收藏本站
我的资料
   
查看手机网站
其他帐号登录: 注册 登录
གསར་འགྱུར།新闻中心སྤྱི་བསྒྲགས།公告ཀླུ་ཆུའི་ཆེད་སྒྲིག碌曲专栏ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

འཇུ་སྨད་བསོད་ནམས་མཚོ་མོ།

 二维码 1948
发表时间:2016-12-14 22:41作者:འཇུ་སྨད་བསོད་ནམས་མཚོ་མོ།来源:བོད་ཀྱ་ཡིག་གཟུགས་དྲ་བ།


   རང་མིང་འཇུ་སྨད་བསོད་ནམས་མཚོ་མོ། དྲ་མིངཡར་ཀླུང་སྨིན་དྲུག  ལྷོ་ཁ་ལས་རིགས་ལག་རྩལ་སློབ་གྲྭའི་དགེ་རྒན་ཆེན་མོ་སྐུ་གཞོན། ཆེད་ལས། ཀྲུང་གོ་གྲངས་ཉུང་མི་རིགས་ལོ་རྒྱུས་ནང་ཚན་བོད་ཀྱི་ལོ་རྒྱུས།

    ༢༠༠༠ལོར་ཉིང་ཁྲི་ཞིང་འབྲོག་སློབ་ཆེན་ནས་ཐོན༢༠༠༧ནས་༢༠༡༠བར་བོད་ལྗོངས་སློབ་ཆེན་རིག་རྩལ་སློབ་གླིང་དུ་ཤེས་རམས་པའི་འཛིན་གྲྭར་ཞུགས་ནས་བོད་ཀྱི་ལོ་རྒྱུས་སྦྱངས་པ་དང་མཁས་དབང་འཕྲིན་ལས་ཆོས་གྲགས་ལགས་ཀྱི་སྐུ་མདུན་ནས་བོད་ཀྱི་དམངས་སྲོལ་ལ་སློབ་གཉེར་བྱས།

     སློབ་ཆུང་སྐབས་དེ་སྔ་སྨིན་གྲོལ་གླིང་དགོན་གྱི་དགེ་འདུན་གནང་ཡོང་བའི་རྒན་དོན་གྲུབ་རྒྱ་མཚོ་ལགས་ཀྱི་མཛུབ་སྟོན་འོག་ཡིག་གཟུགས་ལ་འཇུག་པའི་ཐོག་མའི་བློ་སྒོ་ཕྱེ་སྟེ་སྦྱངས་ཤིང་སྟེང་ལོ་གསུམ་རིང་ཡིག་གཟུགས་ལ་སློབ་གཉེར་བྱས། ཡིད་ཕངས་པར་ཕྱི་ནང་གི་རྐྱེན་དུ་མའི་དབང་གིས་ལོ་མང་རིང་ཡིག་གཟུགས་སྦྱངས་ཐུབ་མ་སོང་། སྤྱི་ལོ་༢༠༡༦ལོ་ནས་བཟུང་ལྷོ་ཁའི་ཡིག་མཁན་རྒན་འཇུ་ཡེ་ཤེས་ཚུལ་ཁྲིམས་དང་། ལོ་ཆེན་ཡི་གེའི་ཤུལ་འཛིན་སྨིན་གྲོལ་གླིང་མཁན་པོ་ཡོན་ཏན་བཀྲིས་ལགས། ལྷོ་ཁའི་ཡིག་མཁན་བསོད་ནམས་བསྟན་འཛིན་ལགས། མདོ་སྨད་ཀྱི་རྒན་ཀུན་བཟང་དོན་གྲུབ་བཅས་ཀྱི་དྲུང་ནས་གཞུང་བྲིས་ཚུགས་ཆེན་དང་ཚུགས་ཐུང་། འཁྱུག ལོ་ཆེན་ཡི་གེ  འབྲུ་ཚ་བཅས་ལ་སྦྱངས་བརྩོན་བྱེད་མུས་ཡིན་ནོ།།

 ཡིག་གཟུགས་སྦྱངས་པའི་ལོ་གཅིག་ནང་སྔ་རྗེས་སུ ༢༠༡༦ ལོའི་ཡར་ཀླུང་རིག་གནས་དུས་ཆེན་དང་༢༠༡༧ལོའི་ཚངས་དབྱངས་རྒྱ་མཚོའི་རིག་གནས་དུས་ཆེན་ལ་ཡིག་གཟུགས་ཕུལ་བྱུང་བྱ་དགའ་ཐོབ་ཡོད་ལ།  ༢༠༡༧ལོའི་ལྷོ་ཁ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭའི་སྐབས་དང་པོའི་ལག་རྩལ་འགྲན་ཚོགས་ནང་བོད་ཡིག་ཡིག་གཟུགས་ལ་བྱ་དགའ་རིམ་པ་ཨང་གཉིས་པ་བཅས་ཐོབ་ཡོད།

  དེ་མིན་ལས་ཞོར་དུ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དུས་དེབ༼ བོད་ལྗོངས་ཞིབ་འཇུག དང བོད་ལྗོངས་སློབ་ཆེན་དུས་དེབ ལ་སོགས་སྟེང་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་དཔྱད་རྩོམ་བཅུ་གྲངས་ལྷག་ཙམ་སྤེལ། མཚུངས་སུ་བོད་ཀྱི་དམངས་སྲོལ་དང་བོད་ཀྱི་ཡིག་གཟུགས་ལ་འབད་བརྩོན་ཆེར་བསྐྱེད་བྱེད་མུས་མཆིས།།