收藏本站
我的资料
   
查看手机网站
གསར་འགྱུར།新闻中心སྤྱི་བསྒྲགས།公告ཀླུ་ཆུའི་ཆེད་སྒྲིག碌曲专栏ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

བོད་ཀྱི་ལཉྫ་དང་ཝརྟུའི་ཡིག་མཛོད་ཐོག་མ་ཀྲུང་གོ་བོད་ཀྱི་དྲ་བས་བཟོ་སྐྲུན་བྱས་པ།

 二维码 3480
发表时间:2016-12-21 13:13作者:འདི་གའི་རྩོམ་སྒྲིག་པས།来源:བོད་ཀྱི་ཡིག་གཟུགས་དྲ་བ།

    བོད་ཀྱི་ལྷ་རིས་སྒྱུ་རྩལ་བ་དང་བོད་ཀྱི་ཡིག་གཟུགས་པ་ཆེན་མོ་རྒན་ཆོས་འཁོར་བསྟན་འཛིན་ལགས་ཀྱི་ཐུགས་བསྐྱེད་དང་སྨོན་ལམ། ཟབ་རྒྱས་མཁྱེད་དཔྱོད་དང་། མཚན་ལྡན་བཤེས་གཉེན་དམ་པའི་མཛད་བཟང་གི་བཀའ་དྲིན་ལས་བོད་ཀྱི་ཡིག་གཟུགས་དྲ་བའི་གཙོ་གཉེར་བ། ཀན་ལྷོའི་བྲིས་པ་རྟ་མགྲིན་མགོན་པོ་ལགས་ལ་ལཉྫ་དང་ཝརྟུའི་ཡིག་གཟུགས་གཉིས་ལ་སློབ་གཉེར་ཞིབ་ཙམ་བྱེད་པའི་གོ་སྐབས་རྙེད་ཅིང་། ལོ་ངོ་གཉིས་ཀྱི་རིང་གི་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་ལཉྫ་དང་ཝརྟུའི་ཡིག་གཟུགས་གཉིས་ལ་སྦྱངས་བ་མི་དམན་པ་བྱས་བའི་རྨང་གཞིའི་སྟེང་།  དེང་གི་དུས་འདིར་བོད་རང་གི་ཡིག་གཟུགས་སྒྱུ་རྩལ་དེང་རབས་ཆ་འཕྲིན་ཅན་ཏུ་འཕེལ་རྒྱས་གཏོང་བའི་དུས་རིམ་ཁྲོད་ལཉྫ་དང་ཝརྟུ་གཉིས་ལ་གློག་ཀླད་ཡིག་མཛོད་ཀྱི་ཆ་ནས་སྟོང་བར་ལུས་བའི་མིག་སྔའི་གནས་ཚུལ་འོག  བོད་ཀྱི་ཡུལ་ཕྱོགས་སོ་སོའི་གནའ་དཔེ་གློག་རྡུལ་ཅན་དུ་བསྒྱུར་བའི་ལས་དོན་དང་། གནའ་དཔེ་དང་གཞུང་ཆེན་དག་གི་མཆོད་བརྗོད་སོགས་གློག་ཀླད་ཀྱི་ལམ་ནས་སཾ་བོད་ཤན་སྦྱར་གྱི་སུམ་རྐང་སྒྲིག་སྦྱོར་དཀའ་བའི་གནད་དོན་སོགས་སེལ་ཕྱིར། ལཉྫ་དང་ཝརྟུ་གཉིས་ལ་གློག་ཀླད་ཡིག་མཛོད་ཆ་ཚང་གསར་བཟོ་བྱེད་རྒྱུའི་ཆོད་སེམས་དང་ཡིད་ཆེས་རྙེད།  

   དེ་བས་ཁོང་དགེ་སློབ་གཉིས་ནས་ལོ་ངོ་གཉིས་ཀྱི་རིང་ཟས་བརྗེད་གཉིད་བཅགས་ཀྱི་དཀའ་ལས་དང་དུ་བླངས་ནས་བླ་བྲང་བཀྲ་ཤིས་འཁྱིལ་ཀྱི་དཔང་ལོའི་ཕྱག་རྒྱུན་གྱི་ལཉྫ་དང་ཝརྟུའི་མ་ཕྱི་དང་། ཀུན་མཁྱེན་འཇིགས་མེད་དབང་བོའི་ལཉྫ་དང་ཝརྟུའི་ཕྱི་མོ་གཉིས་གཞི་བྱས་ཐོག   སྐུ་འབུམ་དང་སྡེ་དགེའི་དཔར་གཞི་སོགས་ཀྱི་བྲིས་རྒྱུན་ཁུངས་ལྡན་ལ་དཔྱད་ཞིབ་མཛད་དེ། 2014ལོ་ནས་བཟུང་ལཉྫ་དང་ཝརྟུའི་གློག་ཀླད་ཡིག་མཛོད་གསར་བཟོའི་ལས་གཞི་མགོ་བཙུགས།

