设为首页 | 收藏本站
 
新闻中心གསར་འགྱུར།公告སྤྱི་བསྒྲགས།古籍收藏གནའ་དཔེ་ཉར་ཚགས།书法艺术ཡིག་གཟུགས་སྒྱུ་རྩལ།书法常识ཤེས་བྱའི་ཟེགས་མ།论  文དཔྱད་རྩོམ།集体展厅ཐུན་མོང་འགྲེམ་སྟོན་ཁང་།地区展厅ས་ཁུལ་འགྲེམ་སྟོན་ཁང་།书法名家ཡིག་གཟུགས་མཁས་དབང་།书法家ཡིག་གཟུགས་མཁན་པོ།书法达人ཡིག་གཟུགས་བྲིས་ཆེན།书法新秀ཡིག་གཟུགས་བྲིས་ཆུང་།书法爱好者ཡིག་གཟུགས་དགའ་ཞེན་པ།女性书法展厅སྐྱེ་མའི་ཡིག་གཟུགས།校园展厅སློབ་རའི་འགྲེམ་སྟོན་ཁང་།书法日专题ཡིག་གཟུགས་དུས་ཆེན་ཆེད་སྒྲིག视频教程བརྙན་གཟུགས་དཔེ་ཁྲིད།书法讲堂འཆད་ཁྲིད་དོ་ར།字帖ཡིག་གཟུགས་ཀ་དཔེ།学习资料བསླབ་དེབ།古近代名家གནའ་ཉེ་རབས་ཡིག་མཁན།现代名家དེང་རབས་ཡིག་མཁན།团体推介སྡེ་ཁག་འོས་སྦྱོར།ཡི书法企业ག་གཟུགས་ཁེ་ལས།文件下载ཡིག་ཆ་ཕབ་ལེན།其它下载སྣ་ཚོགས་ཕབ་ལེན།

སོག་རུས་དོན་འགྲུབ་ཚེ་རིང་།

 二维码 4922
发表时间:2015-12-25 01:04作者:ཡིག་གཟུགས་པ་རང་ཉིད། རྩོམ་སྒྲིག་པ།来源:བོད་ཀྱི་ཡིག་གཟུགས་དྲ་བ།网址:http://www.zgzzsfw.com

སོག་རུས་དོན་འགྲུབ་ཚེ་རིང་།


     སོག་རུས་དོན་འགྲུབ་ཚེ་རིང་ནི་༡༩༧༧ལོར་མདོ་སྟོད་སྐྱེ་དགུ་དཔལ་ཐང་དུ་སྐྱེས་ཤིང་།   ལོ་ངོ་བཅུ་བདུན་ཙམ་གྱི་བྱིས་དུས་ཀྱི་འཚོ་བ་ནི་ནོར་ནག་གི་ངུར་དབྱངས་དང་། རྟ་ཕོའི་འཚེར་སྐད། གཡང་དཀར་ལུག་གི་འབའ་སྒྲའི་ཁྲོད་དུ་སྐྱིད་སྣང་དང་། དགོད་སྒྲ། ཡང་ན་རྣམ་གཡེང་དང་བག་ཕེབས་ཀྱི་ཀློང་ནས་ཇི་ལྟར་འདས་པའང་ཤེས་མེད།


