收藏本站
我的资料
   
查看手机网站
གསར་འགྱུར།新闻中心སྤྱི་བསྒྲགས།公告ཀླུ་ཆུའི་ཆེད་སྒྲིག碌曲专栏ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

བན་དེ་ཚེ་རིང་།

 二维码 1316
发表时间:2017-09-21 22:19作者:ཡིག་གཟུགས་པ་རང་ཉིད། རྩོམ་སྒྲིག་པ།来源:བོད་ཀྱི་ཡིག་གཟུགས་དྲ་བ།网址:http://www.zgzzsfw.com


   བྲིས་པ་བན་དེ་ཚེ་རིང་ནི་སྤྱི་ལོ1982ལོར་མདོ་སྨད་གཙོས་གྲོང་ཁྱེར་ཁ་གྱ་སྟོད་དུ་སྐྱེས། ད་ལྟ་གཙོས་གྲོང་ཁྱེར་ཁྲིམས་འཛིན་ཅུས་སུ་བྱ་བ་གཉེར་ཞོར་ཏུ་གཙོས་གྲོང་ཁྱེར་རིག་རྩལ་ལྷན་ཚོགས་ཀྱི་ཚོགས་མི་དང་ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པའི་འགན་ཁུར་ཞོར་བྱས་ཡོད།

   ལོ་ན་ཆུང་དུས་ནས་སློབ་གྲྭ་འགྲིམ་པའི་སྐལ་བ་ལྡན། 1995ལོ་ནས་བཟུང་ཡིག་གཟུགས་བློ་གསལ་སྤྱི་ནོར་གཙོ་བྱས་པའི་ཚད་ལྡན་གྱི་བྲིས་རྒྱུན་དག་ལ་དཔེ་བྱས་ཏེ་སྦྱངས་པ་ནན་ཏན་བྱས་ཤིང་། གྲུབ་འབྲས་ཀྱང་ཅུང་ཟད་ཐོབ། ལོ་འདི་འགར་ཁུལ་དང་ཞིང་ཆེན། རྒྱལ་ཡོངས་རིམ་པ་བཅས་ཀྱི་འགྲན་སྡུར་ཆེ་ཆུང་གང་མང་ལ་ཞུགས་ཏེ་བྱ་དགའ་ཐོབ་པ་ལས་རེ་འགའ་དྲངས་ན། 2016ལོར་སྐབས་གཉིས་པའི་རྒྱལ་ཡོངས་སྲ་སྨྱུག་ཡིག་གཟུགས་འགྲན་སྡུར་ཁྲོད་ཨང་བཞི་བའི་བྱ་དགའ་ཐོབ། 2016ལོའི་ཟླ་4བར་ཀན་སུའུ་ཞིང་ཆེན་སྲིད་ཁྲིམས་ཐེན་གྱིས་གཙོ་བསྒྲུབས་མཛད་པའི་ཡིག་གཟུགས་འགྲན་སྡུར་ཁྲོད་ཕུལ་བྱུང་བྱ་དགའ་ཐོབ། ལོ་དེའི་ཟླ་6པར་ཐོན་མིའི་ཡིག་རྒྱུན་སྐབས་དང་བོའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དྲ་ཐོག་འགྲན་སྡུར་ཆེན་མོའི་ཁྲོད་དབུ་ཅན་སྐོར་གྱི་ཨང་བཞི་བའི་བྱ་དགའ་ཐོབ།  ཡིག་གཟུགས་བརྩམས་ཆོས་འགའ་2016ལོའི་སྦྲང་ཆར་དེབ་དང་བོ་དང་2016ལོའི་ཟླ་ཟེར་དེབ་གསུམ་པའི་སྟེང་དུ་བཀོད། ཀན་སུའུ་ཞིང་ཆེན་དགེ་འོས་སློབ་ཆེན་དང་མཚོ་སྔོན་མི་རིགས་སློབ་ཆེན་སོགས་ཀྱིས་ཡིག་གཟུགས་བརྩམས་ཆོས་འགའ་རེ་ཉར་ཚགས་བྱས་ཡོད། 2016ལོར་ཡབ་རྗེ་བླ་མ་༧བསེ་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་མཆོག་དགུང་གྲངས་བརྒྱད་ཅུར་བཞེས་པའི་དུས་སྟོན་སྐབས་སུ་ཡིག་གཟུགས་ཀྱི་ལམ་ནས་བརྟན་བཞུགས་འབུལ་བའི་སྐལ་བ་ལྡན་པ་དང་སྐབས་དེར་ཁོང་གིས་གུས་ཕྲན་བདག་ལ་ཁོམ་པ་རེ་ཡོད་དུས་སློབ་མ་སྐྱོངས་ཞེས་བཀའ་གསུང་མེ་ཏོག་གི་ཕྲེང་བ་བསྩལ། ད་ལྟ་ལས་ཀའི་ཞོར་ཏུ་རང་ཁྱིམ་ནས་སློམ་མ་རེ་གཉིས་ལ་ཡིག་གཟུགས་ཁྲིད་བཞིན་ཡོད།

    ལོ་འདི་འགར་སྔ་རྗེས་སུ་ནང་བསྟན་དགོན་སྡེ་དང་སློབ་གྲྭ། རོང་འབྲོག་སྡེ། མི་སྒེར་བཅས་ཀྱི་འདོད་མོས་བཞིན་ཕལ་ཆེར་བརྩམས་ཆོས་400ལྷག་བྲིས་ཤིང་རིན་མེད་དུ་བྱིན།