收藏本站
我的资料
   
查看手机网站
གསར་འགྱུར།新闻中心སྤྱི་བསྒྲགས།公告ཀླུ་ཆུའི་ཆེད་སྒྲིག碌曲专栏ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

ཕུར་བུ་ཚེ་རིང་།

 二维码 2779
发表时间:2015-12-25 01:04作者:ཡིག་གཟུགས་པ་རང་ཉིད། རྩོམ་སྒྲིག་པ།来源:བོད་ཀྱི་ཡིག་གཟུགས་དྲ་བ།网址:http://www.zgzzsfw.com

 ཕུར་བུ་ཚེ་རིང་།   ༡༩༧༩ལོར་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དགའ་བའི་སྡོང་པོར་བྱ་བའི་ཡན་ལག་པ་ཞོལ་གྲོང་དུ་སྲིད་པའི་འཇིག་རྟེན་འདི་དང་ངོ་ཐུག    ༡༩༩༧ལོར་གཞིས་རྩེ་འབྲིང་རིམ་ཆེད་ལས་དགེ་འོས་སློབ་གྲྭ་ནས་མཐར་ཕྱིན།    ད་ཆ་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དཔའ་རྩལ་སློབ་ཆུང་དུ་དགེ་རྒན་གྱི་ལས་བགྱི་ལ་རོལ། དེ་ཡང་སློབ་ཆུང་སྐབས་དྲིན་ཅན་དགེ་བའི་བཤེས་གཉེན་དྲུང་ནས་བོད་ཡིག་གཟུགས་ཀྱི་རྩ་བའི་རྨང་གཞིའི་ས་བོན་དེ་བཏབ་ཅིང་། དུས་དེ་ནས་དེར་དུངས་པའི་དད་མོས་དང་དགའ་བའི་མེ་ཏོག་ཅིག་ཅར་དུ་བཞད།  དེ་རྗེས་སློབ་འགྲིམ་གྱི་ཞར་ཞོར་དུ་བོད་ཡིག་གཟུགས་སྐོར་ལ་ཞིབ་འཇུག་དང་འབད་པ་དང་དུ་ལེན།  དེ་བཞིན་ལས་ཞོར་གྱི་བར་གསེང་དུ་རིམ་ཁག་གི་རྒྱ་བོད་ཡིག་གཟུགས་འགྲན་སྡུར་སྣ་ཚོགས་ལ་ཞུགས་མྱོང་བ་མ་ཟད་ཕུལ་བྱུང་གི་གཟེངས་རྟགས་ཀྱང་མི་ཉུང་བ་ཞིག་ཐོབ་ཡོད།   མིག་སྔར་ཁོང་གི་རྒྱ་ཡིག་གཟུགས་དང་། བོད་ཡིག་གི་འབྲུ་ཚ་གཟུགས།  དབུ་ཅན་གཟུགས།  ཚུགས་ཐུང་ཚུགས་རིང་གཟུགས།  འཁྱུག་ཡིག་སོགས་ལ་རྒྱ་ཆེའི་ཡིག་མཁན་རྣམ་པ་དང་།ཆེད་ལས་མཁས་དབང་ཚོའི་ཚད་མཐོའི་གདེང་འཇོག་ཐོབ་ཡོད།