རྩོམ་པ་པོས་གསར་གཏོད་གནང་པའི་རྡོ་སྙུག


    ༡༩༩༣ལོར་སྔོན་བསགས་ཀྱི་བསོད་ནམས་བཟང་པོའི་མཐུ་ལས། སྒ་སྐྱེ་དགོན་དོན་འགྲུབ་གླིང་དུ་ངོར་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་འཇམ་དབྱངས་བསྟན་པའི་ཉི་མ་སོགས་ལས་རབ་ཏུ་བྱུང་བའི་སྐལ་བ་མངོན་དུ་གྱུར་ཅིང་། དགོན་པའི་ཡིག་གྲྭ་རུ་ལོ་བཞི་ལྷག་ལ་སློབ་སྦྱོང་བྱས་ནས། ཆོ་ག་ཕྱག་ལེན་དང་། ཐིག་རྡུལ་ཚོན། གཏོར་བཅའ་འབུད་དཀྲོལ་སོགས་དཔྱིས་ཕྱིན་པར་སྦྱང་བའི་གོ་སྐབས་འདི་ནས་མགོ་ཚུགས། ༡༩༩༩ལོ་ནས་བཟུང་ལོ་དྲུག་ཙམ་ལ་བསྙེན་མཚམས་བཅད་རྗེས། མཁན་ཀུན་དགའ་བཟང་པོའི་མདུན་ནས་རང་གི་དགའ་ཕྱོགས་ལྟར་ཡིག་གཟུགས་འབྲི་བ་ལ་སྦྱོང་བ་ལྷོད་མེད་བྱས། དེ་རྗེས་སླར་ཡང་དགོན་གཞུང་ཚོགས་ལ་ཞུགས་ཤིང་དགོན་པའི་བཀོད་སྒྲིག་ལྟར་ལས་ཚན་ལོ་གསུམ་བཟུང་ནས། དགོན་པའི་དུས་མཆོད་དང་འདོན་ཚོགས་འདྲ་མིན་ཀུན་ལ་རང་ནུས་ཅི་ལྕོགས་ཀྱིས་ཞབས་ཞུ་བསྒྲུབས། ཞོར་དུ་ཡིག་གཟུགས་ཀྱི་བྲིས་དཔེ་སྣ་ཚོགས་ལ་ནན་ཏན་ཆེན་པོས་ཁ་མིག་ཡར་ལྟ་དང་། སྙིགས་དོར་བཅུད་ལེན་གྱི་ཚུལ་གྱིས་ལྟ་ཞིབ་དང་སྦྱོང་བ་མང་པོ་བྱས།



རྡོ་བྲིས་ཡིག་དཔེ།









    ༢༠༠༧ལོར་ཡུལ་ཤུལ་ཁུལ་ཡིག་གཟུགས་དང་བརྙན་ལེན་མཁས་ཅན་མཐུན་ཚོགས་ཀྱིས་སྤེལ་བའི་བྲིས་འགྲན་ལ་ཞུགས་ཤིང་།   ལོ་དེའི་ཟླ་བདུན་པའི་ནང་རང་ཁུལ་གྱི་ཐེངས་དང་པོའི་ལུ་གུ་མེ་ཏོག་བོད་ཀྱི་ཡིག་གཟུགས་དང་རི་མོ་བཅས་ཀྱི་འགྲན་ཚོགས་ནང་བྱ་དགའ་ཐོབ་པ་དང་། རང་ཁུལ་གྱི་དགེ་རྒན་དང་སྒྱུ་རྩལ་བ་དུ་མར་འབྲེལ་འདྲིས་ཀྱི་གོ་སྐབས་མི་ཉུང་བ་བྱུང་ནས། ཁོང་ཅག་གི་བསླབ་སྟོན་དང་། མི་རིགས་ཀྱི་བརྩེ་སེམས། སྒྱུ་རྩལ་གྱི་ཕུགས་བསམ་སོགས་ཀྱི་ཤུགས་རྐྱེན་འོག་རང་གི་བསམ་པའི་ཁ་ཕྱོགས་ལ་ཡང་འགྱུར་བ་ཆེན་པོ་ཐེབས་ཏེ། པར་ལེན་སྒྱུ་རྩལ་གྱི་ལམ་དུ་ཞུགས་པའི་མོས་པའང་ངང་གིས་སྐྱེ་མགོ་ཚུགས་པ་དང་སྒྱུ་རྩལ་གྱི་རིགས་ལ་དོ་སྣང་དང་དགའ་ཞེན་ཆེས་ཆེར་འཕེལ།












