设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性书法展厅སློབ་རའི་འགྲེམ་སྟོན་ཁང་།校园展厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

༄༅།།ལི་ཁམ་འཛར་གསུམ་སྐོར་གྱི་གཏམ་གླེང་།

 二维码 152
发表时间:2015-03-18 04:26作者:འཇའ་སྦྲིན་ཅན་གྱི་ལྷ་ལམ།来源:སྐད་འཕྲིན་ཡིག་གཟུགས་གླེང་མོལ།

          འཇའ་སྤྲིན་ཅན་གྱི་ལྷ་ལམ། 10:36
           ༄༅། །ལི་ཁམ་འཛར་གསུམ་ནི། གམ་དང་ཁམ་གཉིས་སྔར་གདམ་ང་ཡིན་པ་འདྲ། འཛར་ལ་འཛག་ཀྱང་འབྲི། ལི་ནི་མཛུབ་མོས་གཡས་བསྒྱུར་གཡོན་བསྒྱུར་བྱས་པ་ལས་ཐོན་པའི་ཉམས་དང་། ཁམ་ཞེས་སྨྱུག་ཁ་གཏོད་ལེགས་པ་ལས་སྨྱུག་ཁམ་བཙུགས་མ་ཐག་ཏུ་ཐོན་པའི་སྔ་ཟུར་ཕྱི་ཟུར་གྱི་ཉམས། འཛག་གམ་འཛར་ཞེས་ཡིག་འབྲུ་བྲིས་ཟིན་ལ་ཁད་ཀྱི་མཐེབ་སྐྱུར་ལས་ཐོན་པའི་ཉམས་ལ་ཟེར་བ་སྟེ། ཡིག་གཟུགས་ཀྱི་ཉམས་སྣ་ཚོགས་འདུས་པའི་མིང་ཡིན་པར་བདག་(འདིར་བདག་ནི་འཇའ་སྦྲིན་ཅན་གྱི་ལྷ་ལམ་ཡིན།)གི་བཤེས་གཉེན་བྲིས་ཆེན་༧འཕྲིན་ལས་དཔལ་འབྱོར་གྱིས་གསུངསོ། །གཞན་ཡང་ཉམས་ལ་ཤ རུས། བཤོན། འཇམ་སོགས་ཀྱི་གསུང་ཚུལ་མཆིས་སོ། །

       བླ་སྲོག 10:40
      ལགས་སོ། །ཤ  རུས། བཤོན། འཇམ་སོགས་ལ་ཇི་ལྟར་གསུངས་བཞིན་ཡོད་དམ། ཁ་གསལ་གྱིས་གསུངས་རོགས།

       འཇའ་སྤྲིན་ཅན་གྱི་ལྷ་ལམ། 10:50
       ༄༅།།ལན་ཞུ།   ཐོག་མར་སྨྱུག་ཁའི་ཕྲ་སྦོམ་བསྒྱུར་ཚུལ་ལ་མ་ལྟོས་པར་ཐིག་སྟེང་ཡི་གེའི་ཁོག་དབུབས་ཚུལ་ཙམ་དོན་དུ་གཉེར་བ་ལ་ཐིག་ལ་རུས་ཉམས་འདོན་པ་ཟེར། དེ་ནས་རུས་ལས་གང་གི་ཆ་སྦོམ་པ་དང་། གང་ཞིག་ཕྲ་བར་འབྲི་ཚུལ་གཉེར་བ་རུས་ལ་ཤ་ཉམས་འདོན་པ་ཟེར། མཐར་ཡི་གེའི་མགོ་སྐེ་སོགས་གང་ཐད་ཀྱི་ཉམས་འདོན་ཚུལ་ཚད་ལྡན་བྲིས་དཔེ་ལྟར་དོན་དུ་གཉེར་བར་ཤ་ལ་མཛེས་ཉམས་འདོན་པ་ཞེས་བརྗོད་དོ། །

                                                                               

   དུས་ཐོག་བགྲོ་གླེང་གདམ་བཀོད།