གསར་འགྱུར། 新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅མི་སྒེར་གྱི་འགྲེམ་སྟོན་ཁང་།个人展厅གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅སྐད་འཕྲིན་ལས་སྟེགས་མཐོང་བ་ཀུན་སྨོན།微信平台书法大观གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程ཡིག་གཟུགས་མ་ཕྱི། 字帖བསླབ་དེབ།学习资料གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家
སྐབས་དང་པོའི་བོད་ལྗོངས་ཚངས་དབྱངས་རྒྱ་མཚོའི་རིག་གནས་དུས་ཆེན་གྱི་བརྩམས་ཆོས་བསྡུ་བཞིན་ཡོད།
2017-01-21 09:50来源:སྐད་འཕྲིན་ལས་བཤུས་པ།作者:མི་གསལ།浏览数:394 


སྐབས་དང་པོའི་བོད་ལྗོངས་ཚངས་དབྱངས་རྒྱ་མཚོའི་རིག་གནས་དུས་ཆེན་གྱི་བརྩམས་ཆོས་བསྡུ་བཞིན་ཡོད།

首届西藏仓央嘉措文化节作品征集开始啦!



དགའ

པའི་

འཕྲིན་

བཟང་།



1

སྐབས་དང་པོའི་བོད་ལྗོངས་ཚངས་དབྱང་རྒྱ་མཚོའི་རིག་གནས་དུས་ཆེན་གྱི་བརྩམས་ཆོས་བསྡུ་པའི་བརྡ་ཡིག།

རྒྱ་ཆེའི་སྤུན་གྲོགས་རྣམས་ལ་ཞུ་དོན།

བོད་ལོའི་ཟླ༣ཚེས༡ཉིན་ནི་ཚངས་དབྱངས་རྒྱ་མཚོའི་འཁྲུངས་སྐར་ཡིན་པས།  ངེད་མཐུན་ཚོགས་ཀྱིས་སྐབས་དང་པོའི་ལས་འཛིན་ཚོགས་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་ཉིན་མ་འདི་ཚངས་དབྱངས་རྒྱ་མཚོའི་རིག་གནས་དུས་ཆེན་གྱི་ཉིན་མོར་གཏན་འཁེལ་བྱས་ཡོད།  ང་ཚོས་ཚངས་དབྱངས་རྒྱ་མཚོའི་སྔོན་ཐོན་རིག་གནས་ངོ་སྤྲོད་དང་དྲིལ་བསྒྲགས་གཏོང་ཆེད། 2017ལོའི་ཟླ3ཚེས་1ཉིན  ༼     སྤྱི་ཟླ4ཚེས27ཉིན  ༽   སྐབས་དང་པོའི་ཚངས་དབྱངས་རྒྱ་མཚོའི་རིག་གནས་དུས་ཆེན་སྤེལ་རྒྱུ་ཡིན་ལ། རྒྱ་ཆེའི་མི་དམངས་རྣམས་དུས་ཆེན་ལ་ཞུགས་ཐུབ་པ་དང་།  ཞུགས་ནས་ཀྱང་ཤེས་རྒྱ་འཕེལ་ཞིང་རིག་གནས་འཚོ་བའི་དགའ་བདེའི་དཔལ་ལ་རོལ་ཆེད།   ཚངས་དབྱངས་རྒྱ་མཚོའི་སྙན་ངག་གསར་རྩོམ་དང་གྱེར་འདོན། རྒྱ་བོད་ཡིག་གཟུགས་འགྲན་བསྡུར།  ཚངས་དབྱངས་རྒྱ་མཚོའི་རིག་གནས་བགྲོ་གླེང་། ཚངས་དབྱངས་རྒྱ་མཚོའི་རིག་དངོས་འགྲེམ་སྟོན་ཁང་གི་སྒོ་འབྱེད་བྱེད་སྒོ་སོགས་རྣམ་པ་མང་ལ། ནང་དོན་ཕུན་སུམ་ཚོགས་པོའི་རིག་གནས་བྱེད་སྒོ་ཞིག་སྤེལ་རྒྱུ་ཡིན་པས། ད་ལྟ་དངོས་སུ་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་བརྩམས་ཆོས་བསྡུ་ལེན་བྱ་རྒྱུ་ཡིན་ཕྱིར་ཁྱེད་རང་དེ་ཕྱོགས་ལ་མོས་འདུན་ཡོད་མཁན་ཞིག་ཡིན་ཚེ་དུས་ཚོད་དམ་འཛིན་བྱས་ནས་བྱེད་སྒོར་ཕེབས་པར་དགའ་བསུ་ཞུ། ངེད་ཀྱིས་ཆ་རྐྱེན་འདང་པའི་བརྩམས་ཆོས་དག་རིག་གནས་དུས་སྟོན་གྱི་སྐབས་སུ་བཤམས་སྟོན་བྱེད་པ་དང་། ཕུལ་བྱུང་བརྩམས་ཆོས་སྐོར་ཞིག་ལ་དབང་ཡིག་དང་བྱ་དགའ་གནང་རྒྱུ་ཡིན།


