བསྟན་པ་ཚེ་རིང་ངམ་ཨ་བསྟན་ནི་སྤྱི་ལོ༡༩༨༣ལོའི་ཟླ༨ཚེས༡༥ལ་ཀན་ལྷོ་ཁུལ་ཐེ་བོ་སྨད་མའི་འ་ཞ་ཁོག་ཏུ་སྐྱེས། སྔ་རྗེས་སུ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བརྒྱུད་ནས་ད་ལྟ་ཐེ་བོ་རྫོང་བོད་ཡིག་སློབ་ཆུང་དུ་བོད་སྐད་ཡིག་དང་བོད་ཀྱི་ཡིག་གཟུགས་དཔེ་ཁྲིད་བྱེད་བཞིན་མཆིས།༡༩༩༩ལོར་ཀན་ལྷོ་དགེ་ཐོན་སློབ་གྲྭར་ཞུགས་ཏེ་བཀའ་དྲིན་ཅན་གྱི་རྒན་སངས་རྒྱས་ཚེ་རིང་གི་མདུན་ནས་བོད་ཀྱི་ཡིག་གཟུགས་སྦྱོང་བའི་སྐལ་བཟང་ལྡན་སོང་། སློབ་མཐར་ཕྱིན་ནས་ད་བར་དུ་ཡིག་གཟུགས་ཀྱི་བརྩམས་ཆོས་འགའ་ཞིག་སྐབས་གཉིས་བའི་ཀན་སུའུ་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་ཡིག་རིས་དང་པར་ལེན་ཐང་ག་འགྲེམ་སྟོན། སྐབས་བཅུ་བདུན་པའི་ཀན་ལྷོ་ཁུལ་ཤམ་བྷ་ལའི་ཡུལ་སྐོར་དུས་ཆེན་གྱི་ཡིག་རིས་འགྲེམ་སྟོན་བཅས་སུ་འགྲེམ་སྟོན་བྱས་པ་དང་། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་ཀན་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་གྲུབ་འབྲས་བྱ་དགའ་སོགས་ཐོབ་མྱོང་ངོ་།།
|