཚན་སྙན་གྱི་བ་དན་སྲིད་པ་གསུམ་ན་གཡོ་ཞིང་མི་རིགས་འདིའི་བླ་མེད་རིག་གཞུང་ལ་ཤར་ནུབ་ཡུལ་གྲུ་ཀུན་ན་འགྲམ་ཆུ་ལྡང་མཁན་ནི་ཆེས་ཉུང་ཉུང་ཞིག་མིན། དེ་ནི་ཡབ་མེས་གོང་མ་མེས་དབོན་རྣམ་གསུམ་དང་སློབ་དཔོན་ཐོན་མི། དེ་བཞིན་མཁན་སློབ་ཆོས་གསུམ་དང་ལོ་ཆེན་བཻ་རོ་ཙ་ན། མི་བརྗེད་གཟུངས་ཐོབ་ཡིག་མཁན་ཆེན་མོ་ལྡན་མ་རྩེ་མང་སོགས་ཀྱི་བདག་རྐྱེན་ཉག་གཅིག་ཡིན་པ་སྨོས་མ་དགོས་པས། དེ་རིང་འདིར་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དང་གླིང་བཞི་གླིང་ཕྲན་བརྒྱད་ཀྱི་ཡ་གྱལ་དུ་གཏོགས་ཤིང་། རྒྱ་བོད་ཀྱི་ལོ་པཎ་བརྒྱ་རྩ་བརྒྱད་ཞལ་འཛོམས་ནས་བཀའ་བསྟན་འཆད་ཉན་བསྒྱུར་ཞུས་མཛད་པའི་བྱིན་རླབས་ཀྱི་མཚན་ཁ་འབར་བའི་སྒྲ་སྒྱུར་རྒྱ་གར་གླིང་འདི་ན་རྟེན་འབྲེལ་གྱི་ཆེ་བ་དུ་མ་ཡོད་པར་སྙམ་ནས་མེས་པོ་དགྱེས་པའི་མཆོད་སྤྲིན་དང་བོད་ཀྱི་རིག་གཞུང་མི་ཉམས་གོང་འཕེལ། སློབ་གསར་བ་གཞོན་སྐྱེས་རྣམས་ལ་དམིགས་ནས་ཡིག་གཟུགས་ཀྱི་དུས་སྟོན་འདི་དགོན་འདིའི་ལྷག་བསམ་རྨད་དུ་བྱུང་བའི་འགན་འཛིན་གྱིས་ཐུགས་ཁུར་རྒྱ་ཆེན་གནང་བ་མ་ཟད། དགེ་བའི་བཤེས་གཉེན་རྣམས་ཀྱིས་ལམ་སྟོན་དང་། དེ་བཞིན་འདུས་མངས་ཡོངས་ཀྱིས་རྒྱབ་སྐྱོར་འོག་རིག་གཞུང་ལ་དུངས་བ་ཟབ་ཅིང་རིག་གནས་ལ་ལྷག་བསམ་དཀར་བའི་མི་བུ་འགས་བསྐུལ་བ་ལ་བརྟེན་ནས་དགའ་དད་སྤྲོ་གསུམ་གྱིས་སྤེལ་བ་ཡིན།


སྐབས་དང་པོའི་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་བཀྲ་ཤིས་རྟེན་འབྲེལ་ཞུ།