    ལྷག་པར་དུ་༢༠༠༨ལོར་མཐུན་རྐྱེན་གྱི་དཀའ་ཁག་དུ་མ་ཨུ་ཚུགས་ཀྱིས་བརྒལ་ཅིང་།《སྨྱུག་ཁ་གསར་བའི་འཇུག་སྒོ་》ཞེས་པའི་བྲིས་དཔེ་ཞིག་འགྲེམ་སྤེལ་བྱས་ཏེ། རང་ཉིད་ཀྱིས་བོད་ཀྱི་སུག་བྲིས་སྒྱུ་རྩལ་ལ་བཅངས་པའི་མོས་འདུན་དང་ལྷག་བསམ་མཚོན་པར་བྱས་ཡོད། དེའི་རྗེས་སུ་རྭ་རྒྱ་འཇིགས་མེད་ཤེས་རིག་སློབ་གླིང་གི་ལོ་དེབ་《རྨ་རྒྱལ་སྨྱུག་གསར་》དང་། རེབ་གོང་ཤེས་རིག་གླིང་གི་ལོ་དེབ་《ཤེས་རིག་གླིང་》དང་། ཡུལ་ཤུལ་ཁུལ་བྲིས་གཟུགས་པར་དེབ་དང་། 《བསང་མེ་》ཡར་སྐུལ་དུས་དེབ་སོགས་སུ་རང་གི་བརྙན་པར་དང་བྲིས་གཟུགས་བརྩམས་ཆོས་དུ་མ་ཞིག་འཁོད་ཅིང་། གཞན་ཡང་འགྲན་ཚོགས་དང་བཤམ་སྟོན་དུ་མར་ཞུགས་ཤིང་། ཡུལ་ཤུལ་དང་བདེ་ཆེན། ཆབ་མདོ་དང་རྨ་ལྷོ་བཅས་ཁུལ་རིམ་པ་དང་། རེབ་གོང་ཤེས་རིག་གླིང་སོགས་ནས་བྱ་དགའ་བརྒྱུད་མར་ཐོབ་མྱོང་།










   ༢༠༡༡ལོ་ནས་བཟུང་རྨ་ལྷོ་ཁུལ་རོང་བོ་དགོན་ཆེན་སོགས་ཆོས་སྡེ་ཆེ་ཁག་གི་དགེ་བའི་བཤེས་གཉེན་དག་གི་ཞབས་ལ་གཏུགས་ཤིང་། རེབ་གོང་ཤེས་རིག་གླིང་གི་བཀོད་སྒྲིག་ལྟར་སློབ་གླིང་དེར་མདོ་དབུས་ཁམས་གསུམ་གྱི་སློབ་གྲོགས་དུ་མར་བྲིས་གཟུགས་ཁྲིད་པའི་འགན་བླངས།   དེ་བཞིན་སྐྱེ་དགུ་དང་དཔལ་ཐང་དག་ནའང་ལོ་རེ་བཞིན་དགུན་གནང་གི་གོ་སྐབས་སྤྱད་ནས། ཆོས་གྲོགས་འགའ་དང་ལྷན་དུ་བོད་སྐད་ཡིག་གི་རིན་མེད་གསབ་སྦྱོང་བསྒྲུབས་ཏེ་བྲིས་གཟུགས་ཐེངས་མང་ཁྲིད།   ཁོང་གིས་བཤད་ན། སྔོན་ཆད་ཡིག་གཟུགས་འབྲི་བ་ནི་དགའ་ཕྱོགས་ཙམ་ཡིན་ལ། ད་ལྟ་བལྟས་ན། བྲིས་འབྲི་སྦྱོང་བྱེད་པ་ནི་གལ་ཆེན་དུ་མཐོང་གི་ཡོད།



