ཡིག་གཟུགས་ལས་སྟེགས་སོ་སོའི་གཙོ་འགན་རྣམ་ལ་ཞུ་མཆིད་དུ་ཕུལ་བ།
2016-11-24 12:14浏览数:153 

སྐད་འཕྲིན་ཚོགས་གཙོ་རྣམ་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་ཏུ་ཞུ་རྒྱུར།

སྐད་འཕྲིན་གྱི་མྱུར་མགྱོགས་རང་བཞིན་དང་དྲ་ཚིགས་ཀྱི་གཏན་འཇགས་རང་བཞིན་གྱི་ངོས་ཐད་ནས་ངེད་བོད་ཀྱི་ཡིག་གཟུགས་དྲ་བས་སྐད་འཕྲིན་ལས་སྟེགས་ཀྱི་གཏན་འཇགས་རང་བཞིན་འཛུགས་སྐྲུན་ལ་རྒྱབ་སྐྱོར་གཏོང་ཆེད་དམ།  བོད་ཀྱི་ཡིག་གཟུགས་གསར་སློབ་པ་དང་རྒྱ་ཆེའི་སློབ་མ་རྣམ་ལ་ཡུན་རིང་ལྟ་ཀློག་ཐུབ་ཆེད།བོད་ཀྱི་ཡིག་གཟུགས་དྲ་ཚིགས་ནས་སྐད་འཕྲིན་ནམ་མི་སྒེར་གྱི་མི་འདྲ་བ་སྣ་ཚོགས་ལ་རང་རང་སོ་སོའི་མཐུད་སྣེ་ཞིག་སྐད་འཕྲིན་ཡིག་གཟུགས་མཐོང་བ་ཀུན་སྨོན།微信书法大观ཞེས་པའི་ལེ་ཚན་ཞིག་ལ་གཅིག་བསྡུས་བྱས་ནས་སྔར་བཀོད་ཟིན་པའི་ནང་དོན་སོ་སོ་ཡུན་རིང་བསྐྱར་ཀློག་ཐུབ་པའི་མཐུན་རྐྱེན་ཞིག་བཟོ་རྒྱུ་ཡིན་པས།དྲ་བདག་སོ་སོས་རང་གི་སྐད་འཕྲིན་ནམ། ལས་སྟེགས་གཞན་པའི་གཙོ་འགན་རྣམ་པས་བརྡ་འདི་འབྱོར་མ་ཐག་ལས་གཞི་འདིར་མོས་མཐུན་ཡོད་ན་རང་གི་ལས་སྟེགས་མཚོན་པའི་པར་རིས་རེ་ངེད་དྲ་བར་སྐུར་རོགས་གནང་།  ངེད་དྲ་བས་པར་རིས་དེ་འབྱོར་ཉིན་ནས་བཟུང་ལས་སྟེགས་དེ་བོད་ཀྱི་ཡིག་གཟུགས་དྲ་བའི་སྐད་འཕྲིན་ལས་སྟེགས་མཐོང་བ་ཀུན་སྨོན་ལེ་ཚན་ལ་བཀོད་སྒྲིག་བྱེད་པར་ཡིད་འཐད་བྱུང་བ་མཚོན་པ་ཡིན་པས།ཁྱེད་ཅག་གི་ལས་སྟེགས་ནས་ཐོན་པའི་ཕུལ་བྱུང་ནང་དོན་དག་གདམ་ནས་བཀོད་སྒྲིག་བྱ་རྒྱུ་ཡིན།དཔེར་ན་   http://zgzzsfw.com/h-col-119.html  ལྟ་བུ་ཡིན།


会员登录
登录
我的资料
留言
回到顶部