设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女子展厅སློབ་རའི་འགྲེམ་སྟོན་ཁང་།校园展厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

སངས་རྒྱས་རྡོ་རྗེ།

 二维码 4126
发表时间:2015-12-25 01:04作者:ཡིག་གཟུགས་པ་རང་ཉིད། རྩོམ་སྒྲིག་པ།来源:བོད་ཀྱི་ཡིག་གཟུགས་དྲ་བ།网址:http://www.zgzzsfw.com

སངས་རྒྱས་རྡོ་རྗེའམ་ལྷུན་སྨྱུག་སྲས།   


    སངས་རྒྱས་རྡོ་རྗེའམ་ལྷུན་སྨྱུག་སྲས་ནི་སྤྱི་ལོ་༡༩༨༧བོད་ལྗོངས་ལྷོ་ཁ་གྲྭ་ནང་རྫོང་དཀྱིལ་རུ་ཤང་།   རོག་དཀར་ཞེས་པའི་ཡུལ་དེའི་ལྷུན་རབ་ཚང་དུ་སྐྱེས་ཤིང་།   རང་ལོ་དགུ་ནས་ཡུལ་དེའི་དཀྱིལ་རུ་ཤང་གི་སློབ་ཆུང་དུ་བསྐྱོད།   ཕྱིས་སྤྱི་ལོ་༢༠༠༢ལོར་གངས་ལྗོངས་རྡོ་རྗེ་གདན་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ཁང་དུ་ཆོས་ཞུགས་བྱས་ཤིང་།   དེ་ནས་འདོན་ཆོས་སྤྱོད་དང་བོད་ཀྱི་ཡིག་གཟུགས་སོགས་ལ་མི་ལོ་བཅུ་ཕྲག་ལྷག་ཙམ་སྦྱངས་པ་བྱས།   སྤྱི་ལོ་༢༠༡༡ལོ་ནས་ད་བར་བསམ་ཡས་ཁྲི་སྲོང་ལྔ་རིག་ནང་བསྟན་སློབ་གླིང་དུ་ནང་བསྟན་རིག་གནས་དང་།   ཡིག་གཟུགས་ལ་སོགས་པར་སྦྱོང་བ་བྱེད་མུས་སུ་མཆིས།   དེ་སྔོན་ཡིག་གཟུགས་འབྲི་བའི་རྒྱུད་རིམ་ཁྲོད།   སྤྱི་ལོ་༢༠༡༡ལོར་ལྷོ་ཁར་སྤེལ་བའི་ལོ་ངོ་དྲུག་ཅུའི་འཕོ་འགྱུར་ཞེས་པའི་ཡིག་གཟུགས་འགྲན་བསྡུར་སྐབས་དཀར་མཛེས་ཨ་ཡིག་ཐོག་ནས་འཁྱུག་ཡིག་དང་དབུ་ཅན་འབྲུ་ཚ་བཅས་ལ་ཨང་གསུམ་པ་ཐོབ།   སྤྱི་ལོ་༢༠༡༢ལོར་ལྷོ་ཁ་ནས་སྤེལ་བའི་འཕོ་འགྱུར་ཞེས་པའི་ཡིག་གཟུགས་འགྲན་བསྡུར་ནང་གང་བློ་མའི་ཐོག་ནས་དབུ་ཅན་ལ་རིམ་པ་གཉིས་པ་ཐོབ་པ་མ་ཟད།   དེ་མིན་གྱི་སློབ་གླིང་དུ་སྤེལ་བའི་ཡིག་གཟུགས་འགྲན་བསྡུར་ཁྲོད་ཨང་རིམ་དང་པོ་ཐེངས་མང་ཐོབ་ཅིང་སླར་ཡང་རྩེ་སློབ་གྲྭའི་ཡིག་མཁན་ཆེན་མོ་སྙེ་འཕྲིན་ལས་རྒྱལ་མཚན་ལགས་ཀྱི་དྲུང་ལ་གཏུག་ནས་དབུ་ཅན་སྙེ་བྲིས་དང་ཅོག་གྲྭ་རིན་པོ་རིན་པོའི་སྐུ་མདུན་ནས་དབུ་མེད་དབུས་བྲིས་ཚུགས་རིང་དང་ཚུགས་ཐུང་སོགས་སྦྱོང་ཞིང་མཆིས།   རང་ཉིད་ཆེས་དགའ་ས་ནི་རང་མི་རིགས་ཀྱི་རིག་གཞུང་སྤྱི་དང་ལྷག་པར་བོད་ཀྱི་ཡིག་གཟུགས་ཡིན་ནོ།   །