   ད་ལྟ་བོད་ཡིག་རྩིས་འཕྲུལ་དང་ཁ་པར་དུ་སྤྱོད་ཐུབ་པར་བྱུང་བ་དང་བསྟུན། བོད་ཡིག་འབྲི་མཁན་དང་འབྲི་ཤེས་མཁན་ཇེ་ཉུང་རེད། འདི་ལྟར་རྒྱུན་འབྱམས་སུ་སོང་ན། བོད་ཀྱི་ཕུན་སུམ་ཚོགས་པའི་བྲིས་གཟུགས་སྒྱུ་རྩལ་ཉམས་དམས་པར་འགྱུར་ངེས། དེ་བས་ངས་རང་གི་དགའ་ཕྱོགས་དེ་དགའ་ཕྱོགས་ཙམ་དུ་མ་བསྐྱུར་པར། བྲིས་གཟུགས་རང་གིས་འབྲི་བ་དང་གཞན་ལ་འཁྲིད་པར་ཧུར་བརྩོན་བྱེད་ཀྱིན་ཡོད་ཟེར། གཞན་ཡང་ཁོང་གིས་སློབ་གཉེར་གྱི་ཞོར་དུ། བོད་ཀྱི་མཁས་དབང་རྣམས་ཀྱི་གསུང་ལེགས་བཤད་གཡུ་ཡི་ཕྲེང་བ་ཞེས་པ་རིང་ཚད་ལ་སྨི་ཉི་ཤུ་ལྷག་དང་གཞན་རྒྱ་གར་པཎ་གྲུབ་ཀྱི་ལེགས་བཤད་ཚོམ་བུ་སོ་དགུ་མ་ཞེས་པ་སྨི་ཉེར་གཉིས་ལྷག་བཅས། ཡིག་གཟུགས་ཆེ་ཆུང་དུ་མ་བྲིས་ནས་རྨ་ལྷོ་ཁུལ་རེབ་གོང་ཤེས་རིག་གླིང་གི་དཔེ་མཛོད་ཁང་ལ་ཕུལ་ཏེ།   རེབ་གོང་ཤེས་རིག་གླིང་གི་ཡིག་གཟུགས་བཤམ་སྟོན་ཐེངས་དང་པོ་དབུ་ཚུགས་པར་བྱས།




    ༢༠༡༣ལོའི་ཟླ་བདུན་པའི་ནང་རང་གིས་བྲིས་པའི་ཡིག་གཟུགས་དུ་མ་ཡུལ་ཤུལ་ཁུལ་བརྒྱད་གཅིག་ལས་རིགས་ལག་རྩལ་སློབ་གྲྭར་ཉར་ཚགས་གནང་བ་དང་། མ་ཟད་ཁོས་༢༠༡༤ལོར་རྡོ་བྲིས་ཞེས་པའི་རྡོ་ཡི་སྙུ་གུས་ཡིག་གཟུགས་འབྲི་བའི་སྲོལ་ཐོག་མར་བཏོད་ཅིང་། སྤྱིར་རྡོ་སྙུག་བཟོ་བར་ཚེགས་དང་འགྲོ་གྲོན་ཆེ་ཡང་། རྡོ་སྙུག་ལ་སྙུག་སོ་བརྟན་ཞིང་མི་ཟིང་བ་དང་། སྣག་ཚ་མི་འབྱམ་ལ་ཚུགས་སྒྲོས་པའི་ཁྱད་ཆོས་དང་ལྡན། ལོ་དེའི་སྐབས་བརྒྱད་པའི་ཁམས་པའི་ཡུལ་སྐོར་རིག་གནས་དང་རྟ་རྒྱུག་དུས་ཆེན་གྱི་བྲིས་གཟུགས་བཤམ་སྟོན་དུ་ཞུགས་ཤིང་།   ཁོང་གིས་དུས་ཡུན་མང་ཙམ་སྤྱད་དེ་བྲིས་པའི་རིན་ཆེན་དོ་ཤལ་ཞེས་པའི་བྲིས་གཟུགས་སྣ་རིང་སྟེ། ལོ་པཎ་ཐོག་མ་སློབ་དཔོན་ཐོན་མི་ནས་ཉེ་རབས་ཀྱི་མཁས་དབང་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོའི་བར། བོད་ཀྱི་དུས་རབས་རིམ་བྱུང་གི་ས་དགེ་བཀའ་རྙིང་ཇོ་ནང་བོན་དང་བཅས་ཏེ།   རིས་མེད་ཀྱི་མཁས་དབང་དག་གི་གསུང་དུས་རབས་ཀྱི་སྔ་ཕྱི་ལྟར་བསྒྲིགས་ཏེ་སྨི་ཉི་ཤུ་ལྷག་བྲིས་ཡོད་པ་དེ་ཉིད་བཤམ་སྟོན་བགྱིས་པར། འབྲེལ་ཡོད་མི་སྣ་དང་གསར་ལམ་ཁག་ནས་ཀྱང་གདེང་འཇོག་མཐོན་པོ་གནང་། བྲིས་གཟུགས་སྣ་རིང་དེ་ཉིད་འཛམ་གླིང་ན་རྡོ་ཡི་སྙུ་གུས་བྲིས་པའི་བྲིས་གཟུགས་ཆེས་སྔ་ཤོས་དང་ཆེས་རིང་ཤོས་སུ་གྱུར་ཡོད་ཅིང་། ༢༠༡༥ལོའི་ཟླ༦ཚེས༥ཉིན་ཡུལ་ཤུལ་ཁུལ་དངོས་མང་བཤམ་སྟོན་ཁང་དུ་ཁུལ་རིམ་པས་བཤམ་སྟོན་དང་བསྡུ་ཉར་བྱས།



