设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性书法展厅སློབ་རའི་འགྲེམ་སྟོན་ཁང་།校园展厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གིས་ཡིག་གཟུགས་འགྲེམ་སྟོན་བྱས་པ།

 二维码 165
发表时间:2017-05-01 12:43

༄༅།།མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གིས་སྐབས་དང་པོའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་ཆེད་དུ་སྡེར་ནང་ས་བྲིས་གཙོར་བྱས་པའི་ཡིག་གཟུགས་འགྲེམ་སྟོན་བྱས།

          སྤྱི་ལོ༢༠༡༧ལོའི་ཟླ༤བའི་ཚེས༢༥སྟེ་རྣམ་དཀར་གྱི་དུས་བཟང་དེ་ལ།   མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གི་གོང་མགོ་ཁྲིད་རྣམ་པས་མཛུབ་སྟོན་དང་སྐལ་ལྡན་སློབ་མ་རྣམས་ཀྱིས་རྒྱབ་སྐྱོར་འོག་སློབ་གྲྭའི་ཡིག་གཟུགས་ཀྱི་མཁན་པོ། སྡེར་ནང་ས་བྲིས་ཀྱི་རྒྱུན་འཛིན་པ།ཨ་ཁུ་སེང་དར་ལགས་ཀྱི་ལྷག་བསམ་དཀར་བའི་ཐུགས་ཁུར་དང་།   བརྩོན་པ་བླ་ན་མེད་པའི་མཛད་བཟང་ལ་བོད་ཡིག་ཁྲིད་དཔྱོད་ཁང་གིས་རོགས་སྐྱོར་བྱས་ཏེ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་གྱི་ཉིན་མོ་སླེབས་ལ་ཉེ་པའི་དུས་དེར།   མེ་ཏོག་ཆུང་རུང་ལྷ་རྫས་བཞིན་དུ་སྡེར་ནང་ས་བྲིས་གཙོར་བྱས་པའི་ཡིག་གཟུགས་སྣ་ཚོགས་མཆོད་པའི་ཚུལ་དུ་འགྲེམ་སྟོན་བྱས།  

         མཛད་སྒོའི་སྟེང་སློབ་གཙོ་བསོད་ནམས་དཔལ་ལྡན་ལགས་ཀྱིས་གསུང་བཤད་གལ་ཆེན་གནང་།   ཁོང་གིས་གསུང་དོན། ང་ཚོ་ས་སྒང་འདིར་སྐྱེས་པ་ནས་བཟུང་།   ང་ཚོས་རུམ་དུ་བཅུག་ཡོད་པ་དང་།   ཁ་ལ་ཟ་བཞིན་པ་ནི་སྦྲང་དཀར་རྩམ་པ་ཡིན་ལ།ང་ཚོས་བཤད་བཞིན་པ་ནི་ཡབ་མེས་ནས་བརྒྱུད་འོང་བའི་བོད་སྐད་རྣལ་མ་འདི་ཡིན།   ང་ཚོས་སློབ་དགོས་པ་ནི་དབྱངས་གསལ་སོ་བཞིའི་བདག་ཉིད་ཅན་གྱི་བོད་ཡིག་འདི་ཡིན་ལ།   འབྲི་དགོས་པ་ནི་ཀ་སྨད་སུམ་བཅུའི་སྦྱོར་བ་རྒྱ་ཆེན་སྟོན་པའི་ཕྱི་མོ།རྡོ་རྗེ་དབྱངས་ཀྱི་རི་མོ་འདི་ཡིན་ཕྱིར།   ང་ཚོས་རང་གི་སོར་རྩེ་ནས་འབུས་པའི་འབྲུ་དཀར་ནག་གི་མེ་ཏོག་མཆོད་པས། རེས་ལྟོས་ཀྱི་དུས་བཟང་།   ཀུན་སྨོན་ཀྱི་ཉིན་མོ།   ཡིད་སེམས་ཀྱི་དང་བ་ཅིག་ཅར་འདྲེན་པའི་དུས་སྟོན་དེ་ལ་དགའ་བསུ་ཅི་ལ་མི་བྱེད།ཐོན་མིའི་ཕྱག་རྒྱུན་སྦལ་ནག་ན་ལ་བགྲད་འདྲ་བྱུང་བ་ནས་བཟུང་།   བོད་ཡུལ་མུན་པའི་ཞིང་ཁམས་ནས་རིམ་བཞིན་འཇིག་རྟེན་གྱི་མིག་ལྟ་བུར་གྱུར་ནས་ལྔ་རིག་གི་མེ་ཏོག་འདི་ནས་བཞད་ཅིང་ཤེས་རིག་གི་ཆུ་མིག་འདི་ནས་བརྡོལ།   ལུགས་གཉིས་ཀྱི་རྒྱ་མཚོ་འདི་ནས་རྒྱས་པས།   ས་སྒང་ཧྲིལ་བོའི་མིག་ཀོང་གི་རྒྱན་དུ་འཚེར།དབྱངས་གསལ་གྲངས་ཀྱིས་ངེས་པའི་ཉིན་མོ་དེ་ནི་བོད་མི་ཡོངས་ཀྱི་རེ་ལྟོས་བྱེད་པའི་ཉིན་མོ་ཡིན་ལ།   བོད་ཀྱི་ཡིག་གཟུགས་འདི་ས་སྒང་ཧྲིལ་བོར་ཁྱབ་པའི་ལོ་རྒྱུས་གྱི་གར་སྟགས་གསར་བ་ཞིག་ཀྱང་ཡིན་ཏེ།   དེ་ནི་དེང་རབས་བོད་ཀྱི་བྲིས་པ་རྣམས་དང་བོད་ཡིག་ལ་དུང་བའི་རླབས་ཆེན་གྱི་མི་སྣ་མང་བོའི་དཀའ་སྡུག་གི་རྔུལ་ཆུ་དང་ཧུར་བརྩོན་གྱི་སྙིང་རུས་ལས་བྱུང་བ་ཡིན་པ་སོགས་ཀྱི་གཏམ་བཤད་གལ་ཆེན་གནང་སོང་བའོ།།

          དེ་རྗེས་དགེ་སློབ་ཡོངས་ཀྱིས་དུས་ཚོད་གསུམ་ལྷག་གི་རིང་ལ་རང་སློབ་གྲྭའི་སློབ་བུ་རྣམས་ཀྱིས་བྲིས་པའི་སྡེར་ནང་ས་བྲིས་ཀྱི་ཡིག་གཟུགས་ལ་མྱོང་རོལ་བྱས་པ་ཡིན་ལ།མཐོང་བ་ཙམ་གྱིས་དགེ་སློབ་ཚོས་མིག་དབང་ཅིག་ཅར་དུ་ཕྲོགས་སོང་ངོ།།











རང་སློབ་གྲྭས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་ཆེད་དུ་སྡེར་ནང་ས་བྲིས་གཙོར་བྱས་པའི་ཡིག་གཟུགས་འགྲེམ་སྟོན་བྱས་པའི་ཟུར་ཙམ།



རང་སློབ་གྲྭའི་ཡིག་གཟུགས་མཁན་པོ་རྒན་སེང་གེ་དར་རྒྱས་ལགས་ཀྱིས་ཕུལ་བའི་ལེགས་སྐྱེས།




རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་རྟེན་འབྲེལ་ཞུ་བར་སློབ་བུ་ཚོས་ཕུལ་བའི་ལགས་སྐྱེས


分享到: