收藏本站
我的资料
   
查看手机网站
གསར་འགྱུར།新闻中心སྤྱི་བསྒྲགས།公告ཀླུ་ཆུའི་ཆེད་སྒྲིག碌曲专栏ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

ཆབ་མདོ་འཇིགས་དཔལ།

 二维码 3202
发表时间:2017-05-03 01:37作者:ཡིག་གཟུགས་པ་རང་ཉིད། རྩོམ་སྒྲིག་པ།来源:བོད་ཀྱི་ཡིག་གཟུགས་དྲ་བ།网址:http://www.zgzzsfw.com

བྲིས་པ་ཆབ་མདོ་འཇིགས་དཔལ་ངོ་སྤྲོད།



   དངོས་མིང་ལ་འཇིགས་མེད་དཔལ་ལྡན་དང་།  པིར་མིང་ལ་ཁམས་པ་སེལ་འཇུག  སྤྱི་ལུགས1993ལོར་ཆབ་མདོ་ཁུལ་འཇོ་མདའ་རྫོང་འོག་ཀེ་ཀླུང་སྔོན་མོ་ནུབ་ཏུ་བཞུད་སའི་ཉེ་འགྲམ་དུ་སྐྱེས་ཤིང་ཕ་རུས་ཨ་རྒོད་དང་མ་རིགས་ཡོན་དགེ་རུ་གཏོགས་པའི་ལྕང་བྲག་དགོན་པའི་གྲྭ་བ་ཞིག་ཡིན།

   ད་ལྟ་རྫ་རྫོགས་ཆེན་བཤད་གྲྭར་སློབ་པ་གཉེར་བཞིན་ཡོད།  སྤྱིར་ན་བྲིས་གཟུགས་ལ་དགའ་དད་མོས་གསུམ་ཆེ་བས།  དེ་སྔོན་ལོ་དུ་མ་ཞིག་གི་ནང་ནས་བྲིས་གཟུགས་ལ་སྦྱོང་བ་བྱས་ཤིང་།  བོད་རང་གི་ཐུན་མོང་མིན་པའི་བྲིས་གཟུགས་ལ་དམིགས་བསལ་གྱི་ཁྱད་ཆོས་སྣ་ཚོགས་པ་དང་ལྡན་པས་མཛེས་རྩལ་ཡིག་གཟུགས་ཀྱི་སྐོར་ལ་ལོ་གསར་བའི་ཆར་སྦྱོང་བ་བྱེད་བཞིན་ཡོད།  མ་ཟད་བྲིས་འབྲི་བ་ཙམ་མིན་པར་ཕུགས་ཡོད་དགོས་ཤིང་གཙོ་ཆེར་བྲིས་ཀྱི་ཁྲིད་ཁ་ནི་མེད་དུ་མི་རུང་བ་ལགས་པས། དེ་སྔོན་སྦྱོང་ཆེར་སོང་བ་དང་མ་སོང་བའི་བྲིས་གཟུགས་ཀྱི་ཡན་ལག་དབུ་མེད་གཟབ་བྲིས་སུག་ཐུང་།  དཔེ་འཁྱུག་སུག་ཐུང་། དཔེ་འཁྱུག  རྒྱུགས་བྲིས།  འབྲུ་ཚ།  བཅས་བྲིས་སྣ་འགའ་ཞིག་སྦྱོང་སའི་དགེ་རྒན་གྱི་དག་ངོ་སྤྲོད་ཅུང་ཟད་ཞུས་ན།  

    རྒྱུགས་བྲིས་དང་འཁྱུག་མ་ནི་དཔལ་ལྡན་ཤང་དགོན་གྱི་རྒན་པདྨ་ཆོས་དབྱིངས་ལས་བསླབས་ཤིང་།    པདྨ་ཆོས་དབྱིངས་ནི་ཡོན་དགེ་གྲགས་པ་ཞེས་ཁམས་ཀྱི་བྲིས་གཟུགས་པ་ཞིག་གི་སློབ་མ་ཡིན།   ཡོན་དགེ་གྲགས་པ་ཉིད་ཀྱང་ཁམས་ཕྱོགས་ཡིག་གཟུགས་པ་གྲགས་ཆེན་སྲིབ་མདའ་མཆོག་སྤྲུལ་ཨོ་རྒྱན་བསྟན་འཛིན་གྱི་སློབ་མ་ཡིན་ཞིང་།   ཨོ་རྒྱན་བསྟན་འཛིན་ནི་ཁམས་ཕྱོགས་ཙམ་མིན་པར་ས་ཆ་གང་སར་གྲགས་ཆེ་བའི་ཉེ་རབས་ཀྱི་བྲིས་པ་དམིགས་བསལ་བ་ལགས།  ཁོང་ལ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་བའི་ ༼  བོད་ཀྱི་དབུ་མེད་ཡི་གེའི་གཟུགས་ཆེ་ཆུང་གི་མ་ཕྱི་བློ་གསལ་འཇུག་ངོགས༽ཞེས་པའི་བྲིས་དཔེ་ཞིག་ཀྱང་ཡོད་འདུག་ལ།  བོད་ཀྱི་ས་ཆ་སོ་སོར་ཁོང་གི་བྲིས་ཀྱིས་བྱས་རྗེས་མི་དམན་པ་བཞག་ཡོད་འདུག  དབུ་མེད་གཟབ་བྲིས་སུག་ཐུང་ནི།   དགེ་རྩེ་པདྨ་དར་རྒྱས་ལས་བསླབས་ཤིང་ད་ལྟ་ཡང་སྦྱོང་མུས་སུ་ཡོད། དགེ་རྩེ་པདྨ་དར་རྒྱས་ཀྱི་བྲིས་གཟུགས་ནི་ཁམས་ཕྱོགས་སུ་གྲགས་ཆེ་བའི་སྐུ་བྲིས་ཡིན།  སྐུ་བྲིས་ཞེས་སུ་བསྙད་པ་དེ་ཡང་དབུ་མེད་གཟབ་བྲིས་སུག་ཐུང་རྣམས་ལས་ལེགས་པར་བཏུས་པ་ཡིན་ཞེས་ངག་རྒྱུན་དུ་གནས་ལ།   ད་ལྟ་ཧ་ཅང་གྲགས་ཆེ་བའི་བྲིས་གཟུགས་ཤིག་ལགས།  འབྲུ་ཚ་རྐང་རིང་ནི་དེ་སྔོན་དམིགས་བསལ་གྱི་སློབ་དཔོན་བསྟེན་བཞག་པ་མེད་ཀྱང་། འབྲུ་རིམ་དག་ནི་བྲིས་གཟུགས་མཁས་ཅན་དག་གིས་བྲིས་པའི་བྲིས་དཔེ་སྣ་ཚོགས་པར་བལྟས་ཤིང་རང་སྦྱོང་བྱས་པ་ཞིག་ཡིན།      

   ད་ལྟའི་ཆར་ལས་འགན་ནི་རྫ་རྫོགས་ཆེན་བཤད་གྲྭའི་སྐྱོར་དཔོན་གྱི་འགན་དང་།   ཆོས་རིམ་མཐོ་རིམ་བྲིས་སྦྱོང་གི་དགེ་རྒན་འགན་དང་།  ཁམས་ཕྱོགས་ཀྱི་སྙན་ངག་པའི་སྡེ།  ༼ངའི་མི་རབས༽ཀྱི་རྐང་འཛིན་བཅས་བྱས་ཡོད།


ཁོང་གི་བརྩམས་ཆོས་འགྲེམ་སྟོན་འགོད་ཐེངས་གཉིས་པ།