设为首页 | 收藏本站
 
新闻中心གསར་འགྱུར།公告སྤྱི་བསྒྲགས།古籍收藏གནའ་དཔེ་ཉར་ཚགས།书法艺术ཡིག་གཟུགས་སྒྱུ་རྩལ།书法常识ཤེས་བྱའི་ཟེགས་མ།论  文དཔྱད་རྩོམ།集体展厅ཐུན་མོང་འགྲེམ་སྟོན་ཁང་།地区展厅ས་ཁུལ་འགྲེམ་སྟོན་ཁང་།书法名家ཡིག་གཟུགས་མཁས་དབང་།书法家ཡིག་གཟུགས་མཁན་པོ།书法达人ཡིག་གཟུགས་བྲིས་ཆེན།书法新秀ཡིག་གཟུགས་བྲིས་ཆུང་།书法爱好者ཡིག་གཟུགས་དགའ་ཞེན་པ།女性书法展厅སྐྱེ་མའི་ཡིག་གཟུགས།校园展厅སློབ་རའི་འགྲེམ་སྟོན་ཁང་།书法日专题ཡིག་གཟུགས་དུས་ཆེན་ཆེད་སྒྲིག视频教程བརྙན་གཟུགས་དཔེ་ཁྲིད།书法讲堂འཆད་ཁྲིད་དོ་ར།字帖ཡིག་གཟུགས་ཀ་དཔེ།学习资料བསླབ་དེབ།古近代名家གནའ་ཉེ་རབས་ཡིག་མཁན།现代名家དེང་རབས་ཡིག་མཁན།团体推介སྡེ་ཁག་འོས་སྦྱོར།ཡི书法企业ག་གཟུགས་ཁེ་ལས།文件下载ཡིག་ཆ་ཕབ་ལེན།其它下载སྣ་ཚོགས་ཕབ་ལེན།

འཇིགས་མེད་ཆོས་དར།

 二维码 3677
发表时间:2024-11-18 16:27作者:ཡིག་གཟུགས་པ་རང་ཉིད། རྩོམ་སྒྲིག་པ།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།网址:http://www.zgzzsfw.com

    འཇིགས་མེད་ཆོས་དར་ལགས་ནི། ༡༩༦༩ལོའི་ཧོར་ཟླ་༢ཚེས་༡༨ཉིན་མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་དཔའ་ལུང་རྫོང་ཐོ་གྱ་ཡུལ་ཚོ་བཱེ་གྱ་སྐྱིད་སྡེ་བ་རུ་སྐྱེས།   ༡༩༧༤ལོའི་ཧོར་ཟླ་༨པའི་ནང་སྡེ་དམངས་སློབ་ཆུང་དུ་ཞུགས་ནས་རྒྱ་བོད་ཡིག་རིགས་སོགས་ལ་སྦྱངས། ༡༩༨༢ལོའི་ཧོར་ཟླ་༩ཚེས་༢༢ཉིན་བཱེ་གྱ་དགོན་དུ་ཆོས་སྒོར་ཞུགས་ཤིང་། ༡༩༨༨ལོའི་བར་དུ་གྲྭ་ཚང་དེ་གའི་འདོན་རྟ་དབྱངས་ཆོ་ག་ཆོས་སྤྱོད་ཀྱི་རིགས་ལ་གང་ལེགས་ཤིག་སྦྱངས། ༡༩༨༩ལོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཡོང་ནས་བཤེས་གཉེན་དམ་པ་དུ་མ་ལས་གཟབ་གཤར་ཡིག་རིས་སྣ་ཚོགས་ལ་དཔྱིས་ཕྱིན་པར་སྦྱངས། ༡༩༩༤ལོར་བླ་བྲང་དགོན་པའི་རྨད་བྱུང་ཐོས་བསམ་གླིང་དུ་ཚོགས་ཞུགས་བྱས། ༢༠༠༣ལོར་ཕར་ཕྱིན་སྟོན་མོའི་དམ་བཅའི་སྐལ་བ་མངོན་པར་ཐོབ། ༡༩༩༩ལོའི་ཟླ་༦པའི་ཚེས་༥ནས་༢༠༡༡ལོའི་ཟླ་༥ཚེས་༡༥པར་ཀན་སུའུ་ཞིང་ཆེན་ནང་བསྟན་སློང་གྲྭའི་ན་གཞོན་སྤྲུལ་སྐུའི་རིག་གནས་སློབ་སྦྱོང་འཛིན་གྲྭའི་ཡིག་གཟུགས་དགེ་རྒན་གྱི་འགན་འཁུར་དང་དུ་བླངས། གཞན་ཡང་ཁོམ་ལོང་ནམ་ཡོད་ཀྱི་དུས་ཚོད་བེད་སྤྱད་ནས་ཕྱོགས་འདུས་ཀྱི་གྲྭ་སློབ་མང་བོ་ལ་ཡིག་གཟུགས་སྣ་ཚོགས་ཁྲིད་པའི་ཁོས་ག་ཡང་སྦྱོང་མུས་སུ་བཞུགས། ༢༠༡༢ལོའི་ཟླ་༩བར་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭའི་ཡིག་གཟུགས་དགེ་རྒན་བྱེད་པའི་སྐལ་བ་ཐོབ་བོ། །   ༢༠༡༤ལོའི་ཟླ་༡༠ཚེས་༡ནས་བླ་བྲང་ཐང་ག་རིག་གནས་གླིང་གི་ཡིག་གཟུགས་དགེ་རྒན་དུ་གདན་ཞུ་བྱས། ༢༠༡༥ལོའི་ཟླ་༦པའི་ཚེས་༡༣ནས་བླ་བྲང་དགོན་པའི་རིག་གནས་སྦྱོང་བརྡར་འཛིན་གྲྭའི་ཡིག་གཟུགས་དགེ་རྒན་དུ་གདན་ཞུ་བྱས།


2024久美曲达夏河 (1).jpg



2024久美曲达夏河 (3).jpg



2024久美曲达夏河 (4).jpg



2024久美曲达夏河 (6).jpg



2024久美曲达夏河 (7).jpg



2024久美曲达夏河 (5).jpg



2024久美曲达夏河 (2).jpg




上一页 1 2 3 下一页