设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性书法展厅སློབ་རའི་འགྲེམ་སྟོན་ཁང་།校园展厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

སྐད་དང་ཡིག་གཟུགས་དར་ཚུལ་ལ་དཔྱད་པ། མུ་འགོད1

 二维码 329
发表时间:2017-01-09 14:17作者: རིག་བསྟན་གྱིས་བརྩམས།来源:བོད་ཀྱི་ཡིག་གཟུགས་དྲ་བ།


རིག་བསྟན་གྱིས་བརྩམས།

    དེ་ཡང་འཛམ་གླིང་གི་མི་རིགས་གང་འདྲ་ཞིག་ཡིན་རུང་དེའི་རྒྱལ་ཁབ་དང་མི་བཟང་ངན་སོགས་ཀྱི་དབྱེ་འབྱེད་མེད་པར་དང་པོ་མི་རིགས་དེའི་སྐད་བྱུང་བ་དང་། དེ་ནས་རིམ་གྱིས་མི་རིགས་སྐད་ཀྱི་འབྱུང་ཁུངས་ཀྱང་དེ་དང་འདྲ་མཚུངས་ཡིན། དེ་ཡང་མི་རིགས་ཤིག་ཡུན་རིང་གནས་ཐུབ་དང་མི་ཐུབ་ནི།མི་རིགས་དེའི་ཤེས་རིག་ཡུན་རིང་པོ་གནས་དང་མི་གནས་ལ་ཐུག་ཡོད།ཤེས་རིག་གི་རིན་ཐང་རྩ་བ་ནི་ཤེས་རིག་དེ་ལ་ལོ་རྒྱུས་རང་རྐང་ཐུབ་པ་ཞིག་ཡོད་དང་མེད་ལ་ཐུག་ཡོད།དེ་དག་གི་རྩ་བ་ནི་མི་རིགས་རང་ཉིད་ཀྱི་སྐད་དང་ཡི་གེ་གཉིས་ལ་རག་ལས་ཡོད་པས།བོད་ཀྱི་ཡི་གེའི་མཚན་ཉིད་ནི།མིང་ཚིག་བརྗོད་པ་ཀུན་གྱི་གཞི་གྱུར་པའི་སྐད་ཀྱི་གདངས་ལ་ཡི་གེ་ཞེས་མིང་བྱུང་།དེ་ཡང་གདངས་ཀྱི་རྣམ་པ་ཕྱི་གཟུགས་སུ་ཤར་བའི་ཡིག་གཟུགས་ཀྱི་བཤད་ཚུལ་ལ་བོད་གངས་ཅན་གྱི་ལྗོངས་སུ་བཞེད་ཚུལ་ཁག་གཉིས་ཡོད།དེའི་ཁོངས་ནས་ཐོན་མིའི་སྔོན་ལ་བོད་ཡིག་ཡོད་པར་འདོད་པ་ལྟར་ན་སྟག་གཟིག་སྤུངས་ཡིག་ཅེས་བྱ་བ་དེ་གངས་ཅན་བོད་ཀྱི་ཡི་གེ་ཐོག་མ་དེ་ཡིན་པ་དང་།སྟག་གཟུགས་སྤུངས་ཡིག་བྱུང་པའི་དུས་ནི་གཡུང་དྲུང་བོན་ཆོས་བཏོད་པའི་དུས་དང་མཚུངས་ཤིང་། སྐབས་དེར་ལྷ་བབ་ཡི་གེ  གཟི་ཡིག  སྨར་ཆེན།སྨར་ཆུང་སོགས་ཡིག་གཟུགས་མང་པོ་ཞིག་བྱུང་ཡོད་པ་དང་།ཐོན་མི་སམྦྷོ་ཊས་སྨར་ཡིག་སོགས་ལ་དཔྱད་གཞི་མཛད་དེ་ད་ལྟའི་བོད་ཡིག་འདི་བཏོད་པར་བཞེད་དོ། །