མཚན་མོ་མཁའ་ལ་སྐར་ཚོགས་ཇི་བཞིན་དུ།།

སྣ་ཚོགས་བཀྲ་བའི་ཡིག་གཟུགས་མང་པོའི་ཁྲོད།།

ཟླ་གཞོན་ལྟ་བུའི་བོད་ཀྱི་ཡིག་གཟུགས་འདི།།

སྲིད་མཐའི་བར་དུ་རབ་ཏུ་རྒྱས་གྱུར་ཅིག།

བསམ་ཡས་དགོན་མཁན་འགྱུར་མེད་རིན་ཆེན་ནས་ཕུལ་བའོ།


དཔའ་མཛངས་རྟུལ་ཕོད་སྨྱུག་ཕྲན་ལག་ཏུ་བཟུང་།།

སྲོལ་རྒྱུན་རིག་གནས་ཆུ་བོའི་རྒྱུན་བཞིན་སྤེལ།།

ཐོན་མིའི་མཛུབ་རིས་ཤོག་བུའི་སྟེང་དུ་ངོམས།།

མི་རིགས་སྐད་ཡིག་བླ་སྲོག་གོང་འཕེལ་ཤོག།


བཞི་པའི་སུམ་ཅུའི་སྦྲང་ཆར་ཟིལ་མ་དེས།།

བོད་ཕྲུག་དམངས་ཀྱི་སེམས་ལ་དཔྱིད་དཔལ་བཞད།།

ནོར་གྱིས་བཀའ་དྲིན་འཇལ་བ་མི་འཚམས་པས།།

དྭངས་གཙང་བསམ་པ་མཚོན་ཕྱིར་གོས་དར་འབུལ།།


བསམ་ཡས་དགོན་གྱི་དབུ་འཛིན་བློ་བཟང་མཁྱེན་རབ་ནས།

ཡོན་ཏན་རི་དྭགས་མཚན་མས་རབ་མཛེས་ཤིང་།།

དབྱངས་གསལ་ཟླ་བ་གཞོན་ནུའི་ལང་ཚོའི་དཔལ།།

བསིལ་ལྗོངས་ལྷ་ལམ་ཡངས་པོར་འདྲེན་མཁས་པའི།།

སློབ་དཔོན་ཨ་ནུའི་བཀའ་དྲིན་དྲན་བཞིན་གུས།།


འདི་ན་གངས་ཅན་རི་བོའི་སུལ་དག་ཏུ།།

ཆོས་རིག་ཐིག་ལེ་མཆོག་མའི་བཞིན་གྱི་དཔལ།།

གསལ་བར་སྟོན་མཛད་བོད་ཀྱི་ཡི་གེ་ཡི།།

དུས་སྟོན་གསར་དུ་བཞད་པར་རྟེན་འབྲེལ་ཞུ།།


སྐབས་དང་པོའི་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་རྟེན་འབྲེལ་མཚོན་ཆེད་དུ་བསམ་ཡས་པ་ངག་དབང་བཟང་པོས་བྲིས་པའོ།།




སྣ་ཚོགས་སྟོན་མོའི་རྣམ་གྲངས་ཇི་སྙེད་ལས། །

སྣེ་མང་རིག་གཞུང་དུ་མའི་མ་ཕྱི་མཆོག །

སྣ་འཛོམས་བོད་ཀྱི་ཡིག་གཟུགས་དུས་སྟོན་འདི། །

  སྣེ་མོ་བཀྲ་ཤིས་དགའ་བ་འབུམ་གྱིས་བསུ། །

བསམ་ཡས་དགོན་སྐྱོར་དཔོན་ཀུན་བཟང་དགྲ་འདུལ་ནས།




སྔོན་ཚེ་ལོ་པཎ་རྣམས་ཀྱིས་གནས་འདི་ནས།།

མདོ་སྔགས་གཞུང་གི་མཛད་འཕྲིན་སྲིད་མཐར་བཀྲམ།།

དེང་དུས་རིགས་ལ་དུངས་བའི་མཁས་རྣམས་ཀྱིས།།

མཛེས་པའི་ཡིག་གཟུགས་སྣ་ཚོགས་གླིང་བཞིར་གཏོར།།

རྒྱ་གར་གླིང་དུ་གྲོགས་མཆེད་རྣམས་ཀྱི་ཡིག་གཟུགས་དུས་ཆེན་ལ་གུས་པ་ཡར་ཀླུང་མཚམས་སྤྲིན་ནས་ཕུལ།



འདྲ་མིན་ཡིག་གཟུགས་བྱེ་བའི་གཙུག་གི་རྒྱན །།

བཀོད་ལེགས་ཕུན་ཚོགས་གསེར་གྱི་ཅོད་པན་ཏེ། །

བོད་ཡིག་ཡིག་གཟུགས་རིན་ཆེན་དང་པོ་འདི། །

མི་ནུབ་སྲིད་མཐའི་བར་དུ་བརྟན་གྱུར་ཅིག །

ཅེས་པའང་གངས་ལྗོངས་མཁས་པའི་འབྱུང་གནས་དཔལ་གྱི་བསམ་ཡས་སྒྲ་སྒྱུར་ལོ་པཎ་གླིང་དུ་གྲོགས་མཆེད་དམ་པ་རྣམས་ཀྱིས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་བསུ་བ་ཞུ་བའི་སྐབས་བསམ་ཡས་པ་འཇམ་དཔལ་བློ་གྲོས་སུ་འབོད་པས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཆེད་དུ་ཕུལ་བའོ།



