收藏本站
我的资料
   
查看手机网站
གསར་འགྱུར།新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

བསོད་ནམས་ཚེ་རིང་།

 二维码 814
发表时间:2017-05-16 13:44作者:ཡིག་གཟུགས་པ་རང་ཉིད། རྩོམ་སྒྲིག་པ།来源:བོད་ཀྱི་ཡིག་གཟུགས་དྲ་བ།网址:http://www.zgzzsfw.com

ཀན་ལྷོའི་ཡིག་གཟུགས་པ་བསོད་ནམས་ཚེ་རིང་།

  བསོད་ནམས་ཚེ་རིང་ནི་བསང་ཆུ་རྗོང་ཁོ་ཚེ་ཞང་ཁོ་ཚེ་ལྷ་སྡེ་རུ་1970ལོའི་ཟླ་5བའི་ཚེས་20ཉིན་སྐྱེས། ཆུང་དུས་ནས་ཁོ་ཚེ་སློབ་ཆུང་ནས་ཡི་གེ་འབྲི་ཀློག་ཐོག་མར་སྦྱངས། སློབ་ཆུང་ལོ་རིམ་གསུམ་པ་ནས་བཟུང་ཞང་བོ་འཇམ་དབྱངས་ཤེས་རབ་ལས་ཡིག་གཟུགས་དབུ་ཅན་དང་དབུ་མེད་འབྲི་སྲོལ་ཐོག་མར་བསླབ། བསང་ཆུ་རྫོང་བོད་རིགས་སློབ་འབྲིང་དུ་སློབ་གཉེར་བྱེད་བཞིན་པའི་སྐབས་སུ། ཞོར་དུ་ལོ་ལྔ་དང་ཕྱེད་ཀྱི་རིང་ལ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་འཇམ་པའི་དབྱངས་གུང་ཐང་བསྟན་པའི་དབང་ཕྱུག་འཇིགས་བྲལ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེའི་དྲུང་ཡིག་ཆེན་མོ་དགེ་བའི་བཤེས་གཉེན་རྗེ་ངག་དབང་རྒྱ་མཚོའི་དྲུང་ནས་དབུ་ཅན་དབུ་མེད་ཀྱི་འབྲི་སྟངས་ལ་རིམ་པ་ལྟར་སྦྱངས།

  1990ལོར་གཙོས་མི་རིགས་དགེ་ཐོན་ཆེད་གཉེར་སློབ་གྲྭར་ཞུགས། དེའི་ཞོར་ལ་རྒན་སངས་རྒྱས་བཀྲ་ཤིས་ཀྱི་མདུན་ནས་ལོ་བཞི་ལྷག་ལ་ཡིག་གཟུགས་ཁྲིད་སྦྱོང་དང་ལས་བྱ་སྤྲད།

  1993ལོར་གཙོས་བོད་རིགས་སློབ་འབྲིང་དུ་དགེ་རྒན་གྱི་ལས་གནས་བགོས། དམའ་འབྲིང་དང་མཐོ་འབྲིང་ལ་སྐད་ཡིག་སློབ་ཁྲིད་བྱས་ནས་ད་བར་དུ་ལུས།

  ལོ་འདི་དག་གི་རིང་ལ་ཡིག་གཟུགས་འགྲན་སྡུར་ཁྲོད་རྒྱལ་ཁབ་རིམ་པའི་བྱ་དགའ་གསུམ་དང་ཁུལ་རིམ་པའི་བྱ་དགའ་བཅུ་ལྷག་བཅས་ཐོབ་ཡོད། ད་ལྟ་ཀན་སུའུ་ཞིང་ཆེན་ཡིག་གཟུགས་མཐུན་ཚོགས་ཀྱི་ལས་འཛིན་དང་ཚོགས་མི། དཔྱད་བརྗོད་པ་བཅས་ཡིན། སྐད་ཡིག་དགེ་རྒན་ཆེན་མོ་གཞོན་པའི་ལས་ཐོབ་ཡོད་ཅིང་དཔྱད་རྩོམ་གསུམ་ཙམ་སྤེལ། ༼  ཡིག་གཟུགས་དང་མི་གཤིས། ༽  ཞེས་པ་མཚོ་སྔོན་གླེང་སྟེགས་སུ་བརྙན་སྒྲོན་བྱས།