ཐོན་མིས་བོད་ཡིག་བཟོས་ཚུལ།

   བོད་ཡིག་གི་རྣམ་གཞག་ནི་སློབ་དཔོན་ཐོན་མིས་ལེགས་སྦྱར་གྱི་ཡི་གེ་དཔེར་བྱས་ནས་བཟོས་པ་ཡིན་ལ། དེ་ཡང་ལཉྩ་དཔེར་བྱས་ནས་བོད་ཀྱི་ཡི་གེ་དབུ་ཅན། ཝརྟུ་དཔེར་བྱས་ནས་བོད་ཡིག་དབུ་མེད་བཟོས་པར་གྲགས་སོ།།རྒྱ་གར་ལ་དབྱངས་བཅུ་དྲུག་དང་། གསལ་བྱེད་སོ་བཞི་ཡོད་ལ། དེ་དག་བོད་ཀྱི་ཡི་གེའི་གཟུགས་སུ་འབྲི་བའི་ཐབས་ཚུལ་སྔོན་གྱི་ལོ་ཙཱ་བ་དག་གིས་མཛད་པ་འདི་ལྟར། དབྱངས་བཅུ་དྲུག་ནི། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿརྣམས་སོ།། དེ་དག་ལས།ཨ་ཨི་ཨུ་རྀ་ལྀ་རྣམས་མིག་འཛུམ་གཅིག་གི་ཡུན་ལ་འབོད་དགོས་སྟབས་ཡི་གེ་ཐུང་ངུ་ཟེར། ཨཱ་ཨཱི་ཨཱུ་རཱྀ་ལཱྀ་ཨེ་ཨོ་རྣམས་མིག་འཛུམ་གཉིས་ཀྱི་ཡུན་ལ་འབོད་དགོས་སྟབས་ཡི་གེ་རིང་བོ་ཟེར་ཞིང་། དེའི་སྔ་མ་ལྔ་ལ་རིང་ཆ་ཅན་ཟེར། ཨཻ་ཨཽ་གཉིས་མིག་འཛུམ་གསུམ་གྱི་ཡུན་ལ་བརྗོད་དགོས་སྟབས་ཤིན་ཏུ་རིང་བོ་ཀེ་ཤ་ཅན་ཟེར། ཨཾ་ལ་སྣ་ལྡན་ནམ་རྗེས་སུ་ང་རོ་ཅན་དང་།ཨཿ་ལ་རྣམ་བཅད་ཅན་ཟེར་རོ།།

   གསལ་བྱེད་སོ་བཞི་ནི། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ།ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། ཀྵ། རྣམས་སོ།།སློབ་དཔོན་གྱིས་དེའི་ནང་ནས་འདོར་ལེན་ཇི་ལྟར་བྱས་ཚུལ་ནི། བོད་ལ་རིང་ཐུང་གི་རྣམ་བཞག་མེད་སྟབས། དབྱངས་བཅུ་དྲུག་ནང་གི་ཨཱ་ཨི་ཨཱུ་ཨཻ་ཨཽ་ཨཾ་ཨཿརྣམས་དོར། དབྱངས་དང་པོ་ཨ་ཡིག་གསལ་བྱེད་བསྣན། ལྷག་མ་ཨི་ཨུ་ཨཾ་ཨེ་ཨོ་བཞི་ལ་དབྱངས་ཡིག་གི་ངེས་པ་མཛད་པ་ཡིན། གསལ་བྱེད་སོ་བཞི་ལས་གྷ་ཛྷ་ཌྷ་དྷ་བྷ་སྟེ་མཐུག་པོ་ལྔ་དང་། ཊ་ཋ་ཌ་ཎ་སྟེ་ལོག་པ་བཞི་དང་། དྲོ་བ་ཥ་ཡིག་དང་། མཐར་ཟད་ཀྱི་ཡི་གེ་ཀྵ་སྟེ་བཅུ་གཅིག་དོར། དེའི་ལྷག་མ་གསལ་བྱེད་ཉེར་གསུམ་གྱི་ཐོག་ཏུ་དབྱངས་ནས་བླངས་པའི་ཨ་ཡིག་དང་། སྟོད་དུ་ཅ་ཆ་ཇ་གསུམ་དང་། སྨད་དུ་ཞ་ཟ་འ་གསུམ་སྟེ་ཡི་གེ་དྲུག་གསར་དུ་བསྣན་ནས་གསལ་བྱེད་ཀྱི་ཡི་གེ་གྲངས་སུམ་ཅུར་ངེས་པར་མཛད་དོ། །