2


བྱེད་སྒོའི་ཁྲོད་དུ་དོ་སྣང་བྱ་དགོས་པའི་གནད།


1

བྱེད་སྒོའི་གཙོ་སྒྲུབ་ལས་ཁུངས།
བོད་ལྗོངས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས།  བོད་རང་སྐྱོང་ལྗོངས་རིག་གནས་མཉམ་འབྲེལ་ལྷན་ཚོགས།   བོད་ལྗོངས་དགའ་སྐྱི་གླིང་སྡེ་ཚོགས་ཀུང་སི།


2

བརྩམས་ཆོས་བསྡུ་པའི་ཁྱབ་ཁུངས།

ལྗོངས་ཕྱི་ནང་གི་ཚངས་དབྱངས་རྒྱ་མཚོའི་རིག་གནས་ལ་དགའ་ཞེན་ཡོད་པ་མཁན།


3

ཡིག་གཟུགས་བརྩམས་ཆོས་འགྲན་བསྡུར།

མཉེན་སྨྱུག་དང་སྲ་སྨྱུག་གང་རུང་གིས་བྲིས་པའི་ཡིག་གཟུགས་སྣ་ཚོགས་ལ་རྒྱ་བོད་ཡིག་རིགས་གཉིས་ལས་གང་རུང་གིས་བྲིས་ཆོག   བརྗོད་དོན་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་གཙོ་བྱས་པའི་ནང་དོན་ཡིན་དགོས།  དྲས་ཁ་ཆེ་ཆུང་ལ་ཚོད་འཛིན་མེད།


4

སྙན་དག་གསར་རྩོམ་འགྲན་བསྡུར།

རང་གིས་གསར་རྩོམ་བྱེད་སྐབས་ངེས་པར་དུ་ཚངས་དབྱངས་རྒྱ་མཚོ་བརྗོད་དོན་གཙོ་བོར་འཛིན་དགོས་ལ། རྒྱ་བོད་ཡིག་རིགས་དང་ཡིག་གྲངས་རྩོམ་ལུས་བཅས་ལ་ཚོད་འཛིན་མེད། ཁ་བྱང་རང་གིས་ཅི་བདེར་འགོད་ཆོག  བརྩམས་ཆོས་རེ་རེར་རྩོམ་པ་པོའི་མིང་དང་འབྲེལ་གཏུག་བྱ་ཐབས་སོགས་འགོད་དགོས་པ་མ་ཟད། འགྲན་ཞུགས་བརྩམས་ཆོས་དག་ངེས་པར་དུ་རང་རྩོམ་ཡིན་པ་ཁག་ཐེག་ཡོད་དགོས།  ནང་དོན་ལ་ཡར་སྐུལ་ལྡན་པ་དང་ལྟ་ཀློག་གི་རིན་ཐང་དང་བློ་གྲོས་ཀྱི་བཅུད་འདུས་པ་ཡིན་དགོས།