     ལས་གཞིའི་ཐོག་མའི་འཆར་གཞི་ལྟར་ད་ལྟ་ལཉྫའི་གློག་རྡུལ་ཡིག་མཛོད་དང་སུམ་རྐང་གི་པ་ཊའི་རི་མོ་སྣ་ཚོགས་དང་བཅས་པ་ཡོངས་སུ་རྫོགས་པ་ལེགས་འགྲུབ་བྱུང་ཡོད་པར་མ་ཟད།  ཐོག་མའི་ཞིབ་བཤེར་དང་ཚོད་ལྟའང་བདེ་བླགས་ངང་འགྲུབ། གཞན་ཝརྟུའི་ཡིག་མཛོད་གསར་བཟོ་ལ་མ་ཕྱི་ཡིག་གྲངས་ཉིས་སྟོང་ལྷག་དཔེ་རིས་ཅན་ལ་བསྒྱུར་བའི་གོ་རིམ་དང་། ཨང་རྟགས་སྒྲིག་འཛུགས་ཀྱི་གོ་རིམ་སོགས་ལས་གཞི་ཡོངས་ཀྱི་བརྒྱ་ཆ་བདུན་ཅུ་དོན་ལྔའི་བྱ་བ་ལེགས་འགྲུབ་བྱུང་ཡོད།

    ཚོད་དཔག་ལྟར་ན་ལོ་རྗེས་མའི་ནང་བྱ་བ་ཡོངས་རྫོགས་མཇུག་སྒྲིལ་ཐུབ་པའི་གདེང་ཚོད་དང་ཡོད་པ་མ་ཟད། མ་འོངས་བརwordདང་Psསོགས་མཉེན་ཆས་གང་རུང་གི་སྟེང་དུ་ལཉྫ་དང་ཝརྟུ་གཉིས་ཀྱང་ཡིག་གཟུགས་གཞན་པ་དང་འདྲ་བར་གང་འདོད་ལྟར་ཐག་གཅོད་བྱ་ཐུབ་པས། ཡིག་མཛོད་བརྗེ་པ་ཙམ་གྱིས་སྔགས་ཡིག་དང་ལཉྫ།  ཝརྟུ་གསུམ་སྟབས་བདེའི་ངང་ཕན་ཚུན་བརྗེ་བསྒྱུར་བྱ་ཐུབ་སྐད།

   

     ཡིག་གཟུགས་ཀྱི་ཁུངས་གཏུག་ས། བླ་བྲང་བཀྲ་ཤིས་འཁྱིལ་ཀྱི་དཔང་ལོའི་ལཉྫ་དང་ཝརྟུའི་ཕྱི་མོ།

                     ཀུན་མཁྱེན་འཇིགས་མེད་དབང་བོའི་ལཉྫ་དང་ཝརྟུའི་ཕྱི་མོ།

                     སྐུ་འབུམ་སོགས་ཀྱི་བྲིས་རྒྱུན་ཁུངས་ལྡན་མ་ཕྱི།

   སྤྱིའི་ཡིག་གཟུགས་པ།  བོད་ཀྱི་ལྷ་རིས་པ་དང་ཡིག་གཟུགས་པ་ཆེན་མོ་ཆོས་འཁོར་བསྟན་འཛིན་རྒྱ་མཚོ།

   གློག་ཀླད་ཡིག་མཛོད་བྱ་རིམ་སྒྲིག་བཟོ་བ་དང་ཡིག་མཛོད་དཔེ་རིས་པ། རྟ་མགྲིན་མགོན་པོ།

   ལག་རྩལ་གཞོགས་འདེགས་ལས་ཁུངས། ནོར་འཛིན་མུ་འབྲེལ་བརྡ་འཕྲིན་ཞབས་ཞུ་འགན་འཁྲིད་ཚད་ཡོད་ཀུང་སི།

                     ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།


དམིགས་བསལ་གློག་ཀླད་ཡིག་མཛོད་དཔེ་གཞི།