   གཞན་ཡང་ལོ་དེར། རྒྱལ་སྲས་ལག་ལེན་སོ་བདུན་མ་སྨི་ཉེར་བཞི་ལྷག་བྲིས་པ་ཡུལ་ཤུལ་ཁུལ་ནང་བསྟན་སློབ་གླིང་གིས་བསྡུ་ཉར་གནང་བ་དང་། རྨ་ལྷོ་ཁུལ་རེབ་གོང་སྒྱུ་རྩལ་བཤམ་སྟོན་ཁང་དུ་བརྩམས་ཆོས་དུ་མར་ཁུལ་རིམ་པས་བསྡུ་ཉར་བྱས།   ལོ་དེར་རྒྱལ་ཁབ་རིམ་པས་རྡོ་སྙུག་གསར་གཏོད་པའི་བདག་དབང་གནང་ཞིང་། ༢༠༡༦ལོར་མཚོ་སྔོན་ཞིང་ཆེན་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི་རུ་གྱུར་པ་དང་།   སྒ་སྐྱེ་དགོན་དོན་འགྲུབ་གླིང་གི་དགོས་འདུན་ལྟར།   སྐྱེ་དགོན་བྲིས་གཟུགས་བཤམ་སྟོན་ཁང་གི་དབུ་འབྱེད་དང་དོ་དམ་པའི་འགན་གཙོ་བོར་བཞེས།




索日·顿珠才仁简介


    索日·顿珠才仁结古寺僧人,青海省书法家协会会员。

1977年出生在康朵结古巴塘,在牛羊和骏马的嘶鸣声中,在无忧快乐的时光中,不觉不知的从一个聪慧的儿童成长为一个十七岁的少年。因前世业缘福报之机,1993年他有幸在结古东珠岭俄·勒登堪钦金刚持降央丁巴尼玛等座前受比丘戒律,从此在结古寺文化班内学习文化知识和仪轨实践、彩粉绘画、法号乐器的使用以及食子制作等四年之久。




