收藏本站
我的资料
   
查看手机网站
གསར་འགྱུར།新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

སྐལ་བཟང་ཚེ་བརྟན།

 二维码 758
发表时间:2017-03-06 23:13作者:སྐལ་བཟང་ཚེ་བརྟན།来源:བོད་ཀྱི་ཡིག་གཟུགས་དྲ་བ།

   སྐུ་ཞབས་སྐལ་བཟང་ཚེ་བརྟན་ནམ་པིར་མིང་ལ་ཨ་སྨྱོན་དུ་འབོད་པ་ཁོང་ནི་1977ལོར་མདོ་སྨད་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་གི་ཁོངས་གཏོགས་ཟམ་ཚ་ཞང་རྡོ་གཟུགས་མདོ་སྡེ་བ་ནས་སྐྱེས་ཤིང་།   ཕ་ཡུལ་ཀླུ་ཆུའི་ས་ཁུལ་གྱི་སློབ་ཆུང་དང་སློབ་འབྲིང་བརྒྱུད་ནས་མཐར་1994ལོར་ཀན་ལྷོ་བོད་རིགས་འབྲིང་རིམ་ཆེད་གཉེར་སློབ་གྲྭའི་སྒོ་ཐེམ་ལ་ཞུགས་པའི་སྐལ་བ་ཐོབ་པ་རེད།

   ཚེ་སྔོན་ལས་དང་བསོད་ནམས་ཀྱི་དབང་གིས་སློབ་གླིང་དེ་ནས་བོད་ཀྱི་ཡིག་བྲིས་པ་གྲགས་ཅན་རྒན་རྡོ་བྷ་ལགས་དགེ་རྒན་དུ་བསྟེན་པའི་ལས་སྐལ་གྱི་མཐུ་ལས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་འདི་རང་གི་མི་ཚེ་ཧྲིལ་བོའི་འཚོལ་སྙེག་དང་དགའ་ཕྱོགས་རིགས་ཤིག་གི་མངལ་ཏུ་སྦྲུམ་པ་རེད། དུས་དེ་ནས་བཟུང་ཁོང་གིས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་འདི་རང་གི་མི་ཚེའི་ཚེ་ནོམ་ཞིག་ཏུ་རློམ་ནས་འབད་པ་ལྷུར་ལེན་སྒོས་སྦྱངས་བ་བྱས་ཤིང་། འཛིན་གྲྭའི་ནང་ནས་ཀུན་གྱིས་བསྟོད་པ་བྱ་ཡུལ་ཏུ་གྱུར།

  1998ལོར་སློབ་མཐར་ཕྱིན་པ་དང་མཉམ་དུ་ཕ་ཡུལ་ནས་དགེ་རྒན་གྱི་ལས་ཀ་གཉེར་བ་རེད། སློབ་གྲྭ་དེའི་སློབ་རའི་རིག་གནས་ཀྱི་མཁའ་དབུགས་ཇེ་ལེགས་སུ་གཏོང་ཕྱིར་སློབ་གྲྭའི་ཕྱི་ནང་ཀུན་ལ་རང་གི་ཐུན་མོང་མ་ཡིན་པའི་ཡིག་གཟུགས་སྤྱད་ཏེ་ལེགས་བཤད་དང་བསླབ་བྱ་གང་མང་བཀོད་པས་དགེ་སློབ་ཡོངས་དང་ཡུལ་དེའི་མང་ཚོགས་ཀུན་གྱི་མིག་གི་དགའ་སྟོན་ཞིག་ཏུ་གྱུར་བ་རེད།    སློབ་གྲྭ་དེ་ནས་ཁོང་གིས་ཡིག་གཟུགས་ལ་དུང་བའི་སློབ་མ་རྣམས་ལ་སློབ་གསེང་གི་དུས་སུ་ཡིག་གཟུགས་ཀྱི་སློབ་ཁྲིད་སོགས་རྒྱུན་མ་ཆད་པས།  ཁོང་གིས་ཁྲིད་སྟོན་བྱས་པའི་སློབ་མ་རྣམས་ཀྱི་ཡིག་གཟུགས་ཀྱང་དགེ་སློབ་ཀུན་གྱི་བསྟོད་ཡུལ་ཏུ་གྱུར་ཡོད། 2014ལོར་ཁོང་རྫོང་སློབ་གསོ་ཅུས་ལ་ལས་གནས་སྤོར་བ་དང་། ལས་གྲོགས་རེ་འགས་ཡང་ཡང་སྐུལ་ངོར་ཁོང་གིས་གློག་ཀླད་ཡིག་མཛོད་གསར་བ་ཞིག་གསར་བཟོ་བྱེད་པའི་དཀའ་ཚེགས་ཆེ་བའི་ལས་འགན་ཁུར་ཏུ་བླངས་ཤིང་།   དུས་ཡུན་མི་ལོ་གཉིས་ཙམ་གྱི་རིང་ལ་འབད་པ་བྱས་མཐར་2015ལོའི་ལོ་མཇུག་ལ་གཡུ་གཟུགས་དབུ་ཅན་གྱི་གློག་ཀླད་ཡིག་མཛོད་ཆ་ཚང་ཞིག་དང་གཞན་ད་དུང་གཡུ་གཟུགས་མཛེས་རྩལ་ཡིག་མཛོད་རིགས་གཉིས་ལེགས་འགྲུབ་བྱུང་ནས་ཧི་གཟུགས་བོད་ཡིག་ཕབ་འཇུག་མཉེན་ཆས་ནང་བདེ་ལེགས་ཏུ་སྤྱོད་ཐུབ་པ་བྱུང་ཡོད།