5

བརྩམས་ཆོས་ཀྱི་ཆ་རྐྱེན།

སྙན་རྩོམ་ཚང་མ་གློག་རྡུལ་ཡིག་ཆའི་རྣམ་པའི་སྟེང་ནས་སྐུར་བའམ་ཡང་ན་ཐད་ཀ་ངེད་གཞུང་ལས་ཁང་ལ་བརྩམས་ཆོས་མ་ཡིག་སྦྲགས་སྐུར་བྱེད་པ་གང་རུང་བྱས་ཆོག ཡི་གེ་གསལ་ཆ་ལྡན་ལ་ཡིག་གཟུགས་ལྟ་བདེ་ཡིན་ལ་པར་གཞི་ཡག་པོ་སྒྲིག་དགོས།   ཡིག་གཟུགས་བརྩམས་ཆོས་ཡིན་ན་ངེས་པར་དུ་མ་རྩོམ་སྐུར་བ་ལས་གློག་རྡུལ་པར་རིས་སྐུར་ན་དང་ལེན་བྱ་རྒྱུ་མིན། བརྩམས་ཆོས་རེར་རྩོམ་པ་པོའི་མིང་དང་། མི་རིགས། ལོ་ཚོད། ལས་རིགས། སྡོད་གནས་སོགས་ཁ་གསལ་འགོད་དགོས་པ་མ་ཟད། རང་གི་བརྩམས་ཆོས་ལ་མཚམས་སྦྱོར་མདོར་བསྡུས་རེ་ཡོད་ན་ལྷག་ཏུ་བཟང་། མི་རེར་བརྩམས་ཆོས་གསུམ་ལས་བརྒལ་མི་རུང་།


6

བྱ་དགའི་རིགས་དབྱེ་སྟངས།
སྙན་ངག་དང་ཡིག་གཟུགས་གསར་རྩོམ་ལ་ཨང་དང་པོ་དང་གཉིས་པ། གསུམ་པ་དང་ཕུལ་བྱུང་བཅས་འདེམ་རྒྱུ་དང་། སྔོན་མ་གསུམ་ལ་དཔང་ཡིག་དང་བྱ་དགའི་དངུལ་(མི་གྲངས་དང་དངུལ་གྲངས་ད་དུང་གཏན་འཁེལ་བྱས་མེད།)  ཕུལ་བྱུང་བྱ་དགའ་དུ་མ་ཡོད་ལ་དྲན་རྟེན་རེ་ཡོད་ངེས་ཡིན། གལ་ཏེ་འགྲན་ཞུགས་མི་གྲངས་མ་འདང་ན་དེ་ཕྱོགས་ཀྱི་ཕུལ་བྱུང་བྱ་དགའ་ལས་བྱ་དགའ་གཞན་པ་སྟོང་བར་བསྐྱུར་རྒྱུ།


བརྩམས་ཆོས་བསྡུ་བའི་དུས་བཅད། 2017ལོའི་ཟླ1ཚེས17ཉིན་ནས་2017ལོའི་ཟླ2ཚེས28ཉིན་བར་ཡིན།


བརྩམས་ཆོས་སྐུར་ཚུལ།

གློག་རྡུལ་ཡིག་སྒམ: pinglang6@sina.com                  Chenyilan12345@163.com

མཐུན་ཚོགས་ཀྱི་སྡོད་གནས།:西藏自治区拉萨市城关区娘热路18号附4号嘎吉林建筑公司4楼会议室多吉老师(请在信封上注明“西藏仓央嘉措文化节书法/诗歌参赛作品”