1999年起他闭关修密持咒近六年,出关后因爱好所驱,拜堪布更尕桑波座前研习藏文书法,期间按寺院的安排担任执事三年,为寺院的时供和不同的仪轨念頌竭尽所能。研习八年,初有心得时索日·顿珠才仁携书法创作作品,参加了2007年玉树州书法和摄影家协会举办的书法比赛和玉树州举办的首届羊羔花藏文书法比赛,他在这些比赛中荣获奖项的同时,也得到很多前辈老师和艺术家们的精心教导,深深感受前辈艺术家对艺术创作的严格要求和对艺术追求的坚定信念,这使他更加加深了继续追求书法艺术的信念。为表明对藏文书法艺术的热爱与执着,索日·顿珠才仁克服重重困难,总结个人心得于2008年撰写并发行书法字帖《书法入门》,字帖的出版取得了社会广泛的认可和赞誉。



  先后分别收录和刊印在热加久美西然学院的《马加新笔》、热贡服务中心的《智慧岭》、《玉树州书法画册》、《桑梅》等书籍刊物中。此后他又陆续参加了在玉树、迪庆、昌都、黄南等地州举办的众多书法比赛,荣获了众多的奖励与荣誉。2011年起索日·顿珠才仁前往黄南州隆务大等寺院向前辈格西坐前求法,在热贡服务中心的安排下,被学院聘任为书法老师开始传道授业。每在寒假休息的时间,他总是回到故乡,与几个僧友一起开办书法补习班,义务为书法爱好者传授藏文书法艺术技艺。对他而言,期初学习书法出于爱好,但现在研习书法已是修行求法的一部分。




   现今社会已经进入信息社会,藏文书写也无可避免在这场科技浪潮中收到巨大冲击,在更为方便快捷的计算机录入面前,掌握手写藏文艺术,能写一笔好字的人越来越少了,如果任其发展下去的话,博达精深的藏文书法必将走向衰竭。对此他深感忧虑,为唤醒人们对藏文书法的重视,闭门谢客潜心创作,将藏族大贤们所作格言集《绿松石串》,手写为20多米长卷。将印度大德所作《格言三十九束》,创作为二十二米的藏文书法长卷,赠与热贡服务中心学院图书馆。举办了首届热贡服务中心学院书法展。2013年7月他的很多作品被玉树州八一职校收藏。与此同时,为发展藏文书法,他另辟蹊径,于2014年起自创石笔手写的书法,虽然石笔制造难度大,造价相对昂贵,但石笔笔尖硬实不损,墨汁不会侵染,写出来的字更加清秀丽人。




   在当年举办的第八届康巴旅游文化和赛马会书法展览上,他参展了潜心创作的作品,二十多米书法长卷《项链之宝》,《项链之宝》将吞弥萨波扎直至近代大贤夏东洛桑加措之间各个时期萨迦、噶举、宁玛、格鲁、觉囊及笨教传承中诞生的贤明大德们的生卒及格言选粹,按先后顺序书写下来,无论书写的内容或作品自身的艺术价值得到有关专家以及相关媒体的高度的评价,成为全世界唯一一部用石笔书写的最长的书法作品。《项链之宝》于2015年6月5日由玉树州博物馆以州级收藏品正式收藏,当年书写的长达24米的《佛子行三十七頌》被州佛教学院收藏,黄南州热贡艺术博物馆又收藏他的了部分作品,同年他得到国家级矿石笔发明专利权,担任结古寺书法展会的主编及主要负责人。索日·顿珠才仁以笔为道浸墨人生,在青灯法号的清净中,躬耕着一位当世艺僧的修行之路。















ཡིག་གཟུགས་བརྩམས་ཆོས་གསར་བ།书法新作大观མཚན་སྙན་དང་གཟེངས་རྟགས།荣誉称号


ཡིག་གཟུགས་སྤྱི་གཉེར་ཁང་དང་ཡིག་གཟུགས་ཀྱི་ལས་དོན་སྒྲུབ་བཞིན་པའི་གནས་ཚུལ།

书法公司及其相关工作剪影