༄།ཁ་བའི་ལྗོངས་ཀྱི་མི་རིགས་ཇི་སྲིད་གནས་པ་དང།།

རྨོངས་མུན་སེལ་ཞིང་ཡུན་དུ་འཚོ་གནས་བྱེད་པ་ལ།།

རང་རིགས་སྲོག་ཤིང་ལས་ལྷག་སྐད་ཡིག་རྣམ་གཉིས་འདི།།

མི་ཉམས་གོང་དུ་འཕེལ་བའི་བཀྲིས་རྟེན་འབྲེལ་ཞུ།།བསམ་ཡས་དགོན་བསྟན་པ་ཚེ་རིང་ནས།

རྣམ་དཔྱོད་འཆར་ཤེལ་དག་པའི་ཀློང་རོལ་ནས།།

བཅོས་མིན་ངང་དུ་འཆར་བའི་སུག་བྲིས་དག །

ཚེས་པའི་ཟླ་བ་ཇི་བཞིན་གོང་འཕེལ་དུ།།

འཛམ་གླིང་གོ་ལའི་ཁྱོན་འདིར་ཀུན་ཁྱབ་ཤོག །

བསམ་ཡས་དགོན་ནོར་བུ་བསམ་འཕེལ་ནས།





རིལ་རིལ་ས་སྒང་གངས་ཅན་ཡང་རྩེ་ན། །

དབྱངས་གསལ་གཉིས་ཀྱི་གཟུགས་དང་ལང་ཚོའི་དཔལ། །

བཞི་པའི་སུམ་ཅུར་བཞད་པའི་མཚར་སྡུག་འདིས། །

སྐྱེ་རྒུའི་ཡིད་ཀྱི་བསྟན་པ་འཕྲོག་འདི་རྨད།

བསམ་ཡས་དགོན་བསྟན་པ་དངོས་གྲུབ་ནས།




གདན་ས་ཁྱད་འཕགས་དཔལ་གྱི་བསམ་ཡས་སུ།།

གངས་ལྗོངས་བོད་ཀྱི་ཡིག་གཟུགས་དུས་སྟོན་ཉིན།།

ཡིག་མཁན་རྣམས་ཚོའི་རྩེར་སོན་བྱ་གཞག་ལ།།

རྗེས་སུ་ཡི་རང་དགའ་བ་འབུམ་གྱིས་བསུ།།

བསམ་ཡས་དགོན་བསོད་ནམས་དབང་གྲགས་ནས།




དཔའ་འཛངས་ལྡན་པའི་དོན་གྱི་དཔའ་བོས།།

རང་གི་རིག་གཞུང་སྲོག་བཞིན་གཅེས་ཅིང་།།

ཐོན་མིའི་མཛུབ་བྲིས་རྒྱུན་བཞིན་སྤེལ་བའི།།

མཛད་བཟང་བསྐྱངས་ལ་མངོན་པར་བསྟོད་དོ།།

བསམ་ཡས་དགོན་བཀྲ་ཤིས་དོན་གྲུབ་ནས།





བཅུ་ཕྲག་རིག་པའི་གཞུང་གི་ཟབ་གནད་ཀུན།།

གསལ་བར་སྟོན་མཛད་བོད་ཀྱི་ཡིག་གཟུགས་ཀྱི།།

དུས་སྟོན་གསར་དུ་བཞད་པའི་དུས་བཟང་འདིར།།

དྲི་མེད་ལྷ་རེ་དཀར་པོས་རྟེན་འབྲེལ་ཞུ།།

སྐབས་དང་པོའི་བོད་ཡིག་གཟུགས་དུས་ཆེན་ལ་རྟེན་འབྲེལ་མཚོན་ཆེད་དུ་བསམ་དགོན་ཕུན་ཚོགས་ཚེ་རིང་ནས།