   སློབ་དཔོན་ཐོན་མིས་ཅ་སོགས་ཡི་གེ་དྲུག་གསར་དུ་རྙེད་པའི་རྐྱེན་ནི།ཁོང་གིས་འཕགས་ཡུལ་གྱི་སྐད་རྣམས་བོད་དུ་བསྒྱུར་བའི་ཚེ། བོད་ཡིག་འཕགས་ཡུལ་བའི་ཡི་གེ་ལྟར་བྱས་ན་དེའི་ནང་དུ་བོད་ལ་མི་མཁོ་བ་དུ་མ་ཞིག་ཡོད་པ་དང། བོད་སྐད་ཀྱི་གདངས་རྒྱ་གར་བ་ལ་མེད་པ་དུ་མ་ཞིག་ཡོད་སྟབས།བོད་ཡིག་བཟོ་ཞིང་ལེགས་སྦྱར་བསྒྱུར་བ་བྱུང་ནས། ཁ་སྦུབ་ཏུ་གཟིམས་ཏེ་བཞུགས་པ་ན། སྔར་ཆ་མེད་པའི་མི་ཞིག་སླེབས་པར་ཁྱེད་གང་ནས་བྱོན་ཞེས་དྲིས་པར། ཞང་ཞུང་ལས་འོངས་ཟེར། གང་དུ་འགྲོ་དྲིས་པར། ཟ་འོར་དུ་འགྲོ་ཟེར། ཅི་བྱེད་དུ་འགྲོ་དྲིས་པས། ཇ་ཉོ་རུ་འགྲོ་ཟེར། ནམ་འོངས་དྲིས་པས། ཅི་ཆ་ཟེར་བའི་ཚིག་ཟུར་ལ་བརྟགས་ཏེ། ཞང་ཞུང་ནས་འོངས་ཞེས་པའི་ཚིག་ཟུར་ལས་ཞ་ཡིག་རྙེད། ཟ་འོར་དུ་འགྲོ་ཞེས་པའི་ཚིག་ཟུར་ལས་ཟ་ཡིག་དང་འ་ཡིག་གཉིས་རྙེད། ཇ་ཉོ་རུ་འགྲོ་ཞེས་པའི་ཚིག་ཟུར་ལས་ཇ་ཡིག་རྙེད། ཅི་ཆ་ཞེས་པའི་ཚིག་ཟུར་ལས་ཅ་ཡིག་དང་ཆ་ཡིག་གཉིས་རྙེད་དེ། ཡི་གེ་དྲུག་འཕགས་ཡུལ་བའི་སྐད་གདངས་ལ་མེད་མོད། བོད་སྐད་ལ་མེད་དུ་མི་རུང་བར་དགོངས་ནས་དེ་དྲུག་གསར་དུ་བསྣན་པར་གྲགས་སོ། །

ཐོན་མིས་བོད་ཡིག་བཟོ་བཅོས་མཛད་པ་ལ་དཔྱད་པ།

   དེ་ཡང་ཐོན་མིས་བོད་ཀྱི་བརྡ་སྤྲོད་དང་མཐུན་པའི་བོད་ཡིག་ལ་བཅོས་སྒྱུར་མཛད་ཚུལ་ཁག་ཅིག་གི་དཔེར་བརྗོད་རྣམས་གཤམ་གསལ། གྲངས་ཚིག་མིང་གི་རྗེས་སུ་འབྱུང་བ་དཔེར་ན། བོད་སྐད་དུ། ཟླ་བ་བཅུ་གཉིས་ཞེས་པར་ཞང་ཞུང་སྐད་དུ། ཟླ་རི་ཅུ་ནིས། ཞེས་མཚུངས་པར་འབྱུང་བ་དང་། ཞང་སྐད་དུ། ཏོ་ནོ་རོ་ཤོ་སོ་སོགས་ཚིག་ཕྲད་མང་ཙམ་ཡོད་དེ་དག་བོད་སྐད་དུ། པ་བ་པོ་སོགས་ཉུང་ཙམགྱིས་མཚོན་པ་དཔེར་ན། ཁང་པ་ལ་སིར་ཏོ། ཞེས་པ་དང། ཆུ་བོ་ལ་ཏིང་ཤོ། ཞེས་པ་ལྟར་དང་། ཞང་སྐད་དུ་འབྲེལ་སྒྲའི་ཕྲད་དུ།གི་གྱི་ཀྱི་ཅི་འི་ཡི་ཏི་ནི་པི་བི་ཙི་རི་སི་རྣམས་ཡོད་ལ། བོད་སྐད་དུ། གི་གྱི་ཀྱི་འི་ཡི་ལྔས་མཚོན་པ་དང་། ཞང་སྐད་དུ་ལ་དོན་གྱི་ཕྲད་དུ། གུ་ཅུ་ད་དུ་ཏུ་ཏུར་ཨུ་སུར་སོགས་མང་པོ་ཞིག་ཡོད་པ་དེ་དག་བོད་སྐད་དུ། སུ་ར་རུ་དུ་ཏུ་ལྔས་མཚོན་པ་དང། ཞང་སྐད་དུ། ན་ལ་ལུ་ལི་སོགས་ཡོད་པ་བོད་སྐད་དུ། ན་ལ་གཉིས་ཀྱིས་མཚོན་པ་འདི་རིགས་ཞིབ་ཏུ་དཔྱད་འོས་ཤིན་ཏུ་མང་ཡང་མདོར་ན་ཐུ་མིས་བོད་ཀྱི་བརྡ་སྤྲོད་རིག་པ་དང་། མགོ་འདོགས་དང་སྔོན་འཇུག་རྗེས་འཇུག་བཅས་ཆ་ཚང་བ་ཞིག་གཏན་འབེབས་མཛད་ཡོད། ཐུ་མིས་བོད་ཡིག་གི་དཔེ་ལེན་ས་དངོས་དེ་བོད་ཀྱི་སྲིད་པའི་ཡིག་རྒན་ནམ་ཞང་ཞུང་ཡིག་རྒན་ཞེས་པ་དེ་ཡིན། དེའི་དཔེ་རིས་ནི་མཇུག་ཏུ་གསལ་ལོ། །

མུ་འགོད།