བོད་ཀྱི་ཡིག་གཟུགས་པ་མགོན་པོ་ཚེ་བརྟན།
ཁོང་༡༩༧༢ལོར་རེབ་གོང་རྫོང་བསེ་ཆུ་མ་སྡེ་བར་སྐྱེས། ༡༩༩༢ལོར་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་བྱ་བའི་ལས་གནས་སུ་ཞུགས་པ་དང་། སྔ་རྗེས་སུ་རྨ་ལྷོ་སོག་རྫོང་གི་ཉིན་མཐའ་ཞང་དང་མདོ་གསུམ་ཞང་། སོག་རྫོང་མི་རིགས་སློབ་འབྲིང་སོགས་སུ་དགེ་རྒན་གྱི་བྱ་བ་གཉེར། ༡༩༩༧ལོ་ནས་༢༠༠༠ལོའི་བར་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་སྡེ་ཁག་དུ་རྫས་འགྱུར་རིག་པའི་ཆེད་ལས་ལ་སྦྱང་བ་བྱས། སློབ་སྦྱོང་དང་བྱ་བའི་ཞོར་དུ་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ལ་ཞིབ་འཇུག་དང་སྦྱོང་བ་ཟམ་མ་ཆད་པར་བྱས་མྱོང་པ་དང་། སློབ་ཁྲིད་ཀྱི་བར་གསེང་ནས་ཡིག་གཟུགས་ལ་སྤྲོ་སྣང་ཆེ་བའི་སློབ་བུ་མང་པོར་ཡིག་རིས་སྣ་ཚོགས་ཀྱི་སློབ་ཁྲིད་དང་མཛུབ་སྟོན་བྱས་ཏེ་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་འཕེལ་རྒྱས་ཐད་ནུས་ཤུགས་གང་ཡོད་བཏོན་མྱོང་། ད་ལྟ་རྨ་ལྷོ་ཁུལ་ཡིག་མཁན་མཁས་པའི་མཐུན་ཚོགས་གྱི་ལས་འཛིན་པ་ཡིན་ཞིང་། མ་འོངས་པའི་ལོ་ཟླའི་ནང་དུའང་བོད་ཀྱི་ཡིག་རིས་སྒྱུ་རྩལ་ལ་མུ་མཐུད་དུ་སློབ་སྦྱོང་དང་ཞིབ་འཇུག་བྱས་ཏེ་མེས་པོའི་ཤུལ་བཞག་རིག་གནས་རྩ་ཆེན་འདི་ཉམས་པ་སོར་ཆུད་དང་མ་ཉམས་པ་གོང་འཕེལ་གཏོང་བའི་ལས་སུ་རང་ཉིད་ཀྱི་ཡོད་ཚད་འབུལ་བའི་དམ་བཅའ་བརྟན་པོ་ཡིད་ལ་བཅངས་ཡོད་དོ།
འགྲེམ་སྟོན་ཁང་གི་བརྩམས་ཆོས་བརྗེས་ན་འདི་མནོན།
|