འབྲེལ་གཏུག་བྱེད་སྟབསཚེ་རིང་གཡང་འཛོམས། 13908983204

                      བསོད་ནམས་འཚོ་མོ།    13908912748

                       ཁྲིན་ཡེའུ་ལན།            18689096485






3



རྒྱ་ཡིག་གིས་སྤེལ་བའི་བརྡ་འཕྲིན་ནང་དོན།


所有热爱仓央嘉措文化的朋友们:

藏历3月1日是仓央嘉措的诞辰日,我协会第一届一次理事决定将这一天确立为仓央嘉措文化节。为了介绍、宣传仓央嘉措优秀文化,2017年藏历3月1日(公历4月27日)我协会将开展首届仓央嘉措文化节活动。为了让更多民众参与进来,让大家既收获知识,又能体验参与乐趣,我协会组织仓央嘉措诗歌朗诵及创作大赛、藏汉书法大赛、仓央嘉措文化讲坛、仓央嘉措文博馆开馆仪式等丰富多彩、形式多样、寓教于乐的活动。现协会正式向公众征集仓央嘉措诗歌和书法创作作品,如果你是仓央嘉措文化迷,如果关于仓央嘉措你有独特的心声不吐不快,如果你愿以笔墨文字表达你的心声,那么请你积极地参与进来吧!协会承诺,所有符合要求的投稿作品我们都会在文化节期间公开展出,并评选出优秀者颁发证书和奖品。

活动举办单位:

西藏仓央嘉措文化研究协会、西藏自治区文联、西藏噶吉林集团公司

作品征集对象:

区内外所有热爱仓央嘉措文化者

书法创作大赛:

软笔、硬笔皆可,书体不限,藏汉任一文字皆可;题材以仓央嘉措诗歌为主要内容,作品尺寸不限。

诗歌创作大赛:
个人创作的以仓央嘉措为主题的诗歌,藏汉文字皆可,字数、体例不限,题目可自拟。每件作品要注明作者以及联系方式。投稿者必须保证作品为原创。内容积极向上,具有较强的可读性和启发性。


稿件要求

诗歌作品可以电子文档形式上交,也可将稿件寄送协会办公室。稿件要求字迹清晰、排版适当,整体美观大方,适合印刷展出。书法作品必须提要原样,电子稿无效。每件作品要注明作者姓名、民族、年龄、职业、家庭住址、联系电话等基本信息,如能为自己的作品写一段介绍最佳。每人报送作品数量不超过三件。


1

设有哪些奖项?
诗歌和书法创作各设置一、二、三等奖和优秀奖,前三名颁发证书和奖金(名额和奖金数额待定),优秀奖若干名颁发纪念品;若参赛人数不达到评奖人数则取消该奖项,只颁发纪念奖。
投稿时间
2017年1月17日—2017年2月28日

投稿方式

电子邮箱: pinglang6@sina.com                  Chenyilan12345@163.com

协会地址:西藏自治区拉萨市城关区娘热路18号附4号嘎吉林建筑公司4楼会议室多吉老师(请在信封上注明“西藏仓央嘉措文化节书法/诗歌参赛作品”

联系方式次仁央宗:13908983204

索南措姆:13908912748

    陈 一 兰:18689096485


མ་ཡིག་ད་གནས་ལ་བལྟ་འདོད་ན་འདི་མནོན།



བརྡ་འཕྲིན་འདི་སྐད་འཕྲིན་ལས་བཏུས་ནས་བོད་ཡིག་ཏུ་བསྒྱུར་བ་ཡིན་པས་བྱེད་སྒོའི་ནང་དོན་གྱི་འབྲེལ་བཤད་གཙོ་སྒྲུབ་ལས་ཁུངས་ཁོ་ནས་རྒྱག་ངེས།

ཡིན་སྒྱུར་ཐད་འགལ་འཛོལ་བྱུང་ཡོད་པ་རྒྱ་ཡིག་ལྟར་བྱའོ།   འདི་ག་རྩོམ་སྒྲིག་ཁང་ནས།



会员登录
登录
我的资料
我的收藏
购物车
0
留言
回到顶部