ཡིག་བྲིས་པ་ཉི་མ་དོན་གྲུབ་ནི། སྨྱུག་མིང་གཙང་གསེར་སྨྱུག སྤྱི་ལོ་༡༩༨༩ལོའི་རྒྱལ་ཟླ་བའི་ཡར་ཚེས་རྫོགས་པ་དང་པོ་ལ་གཙང་ཡུལ་ལྷོ་ཕྱོགས་ལྷུན་གྲུབ་སྟག་རྩེ་རྫོང་ངམ་དེང་སང་གམ་པ་རྫོང་གམ་པ་གྲོང་རྡལ་དུ་ཡབ་རྡོ་རྗེ་དང་ཡུམ་དབྱངས་འཛོམས་གཉིས་ལས་ལྟེ་ཁྲག་འཕོས། ཆུང་དུས་ནས་ཡབ་ཀྱི་མདུན་ནས་འབྲི་ཀློག་སྦྱང་། ༡༩༩༦ལོར་ལོ་དྲུག་རིང་རྫོང་སློབ་ཆུང་དུ་སློབ་སྦྱོང་བྱས། ༢༠༠༢ལོར་ལོ་གསུམ་རིང་རྫོང་སློབ་འབྲིང་དུ་སློབ་སྦྱོང་བྱས། ༢༠༠༥ལོ་ནས་སློབ་འབྲིང་ཐོན་སྟེ་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭར་རྒྱུགས་འཕྲོད་ནས་ལོ་ལྔའི་རིང་ལྷ་ས་དགེ་འོས་སློབ་གྲྭ་རུ་སློབ་སྦྱོང་བྱས། དུས་དེ་ནས་བཟུང་ལོ་གཉིས་རིང་བོད་ཡིག་ཆེད་ལས་སློབ་སྦྱོང་བྱས་ལ། ༢༠༡༠ལོར་སློབ་ཐོན་བྱུང་ནས་ལོ་གསུམ་རིང་བོད་ལྗོངས་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་གི་རྫོང་སློབ་ཆུང་དུ་དགེ་རྒན་གྱི་ལས་གནས་ལ་གཞོལ། དེ་ནས་༢༠༡༣ལོར་བོད་ལྗོངས་གཞི་རྩེ་གྲོང་ཁྱེར་གམ་པ་རྫོང་འགྲིག་ཤང་སློབ་ཆུང་དུ་ལས་སྒྱུར་བྱས། ད་ལྟ་རྫོང་སློབ་དཔྱོང་ཁང་དུ་ཕྱག་ལས་གནང་བཞིན་ཡོད། རང་མི་རིགས་ཀྱི་སྐད་དང་ཡི་གེ་ལ་ཅི་ནུས་ཀྱི་སྲི་ཞུ་ཙམ་སྒྲུབ་བཞིན་མཆིས་སོ།།
|