ཡི༵ག་རིགས་སྣ་ཁ་མང་ཞིང་བཟོ་དབྱིབས་ལེགས། །

གཟུ༵གས་ཅན་འགྲོ་ལ་སློབ་པའི་གོམ་བགྲོད་སྦྱིན། །

དུ༵ས་རབས་ཉེར་གཅིག་ཟང་ཟིང་སྤྱི་ཚོགས་ཁྲོད། །

ཆེ༵ན་པོ་བོད་ཀྱི་ཡིག་གཟུགས་བསྟན་པ་དར། །

བསམ་ཡས་དགོན་མིག་ཆུ་དམར་པོས་བྲིས།



ཡིག༵་གཟུགས་སྒྱུ་རྩལ་ཀུན་གྱི་བླ་སྲོག་ཡིན།།

གཟུགས༵་ཅན་མི་ཡི་བསམ་བློའི་ཉིང་བཅུད་ཡིན།།

དུས་༵དང་གནས་སྐབས་ཡུལ་ལུང་གང་དུ་ཡང་།།

ཆེན་༵པོའི་རྒྱན་གཅིག་དུས་ཆེན་འདི་ཀོ་བསུ༵།།

རིག་པའི་རླུང་གཞོན་ནས།




སྐད་ཡིག་བྱེད་པོ་སློབ་དཔོན་ཐོན་མིའི་ཐུགས་བསྐྱེད་དེ།།  

དེ་ཡི་རྗེས་དྲང་རྐང་དྲུག་གཞོན་ནུའི་བློ་སྟོབས་ཀྱིས།།

གང་གི་མཛད་པ་མི་ཉམས་གོང་དུ་སྤེལ་བ་ལ།།

ལྗོངས་འདིའི་རྒྱན་དུ་འོས་པས་ལན་བརྒྱའི་མེ་ཏོག་འཐོར།།

བསམ་ཡས་དགོན་ཕུར་བུ་བཀྲ་ཤིས་ཆུང་བ་ནས།




མེས་པོའི་རྣམ་དཔྱོད་ལས་འཁྲུངས་པའི།།

བོད་ཀྱི་རིག་གཞུང་ལ་གཅེས་ན།།

  རང་གཞན་བོད་རིགས་ཀྱི་ན་གཞོན།།  

བོད་ཡིག་སྦྱོང་སྤྱོད་ལ་འབད་དགོས།།

འདི་ནི་བོད་མི་ཡི་ཕ་ནོར།།

འདི་ནི་མི་རིགས་ཀྱི་བླ་སྲོག།

  འདི་ནི་ལམ་སྟོན་གྱི་སྒྲོན་མེ།།

འདི་ནི་བོད་མི་ཡི་མཛེས་རྒྱན།།  

སྐབས་དང་པོའི་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་འཇུ་བཀྲ་ཤིས་ཟླ་བས་ཕུལ།  



































































དབྱངས་གསལ་སོ་བཞི་བརྗོད་པའི་མགྲིན་བདེ་པོས།།

       སྣ་ཚོགས་ཡིག་མཁན་མཁས་པའི་ཕྱག་བདེ་པོས།།     

     རྣམ་རིག་རྣོན་པོ་རྩོམ་པའི་ལྗགས་བདེ་པོས།།   

      དེ་རིང་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ།།

དཀར་འཇམ་ཤོག་བུའི་གྲོན་པ་མ་ཟད་ན།།  

       སི་སྨྱུག་གར་གི་སྟང་སྟབ་ཅིར་ཡང་འགྱུར།།   

     སྐད་དང་ཡི་གེ་འཇིག་ཁའི་དུས་མཐར་ཡང་།།   

    འཛུབ་རིས་རྨད་བྱུང་འདི་འདྲ་ཨེ་མ་ཧོ།།   

བསམ་ཡས་སྨན་པ་འབྲོང་བུ་སྤྲ་ཚགས་ནས་ཕུལ།


     བསམ་ཡས་དགོན་པའི་ཡིག་མཁན་རྣམས་ཀྱི་སྐུལ་བ་བཞིན་གུས་གཡོ་རུ་དར་རྒྱས་ནས་སྒྲིག་སྦྱོར་ཞུས།